སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་སྔོན་ཞིང་ཆེན་དུ་སླར་ཡང་དམངས་སྤྱོད་གནམ་ཐང་གཅིག་བསྐྲུན་རྒྱུ་ཡིན་པ།
སྤེལ་དུས། 2016-04-27   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  སྐལ་བཟང་གྲགས་པ།
  གསར་འགོད་པས་ནུབ་རྒྱུད་གནམ་ཐང་ཚོགས་པ་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་དུ་གནམ་ཐང་སྐྲུན་ཡུལ་འདེམས་པ་དང་རྩད་ཞིབ་བྱས་པ་དེ་ཐོག་ནས་ལོ་5ནང་མཚོ་སྔོན་དུ་སླར་ཡང་དམངས་སྤྱོད་གནམ་ཐང་གཅིག་བསྐྲུན་རྒྱུ་ཡིན་པ་མཚོན་ཡོད།
  ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གནམ་ཐང་འཛུགས་སྐྲུན་ཚོགས་པ་དང་ནུབ་བྱང་དམངས་སྤྱོད་མཁའ་འགྲུལ་མཁའ་ལམ་དོ་དམ་སྒྲིག་བཀོད་ལག་རྩལ་ལས་གྲྭ་ཚད་ཡོད་ཀུང་སི་སོགས་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་གྱིས་གཅིག་སྒྲིལ་རྫོང་གི་ལུང་བཟང་སོགས་སྔོན་ཚུད་འདེམས་ཁུལ་གསུམ་ལ་ས་ཆ་དངོས་ཀྱི་རྩད་ཞིབ་བྱས་པ་དང་དུས་མཚུངས། གནམ་གྲུའི་བྱེད་ནུས་དབྱེ་ཞིབ་རིགས་གཅིག་མཁས་ཅན་སྔོན་ཚུད་ནས་ཡོང་སྟེ་རྗེས་ཀྱི་འཕུར་སྐྱོད་བརྒྱུད་རིམ་ཇུས་འགོད་ཀྱི་ཚན་རིག་རང་བཞིན་ལེགས་སུ་གཏོང་གང་ཐུབ་བྱས་ཡོད་པ་རེད།
  ནུབ་རྒྱུད་གནམ་ཐང་ཚོགས་པ་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སིའི་ལས་དོན་པ་མོང་ཅུན་གྱིས་གསར་འགོད་པར། ད་ཐེངས་ཀྱི་སྐོར་སྐྱོད་རྩད་ཞིབ་ལ་གཅིག་སྒྲིལ་རྫོང་གི་ས་གཤིས་དང་། ཆུ་དཔྱད། གནམ་གཤིས་སོགས་ཀྱི་གྲངས་གཞི་འབོར་ཆེན་ཐོབ་པ་དེ་རྨང་གཞིར་བྱས་ནས་འདི་ལོ་གཅིག་སྒྲིལ་གནམ་ཐང་གི་མཐའ་མའི་གནས་ཡུལ་བདམས་ནས་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་ཤོད་ཀྱི་འདུག
  གཅིག་སྒྲིལ་རྫོང་དེ་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཀྱི་ས་མཚམས་སུ་གནས་པ་དེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཀྱི་ལྟེ་བའི་ཁུལ་དུ་ཆགས་པ་དང་། ས་ཁོངས་སུ་གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་དཔལ་ལུང་དར་ཐང་མདོ་སྔགས་བཤད་སྒྲུབ་གླིང་སོགས་མཛེས་ལྗོངས་ཁུལ་ཡོད་པ་རེད། “གཅིག་སྒྲིལ་གནམ་ཐང་བསྐྲུན་ཟིན་རྗེས་བོད་རིགས་ས་ཁུལ་བསྐོར་བའི་ཡུལ་སྐོར་མཁའ་ལམ་ཐོག་གི་ལྷུ་ཚིགས་གལ་ཆེན་ཞིག་ཆགས་རྒྱུ་རེད་ལ། ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་ལའང་གསོན་ཤུགས་སྣོན་ཐུབ་རྒྱུ་རེད”ཅེས་མོང་ཅུན་གྱིས་བཤད་བྱུང་།
  འཆར་འགོད་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་གནམ་ཐང་དང་མདོ་ལ་གནམ་ཐང་གི་རྗེས་མཐུད་ལས་གྲྭ་སོགས་ཀྱང་གཅིག་མཇུག་གཉིས་མཐུད་ངང་བེད་སྤྱོད་གཏོང་འགོ་འཛུགས་རྒྱུ་ཡིན་ཞིང་། སྐབས་དེར། ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་མཚོ་སྔོན་གྱི་ཀྲོའུ་ཁག་ནས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་བར་གྱི་ལམ་ཐག་ཆུ་ཚོད་གཉིས་ནང་ཚུན་དུ་ཐུང་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070