སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སི་ཁྲོན་གློག་འཕྲིན་གྱིས་བོད་ཁུལ་གྱི་ལུང་ཀྱོག་ཁག་ལ་འོད་ཐག་དྲ་བས་ཁྱབ་པར་བྱས་པ།
སྤེལ་དུས། 2016-04-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  དབང་མོ།

  སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་ཕྱོགས་སུ་ཡོད་ཅིང་། རི་མཐོ་ལུང་གཟར་གྱིས་གང་ལ། ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ་མ་ཟད་རང་བྱུང་གི་གནོད་པའང་དུས་ངེས་མེད་དུ་འབྱུང་བཞིན་ཡོད། དེའི་དབང་གིས་ལས་རིགས་སྣ་ཚོགས་དྲ་བར་འབྲེལ་བའི་དུས་རབས་འདི་འདྲ་ལ་རྔ་བ་ཁུལ་དུ་ད་དུང་ས་ཆ་ལུང་ཀྱོག་ཆ་འཕྲིན་མི་དར་ས་མང་པོ་ལུས་ཡོད། ལུང་ཀྱོག་འདི་དག་ནི་གཞུང་ལམ་རྒྱུད་དང་བར་ཐག་རིང་ཞིང་རི་གཟར་གྱི་ཕུག་གམ་ཐང་ཡངས་བོའི་དཀྱིལ་དུ་གྲམ་ཡོད་པས། འཕྲིན་གཏོང་གི་མ་ལག་འཛུགས་དགོས་ན་སྒོར་ས་ཡ་འགའ་རེའི་འགྲོ་སོང་ཡོད་པ་དང་། བཙུགས་རྗེས་སྤྱོད་མཁན་ཉུང་བ་དང་ཉམས་གསོའི་འགྲོ་གྲོན་ཆེ་བ་སོགས་ཀྱི་དབང་གིས་འཕྲིན་སྤྲོད་ཁེ་གཉེར་བ་དག་གི་ཁེ་གཉེར་གྱི་རེ་བ་འགྲུབ་ཐབས་མེད་པ་ཆགས་ཡོད།
  འདི་ལ་དམིགས་ཏེ་སི་ཁྲོན་གློག་འཕྲིན་རྔ་བའི་ཡན་ལག་ཀུང་སིས་ནང་ཁུལ་གྱི་ཐོན་ཁུངས་མང་པོ་ཟླ་བསྒྲིལ་ནས་ཞང་གྲོང་གི་ཡངས་དྲ་འཛུགས་པའི་རྣམ་པ་ཆེན་པོ་གསུམ་སྤེལ་ནས་ཆ་འཕྲིན་མི་དར་ས་རུ་དྲ་བས་ཁྱབ་པར་བྱས་ཡོད། འདིས་ས་གནས་སྲིད་གཞུང་གི་ཡངས་དྲའི་ཞང་གྲོང་འཛུགས་པ་ཞེས་པའི་ལས་འགན་འགྲུབ་རོགས་བྱས་པ་མ་ཟད་འཛུག་སྐྲུན་གྱི་མ་རྩའང་ཆེས་ཆེར་བསྲི་ཡོད།
  སྦྲེལ་འཕྲིན་དང་མཉམ་འབྲེལ་གྱིས་མཉམ་འཛུགས་མཉམ་སྤྱོད་བྱས་པ།
  རྔ་བའི་གློག་འཕྲིན་དང་རྔ་བའི་སྦྲེལ་འཕྲིན་མཉམ་འབྲེལ་བྱས་ནས་ཀུང་སི་གཉིས་ཀའི་དྲ་བས་མ་ཁེབས་པའི་ཁུལ་ལ་གནད་ཆེ་ཆུང་གི་རིམ་པ་བཞིན་ཕྱོགས་གཉིས་ཀ་མཉམ་ལས་གཉིས་ཕན་ཡོང་བའི་རྩ་དོན་གཞིར་བཟུང་ནས་ཞང་གྲོང་གི་དྲ་བ་མཉམ་འཛུགས་མཉམ་སྐྲུན་གྱི་ལས་གཞི་སྤེལ་ཡོད། རྔ་བ་རྫོང་གི་ཆོས་རྗེ་མ་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་འབྲེལ་མཚམས་སུ་ཡོད་ཅིང་། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ572ཡོད་མོད། མི་གྲངས2000ལས་མེད་པ་མ་ཟད་ཞང་འདི་ནས་གཅིག་སྒྲིལ་རྫོང་བར་ལ་མཚོ་ངོས་ལས་མཐོ་ཚད་རྨིད་བཞི་སྟོང་བརྒལ་བའི་རི་བོ་གསུམ་གྱིས་བཅད་ཡོད། དེའི་ཕྱིར་ཆོས་རྗེ་མ་ནི་སྔར་ནས་རྔ་བ་རྫོང་གི་འགྲིམ་འགྲུལ་དང་ཆ་འཕྲིན་ཆེས་མི་དར་ས་ཡིན། 