སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྙུག་ཁར་བརྡོལ་བའི་འཁྲེང་སེམས། གངས་ལྗོངས་གཏམ་དུ་བྱ་བའི་རྩོམ་པ་མོ་དེ་དག
སྤེལ་དུས། 2014-07-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་ཤིས་ཀྱིས་བསྒྱུར།

རྩོམ་སྒྲིག་པའི་གཏམ།  དེང་རབས་བོད་ལྗོངས་ཀྱི་རྩོམ་རིག་སྨྲ་བའི་སྡེར།  སྐྱེས་མའི་མཐོང་སྣེ་བརྒྱུད་དེ་བོད་ལྗོངས་ཀྱི་དམངས་སྲོལ་དང་ལོ་རྒྱུས།  རིག་གནས།  དངོས་ཡོད་མི་ཚེ་སོགས་བརྩེ་གདུང་དང་འཁྲེང་སེམས་དང་བཅས་བྲིས་དང་འབྲི་བཞིན་པའི་རྩོམ་པ་མོ་འགའ་ཤས་ཤིག་ཡོད་ཅིང་།  ཁོ་མོ་ཚོས་ཕུལ་བྱུང་གི་བརྩམས་ཆོས་མང་པོ་རྩོམ་པར་བྱས་པས།  བོད་ལྗོངས་ཀྱི་རྩོམ་རིག་གི་སྡེར་གོ་གནས་གལ་ཆེན་ཟིན་ཡོད།  འདིར་ཀྲུང་གོ་བོད་ལྗོངས་དྲ་བའི་རྩོམ་སྒྲིག་པས་ཁྱེད་རང་རྩོམ་པ་མོ་དེ་དག་གི་རྩོམ་རིག་གི་འཇིག་རྟེན་ཏུ་ཁྲིད་དེ་ཁོ་མོ་ཚོའི་མཐོང་སྣང་ཁྲོད་ཀྱི་བོད་དང་བོད་ཀྱི་རིག་གནས་ལ་བལྟ་བར་བྱའོ༎

                                          

                                                                                                                                          མཱ་མི་ཧྭ།

                                                       

                                      《བོད་ལྗོངས་སུ་བསྐྱོད་པམཱ་ལི་ཧྭ་ཡི་ཚབ་བྱེད་བརྩམས་ཆོས་ཤིག

མཱ་ལི་ཧྭ་ན་རེ།  "བོད་ཡུལ་དུ་བསྐྱོད་པ་དང་དུས་མཉམ་རྩོམ་རིག་གི་མི་ཚེའང་མགོ་བརྩམས།"

མཱ་ལི་ཧྭ།  རྒྱ་རིགས།  ཧྲན་ཏུང་ཅི་ནན་གྱི་མི་ཡིན།  སྤྱི་ལོ༡༩༧༦ལོར།  མཱ་ལི་ཧྭ་ཧྲན་ཏུང་ལིན་ཞི་དགེ་འོས་ཆེད་སྦྱོང་སློབ་ཆེན་གྱི་རྒྱ་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས།  བོད་ལྗོངས་སུ་ཆས་ཤིང་།  བོད་ལྗོངས་ཀྱི་རྩོམ་རིག》(རྒྱ་ཡིག)གི་རྩོམ་སྒྲིག་པ་དང་བོད་ལྗོངས་ཀྱི་རྩོམ་རིག་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་གཞོན་པ།  བོད་ལྗོངས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར།  ༢༠༠༣ལོར་པེ་ཅིང་དུ་ལས་གནས་སྤོར་ཏེ་ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་འཁུར་མུས་སུ་ཡོད་ཅིང་།  ཚབ་བྱེད་བརྩམས་ཆོས་ལབོད་ལྗོངས་སུ་བསྐྱོད་པདངཡིད་བཞིན་ས་མཐོ》《བོད་ལྗོངས་ཀྱི་རིག་གནས་དཔེ་ཚོགས》《བོད་ལྗོངས་ཀྱི་རིག་གནས་ལོ་རྒྱུས་ཀྱི་གཏམ་རྒྱུད་ཁྲིད་བཅོ་ལྔ་བསོགས་ཡོད། 

མཱ་ལི་ཧྭ་ཡིས།  "གུས་མོའི་རྩོམ་རིག་གི་མི་ཚེ་ནི་དོན་དམ་དུ་བོད་ཡུལ་དུ་བསྐྱོད་པ་དང་དུས་མཉམ་དུ་མགོ་བརྩམས་པ་ཡིན་ཏེ།  སྐབས་དེར་སྤྲོ་སེམས་ཁོ་ནས་རྐྱེན་བྱས་ཏེ་བོད་ཡུལ་དུ་ཆས་པ་ཡིན།   དེར་ཐོན་དུས།  ང་རང་མ་གཞི་ནས་ཡུལ་དེར་གཏོགས་པའི་སྣང་བ་ཞིག་སྐྱེས་བྱུང་།"ཟེར།    བོད་ཡུལ་དུ་བསྡད་པའི་ལོ༢༧གྱི་རིང་ལ།  ཁོ་མོ་བོད་ལྗོངས་ཀྱི་ཡུལ་ཕྱོགས་སོ་སོར་ཆས་ཤིང་།  སྙན་ངག་དང་ལྷུག་རྩོམ།  དཔྱད་རྩོམ།  སྒྲུང་རིང་སོགས་ཁྱོན་བསྡོམས་དེབ་༡༨བརྩམས་འདུག་ཅིང་།  དེ་དག་ལསབྱང་ཐང་ཉུལ་བའི་ཟིན་ཐོདངམངའ་རིས་སུ་བསྐྱོད་པ》《རྣམ་ཤེས་ནི་རླུང་བུ་བཞིན》《བོད་ཤར་ཕྱོགས་ཀྱི་འཕྲང་དམརབཅས་ནི་བགྲང་བྱ་བཅུ་སྐོར་གཉིས་གསུམ་ཙམ་གྱི་རིང་གི་གནས་ཚུལ་ཡིན་ལ།  འཛམ་གླིང་གི་ས་མཐོ་འདིའི་སྟེང་གི་ཚབ་མཚོན་རང་བཞིན་ལྡན་པའི་རང་བྱུང་དང་རིག་གནས་ཀྱི་སྣང་ཚུལ་འགའ་ཤས་ལ་ཁྱབ་ཁོངས་ཡངས་ཤིང་གཏིང་ཟབ་པའི་འགྲེམས་སྟོན་ཅིག་བྱས་ཡོད།  ནང་སྒོས་སྔ་མ་དེ་གསུམ་ཕྱོགས་གཅིག་ཏུ་བསྡུས་པའི་དེབབོད་ཡུལ་དུ་བསྐྱོད་པཞེས་པ་དེར་དཔྱད་བརྗོད་པའི་སྡེ་ཡིས"ཀྲུང་གོའི་དེང་རབས་ཀྱི་རྩོམ་སྟེགས་སུ་ཤིན་ཏུ་དཀོན་པདང"རྩོམ་རིག་དང་མིའི་རིགས་རིག་པའི་བར་ལ་ཟམ་པ་ཞིག་བཙུགས"འདུག་པ་སོགས་པའི་གདེངས་འཇོག་བྱས་པས་སྙན་གྲགས་ཤིན་ཏུ་རྒྱས་ཏེ"བོད་ཀྱི་མཱ་ལི་ཧྭ"ཐོགས་ཤིང་།  བརྩམས་ཆོས་དེས་ཁོ་མོར་རྩོམ་པ་པོ་དང་མིའི་རིགས་རིག་པའི་བྱ་བ་གཉེར་མཁན་གཉིས་ཀའི་མིང་ཐོགས། 

          ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་གཉེར་ལྷག་པ་ཕུན་ཚོགས་ཀྱིས་མཱ་ལི་ཧྭ་ཡི་བརྩམས་ཆོས་ནི"ལོ་རྒྱུས་རིག་པའི་རྒྱབ་ལྗོངས་དང་བོད་རིག་པའི་རྨང་གཞི་ཅན་གྱི་ལེགས་རྩོམ་འབའ་ཞིག་རེད"ཞེས་བསྟོད་བསྔགས་བྱས་ཡོད།  མཱ་ལི་ཧྭ་ཡི་བརྩམས་ཆོས་ཀྱི་རིན་ཐང་ནི།  ཁོ་མོས་གངས་ཅན་བོད་ཀྱི་རིག་གནས་ཀྱི་འགྲེམས་སྟོན་ཙམ་མིན་པར།  ས་གནས་ཀྱི་ཁྱད་ཆོས་དང་འཚོ་བའི་གོམས་སྲོལ།  ཁ་དཔེ།  ལྷ་སྒྲུང་དང་ངག་རྒྱུན།  རང་བྱུང་ཁོར་ཡུག་སོགས་བློ་ཞིབ་མོས་ཞིབ་འབྲི་བྱས་ཡོད་ལ།  དེ་བས་ཀྱང་སྣང་ཚུལ་འདི་དག་གི་རྒྱབ་རོལ་གྱི་རིག་གནས་སྙིང་སྟོབས་མངོན་པར་བྱས་པ་ལས་ཐོན་པ་ཡིན།  ཁོ་མོས་བཤད་རྒྱུར།  "ནང་བསྟན་གྱིས་ལས་ཞེས་པ་གཙིགས་འཛིན་བྱེད།  གུས་མོ་དང་བོད་ལྗོངས་བར་ལ་ཧ་ལམ་སྐྱེ་བ་སྔ་མའི་ལས་ཤིག་འདུག་ཏེ།  བོད་ལྗོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་བརྒྱ་དང་ཉི་ཤུའི་ས་ཁྱོན་ཡོངས་ལ་ཁོ་མོས་རྐང་རྗེས་བཀོད་ཡོད"ཟེར་རོ༎

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070