སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧུའུ་པེའི“སྐལ་བཟང་མེ་ཏོག”སློབ་སྐྱོར་ཚོགས་པ་ཁག་གསུམ་པ་བོད་དུ་བསྐྱོད་པ།
སྤེལ་དུས། 2016-04-28   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཉི་ཆོས།
  ཉེ་ཆར། ཧུའུ་པེའི“སྐལ་བཟང་མེ་ཏོག”སློབ་སྐྱོར་ཚོགས་པ་ཁག་གསུམ་པའི་རྡོག་ཐོན་མཛད་སྒོ་དེ་ཤང་དབྱང་གྲོང་ཁྱེར་ཧུའུ་པེའི་རིག་གཞུང་དང་རང་བྱུང་ཚན་རིག་སློབ་གླིང་དུ་འཚོགས་པ་རེད།
  ཁ་གཏད་རོགས་སྐྱོར་བྱ་ཡུལ་ཡིན་པའི་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་གི་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་ནས་དགེ་རྒན་གྱི་དཔུང་ཁག་སྟོབས་ཤུགས་ཆེ་རུ་གཏོང་རོགས་བྱ་ཆེད། ཧུའུ་པེ་ཞིང་ཆེན་དང་ཤང་དབྱང་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག 2014ལོ་ནས་བཟུང་ཧུའུ་པེ་རིག་གཞུང་དང་རང་བྱུང་ཚན་རིག་སློབ་གླིང་གིས་སྔ་རྗེས་སུ་སློབ་སྐྱོར་ཚོགས་པ་ཁག་གསུམ་གྱི་ཁོངས་མི་16བོད་དུ་བཏང་ཡོད།
  ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་སློབ་སྐྱོར་ཚོགས་པའི་ཁོངས་མི་ནི་ཧུའུ་པེའི་རིག་གཞུང་དང་རང་བྱུང་ཚན་རིག་སློབ་གླིང་གི་ཕྱིའི་སྐད་ཡིག་དང་མཛེས་རིས་སོགས་སློབ་གླིང་དྲུག་གི་ལོ་རིམ་གཉིས་པའི་ཕུལ་བྱུང་སློབ་མ་6ལས་གྲུབ་ཅིང་། བོད་ཀྱི་འཕྱོངས་རྒྱས་རྫོང་དུ་དུས་ཡུན་ཟླ་བ་དྲུག་གི་སློབ་སྐྱོར་བྱེད་སྒོ་སྤེལ་རྒྱུའི་ནང་། རྒྱ་ཡིག་དང་། ཨང་རྩིས། དབྱིན་སྐད། དངོས་ཁམས། ལུས་རྩལ། མཛེས་རིས་སོགས་ཀྱི་སློབ་ཚན་འཁྲིད་རྒྱུ་ཚུད་ཡོད་པ་རེད།
  ལོ་ཤས་ནང་། ཧུའུ་པེའི“སྐལ་བཟང་མེ་ཏོག”སློབ་སྐྱོར་ཚོགས་པའི་རོགས་རམ་འོག བོད་ཀྱི་འཕྱོངས་རྒྱས་རྫོང་སློབ་འབྲིང་གི་སློབ་གསོའི་སྤུས་ཚད་མངོན་གསལ་གྱིས་ཡག་ཏུ་ཕྱིན་ཞིང་། 2014ལོར་སློབ་གྲྭ་དེའི་འབྲིང་རིམ་ཆེད་ལས་རྒྱུགས་སྤྲོད་ཀྱི་སྦྱངས་འབྲས་ལྷོ་ཁ་ས་ཁུལ་ཡོངས་ཀྱི་སློབ་འབྲིང་12ཁོངས་ཀྱི་ཨང་10པ་ནས་3པར་སླེབས་ཏེ། ནང་སའི་བོད་ལྗོངས་འཛིན་གྲྭར་ཚུད་པའི་སློབ་ཕྲུག་2013ལོར་མི་གཅིག་ནས་10བར་མང་དུ་སོང་བ་དང་། 2015ལོར་སློབ་གྲྭ་དེའི་འབྲིང་རིམ་ཆེད་ལས་རྒྱུགས་སྤྲོད་སྦྱངས་འབྲས་དེ་ལྷོ་ཁ་ས་ཁུལ་གྱི་ཨང་གསུམ་པ་ནས་དང་པོར་སླེབས་ཏེ། ནང་སའི་བོད་ལྗོངས་འཛིན་གྲྭར་ཚུད་པའི་སློབ་མ་10ནས་28བར་མང་དུ་སོང་ཡོད། ལོ་འགའི་ནང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཧུའུ་པེའི“སྐལ་བཟང་མེ་ཏོག”སློབ་སྐྱོར་ཚོགས་པར་ས་གནས་ཏང་ཨུད་དང་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ་ལ། དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ནས་ཧུའུ་པེའི་བོད་སྐྱོར་ལས་དོན་གྱི་སྤུས་རྟགས་ཤིག་ཏུ་གྱུར་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070