2016ལོའི་ཟླ་དང་པོར་རྔ་བའི་གློག་འཕྲིན་དང་རྔ་བའི་སྦྲེལ་འཕྲིན་མཉམ་འབྲེལ་བྱས་ནས་སྤྱི་ལེ87ཡོད་པའི་འོད་ཐག་འཐེན་ཡོད། ལས་གཞི་འདིར་རྔ་བའི་གློག་འཕྲིན་གྱིས་མ་དངུལ་སྒོར་ཁྲི97བཏང་བ་དང་། འཛུགས་སྐྲུན་མ་དངུལ་སྒོར་ས་ཡ་གཉིས་ལྷག་གྲོན་ཆུང་ཐུབ་ཡོད་ལ་ཞང་དེའི་སྲིད་གཞུང་དང་བྱ་སྐོར་མ་སྡེ་བའི་བརྡ་འཕྲིན་དགོས་མཁོ་བསྐངས་ཡོད།
གཉན་པོ་གཡུ་རྩེ་ནི་རྔ་བ་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ་མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་ས་མཚམས་སུ་ཡོད། སྤྱི་ལོ2015ལོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་གོ་རིམ་ཇེ་མགྱོགས་སུ་བཏང་པ་དང་བསྟུན་ཆ་འཕྲིན་དྲ་བ་ཡང་དགོས་གཏུག་ཆེ་བར་གྱུར་བས་གློག་འཕྲིན་དང་སྦྲེལ་འཕྲིན་ཡང་བསྐྱར་མཉམ་འབྲེལ་བྱས་ནས་འཕྲིན་གཏོང་གི་སྐུད་ལམ་སྤྱི་ལེ24བསྐྲུན་པ་རེད། ཐེངས་འདིར་གློག་འཕྲིན་གྱིས་མ་དངུལ་སྒོར་ཁྲི24བཏང་ཡོད་ཅིང་། སྤྱི་ལེ་རེ་ལས་སྒོར་ཁྲི2.4གྲོན་ཆུང་བྱས་པས། རྔ་བ་ཁུལ་གྱི་ས་མཐོ་དང་གྲང་འཁྱག་གི་ཁུལ་དུ་བརྡ་འཕྲིན་འཛུགས་སྐྲུན་ལ་མ་དངུལ་བཏང་བ་ཆེས་དམའ་ཤོས་ཆགས་ཡོད།
  སྤུན་ཟླ་སེམས་མཐུན་གྱིས་ཕན་ཚུན་རོགས་རམས་བྱས་པ།
  གཟི་ཚ་རྫོང་གི་ཡུང་ཧོ་ཞང་དང་ཆུ་མོ་ཞང་གཉིས་ནི་སི་ཁྲོན་དང་ཀན་སུའུ་ཡི་འབྲེལ་མཚམས་སུ་ཡོད་ཅིང་། ཆ་འཕྲིན་མི་དར་བ་ནི་ས་དེའི་འཕེལ་རྒྱས་འགོག་པའི་བཀག་རྡོ་རུ་གྱུར་ཡོད། སྤྱི་ལོ2013ལོར་རྔ་བའི་གློག་འཕྲིན་གྱི་ཡན་ལག་ཀུང་སིས་ཀན་སུའུ་ཞིང་ཆེན་ཝིན་རྫོང་གི་གློག་འཕྲིན་གྱིM10ཅན་གྱི་ཞིང་ཆེན་བར་གྱི་སྐུད་ལམ་ཞིག་གླས་ནས་ཡུང་ཧོ་དང་ཆུ་མོ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱི་རྣམ་གྲངས་ལ་ཞབས་ཞུ་བྱས་ཡོད། འོན་ཀྱང་རིམ་གྱིས་ཞིང་སྡེའི་མཉམ་ལས་ཀྱི་དྲ་བ་གསར་བ་དང་སྤྱི་བདེའི་དྲ་བ་རིམ་པ་བཞི་བ་སོགས་ཆེད་དམིགས་དྲ་བ་བཅུ་ལྷག་ཕྱེས་རྗེས་ཡངས་དྲ་དེ་ཙམ་གྱིས་དགོས་མཁོ་སྐོང་མི་ཐུབ་པ་ཆགས་ཡོད། སྤྱི་ལོ2014ལོའི་ཟླ12པར་རྔ་བའི་ཡན་ལག་ཀུང་སི་ཡིས་རྫོང་སྲིད་གཞུང་བར་ལ་ཡངས་དྲའི་ཞང་གྲོང་གི་མཉམ་ལས་གྲོས་ཆིངས་བཞག་ཅིང་། རྔ་བའི་གློག་འཕྲིན་ལ་རྫོང་ཡོངས་ཀྱི་ཡངས་དྲའི་ཞང་གྲོང་འཛུགས་པའི་རེ་འདུན་བཏོན་ཡོད། འོན་ཀྱང་སྔར་གླས་པའི་གློག་ལམ་གྱིས་ལས་ཀའི་དགོས་མཁོ་སྐོང་མི་ཐུབ་པ་དང་། ད་ལྟ་གསར་དུ་སྐྲུན་པར་འགྲོ་སོང་ཆེ་ཞིང་ཁེ་སྤོགས་དམའ་བའི་དཀའ་ངལ་ལ་འཕྲད་ཡོད། དེ་ནས་གཟི་ཚ་རྫོང་གི་གློག་འཕྲིན་དང་ཀན་སུའུ་ཡི་ཝིན་རྫོང་གི་གློག་འཕྲིན་གཉིས་ཀྱིས་མཐུན་སྦྱོར་དང་གྲོས་མོལ་བརྒྱུད་ཝིན་རྫོང་གློག་འཕྲིན་གྱིས་བར་མཐུད་འོད་ཐག་ཧ་ཅང་དཀོན་པའི་གནས་ཚུལ་འོག་ཕྱི་བཤོལ་མེད་པར་རྔ་བའི་གློག་འཕྲིན་འཛུགས་སྐྲུན་ལ་རྒྱབ་སྐྱོར་དུ་བར་མཐུད་འོད་ཐག་སྐྱ་གཉིས་མཁོ་སྤྲོད་བྱས་ཤིང་ཡུང་ཧོ་ཞང་གི་འཕྲིན་སྦྲེལ་འོད་ཐག་གི་གནད་དོན་སེལ་རོགས་བྱས་པ་དང་། འཕྲིན་སྦྲེལ་གློག་སྡོང་ལ་ཟུར་འགེལ་གྱི་ཐབས་སྤྱད་ནས་ཆུ་མོ་ཞང་བར་གྱི་འཕྲིན་སྦྲེལ་འོད་ཐག་གི་གནད་དོན་སེལ་ཡོད། ཞང་འདི་གཉིས་ཀྱི་འོད་ཐག་འཛུགས་སྐྲུན་ཁོ་ནའི་སྐབས་སུ་སྒོར་ས་ཡ་གཉིས་ལྷག་གྲོན་ཆུང་བྱས་ཡོད།
  མཁོ་ཡུལ་གྱི་ཐོན་ཁུངས་ལེགས་པར་སྤྱད་ནས་གཉིས་ཕན་མཉམ་རྒྱལ་བྱུང་བ།
  གློག་འདྲེན་གློག་སྡོང་ནི་མིག་སྔར་ཁྱབ་རྒྱ་ཆེས་ཆེ་བའི་སྐུད་ལམ་སྒྲིག་ཆས་ཡིན་ལ། གློག་འདྲེན་གློག་སྡོང་མང་ཤོས་ལ་འཕྲིན་སྦྲེལ་གྱི་འོད་ཐག་བསྒར་གནས་བསྐྱུར་ཡོད། གློག་ཚིགས་དང་ཆུ་གློག་ས་ཚིགས་མང་ཤོས་གྲོང་བརྡལ་དང་རྒྱང་བསྐྱེད་ཅིང་མི་ཡི་རྒྱུ་འགྲུལ་ཉུང་བའི་ལུང་ཁུག་ཏུ་ཡོད་ལ། འདི་དག་ནི་འཕྲིན་སྦྲེལ་ནུས་ཤུགས་ཆེས་ཞན་པའི་ས་དང་འཕྲིན་སྦྲེལ་གྱི་དགོས་མཁོ་ཆེས་ཆེ་བའི་སའང་རེད། གློག་འཕྲིན་ཀུང་སིས་མཁོ་ཡུལ་གྱི་དགོས་མཁོ་གཞིར་བཟུང་ཞིང་ཐོན་ཁུངས་བརྗེ་རེས་ཀྱི་བསམ་ཕྱོགས་ལྟར་མཉམ་ལས་སྤེལ་བ་སྟེ། གློག་འཕྲིན་ཀུང་སིས་རྒྱུན་ལྡན་གྱི་བེད་སྤྱོད་རིན་གོང་ཆག་ཡང་བཏང་ནས་ཕ་རོལ་བོའི་གློག་སྡོང་གི་རྒྱུད་ལམ་དང་འོད་ཐག་སྦུ་གུ་སོགས་ཀྱི་ཐོན་ཁུངས་རིན་མེད་བརྩོན་ལེན་བྱས་ཏེ་གཉིས་ཀ་རྒྱལ་བར་བྱས་ཡོད།
  ཅོམ་ཀྱོ་ཡི་ཆུ་གློག་གསར་འབྱེད་ཀུང་སིས་སེ་ཀྱང་སྡེ་བར་ཆུ་གློག་ས་ཚིགས་འཛུགས་སྐབས་ལས་བྱེད་པ་མང་པོ་གཞིས་ཆགས་དགོས་ནའང་སྒར་ཁུལ་དུ་ཁ་པར་ལ་བརྡ་རྟགས་མེད་པ་མ་ཟད་ཡངས་དྲ་དང་བརྙན་འཕྲིན་ཡང་མེད་པས། གློག་ཤུགས་ཀུང་སིས་གློག་འཕྲིན་ཀུང་སི་དང་གྲོས་མོལ་བྱས་པ་བརྒྱུད། གློག་འཕྲིན་ཀུང་སིས་ཁ་པར་དང་ཡངས་དྲ། བརྙན་འཕྲིན། ཆེད་དམིགས་སྐུད་ལམ་སོགས་འཕྲིན་སྦྲེལ་གྱི་ཡོ་བྱད་གཏོང་རྒྱུ་དང་། ཆུ་གློག་ཀུང་སིས་སྤྱི་ལེ་བརྒྱད་ཅུ་ཡོད་པའི་སྦུ་གུ་བཞི་ཅན་གྱི་འོད་ཐག་གློག་འཕྲིན་ལ་བེད་སྤྱོད་དུ་འཇུག་རྒྱུ་དང་། གཉིས་ཀའི་མཉམ་ལས་དུས་ཡུན་ལོ་བཅུ་བྱས་པ་རེད། འདི་ལས་རྔ་བའི་ཡན་ལག་ཀུང་སིས་སྒོར་ཁྲི280ལྷག་གི་འཛུགས་སྐྲུན་མ་དངུལ་གྲོན་ཆུང་བྱས་ཡོད། དེ་ལྟར་མཉམ་ལས་བྱས་པས་རྔ་བའི་ཡན་ལག་ཀུང་སིས་ཆུ་གློག་གསར་འབྱེད་ཀུང་སིའི་འཕྲིན་སྦྲེལ་དགོས་མཁོ་བསྐངས་པ་མ་ཟད་ལམ་བརྒྱུད་ཀྱི་ཞིང་གྲོང་གི་འཕྲིན་ལམ་སྔར་གྱི་ལམ་ཕྱོགས་གཅིག་ལ་གཏོང་བ་ནས་ལམ་ཕྱོགས་གཉིས་ཀྱི་འཁོར་སྐྱོད་སྲུང་སྐྱོབ་རྣམ་པར་བསྒྱུར་བས་ས་ཕྱོགས་དེའི་ཞང་དྲུག་གི་འཕྲིན་སྦྲེལ་ཆད་སླ་བའི་སྣང་ཚུལ་བསལ་ཡོད།
  ཡངས་དྲའི་ཀྲུང་གོ་ཡི་འཐབ་ཇུས་དང་དྲ་བའི་རྒྱལ་ཁབ་སྟོབས་ལྡན་གྱི་འཐབས་ཇུས་སོགས་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་སི་ཁྲོན་གློག་འཕྲིན་གྱིས་གསར་བཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔས་སྣེ་ཁྲིད་ཅིང་། རང་འགུལ་གྱིས་ནུས་པ་བཏོན་ནས་འོད་ཐག་དྲ་བའི་འཛུགས་སྐྲུན་དང་མ་གཏོང་གི་རྣམ་པ་གསར་སྒྱུར་བྱས་ནས་ཞིང་སྡེའི་འཕྲིན་སྦྲེལ་དྲ་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཡོད་ལ། ལུང་ཀྱོག་ཏུ་ཡོད་པའི་ཞིང་སྡེའི་དྲ་བ་ཁེབས་ཚད་མུ་མཐུད་དུ་འཕར་བ་དང་། སྤུས་ཚད་དང་ཆུ་ཚད་མཐོ་བའི་ཐོན་རྫས་དང་ཞབས་ཞུ་བརྒྱུད་ལུང་ཀྱོག་གི་ཞིང་སྡེའི་རིམ་པ་ཁག་གི་སྲིད་གཞུང་དང་ཁེ་ལས། མང་ཚོགས་བཅས་ཀྱི་འཕྲིན་སྦྲེལ་དགོས་མཁོ་བསྐངས་པ་མ་ཟད། ཞིང་གྲོང་གི་ལས་གཉེར་གྱི་སྒྲིག་གཞི་སྙོམ་སྒྲིག་བྱས་ནས་ཡོང་སྒོ་འཕར་སྣོན་བརྟན་པོ་བྱུང་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཉིས་ཀ་ཐོན་པར་བྱས་ཡོད།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070