སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་དུས་མཉམ་དུ་གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་ཁྲལ་བསྡུ་བར་སྒྱུར་བ།
སྤེལ་དུས། 2016-05-05   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  དབང་མོ།
  རང་དྲ་བའི་ལྷ་ས་ནས་ཟླ5པའི་ཚེས1ཉིན་གནས་ཚུལ་འབྱོར་གསལ།(གསར་འགོད་པ། ཝང་ཞའོ་ལི)ཟླ5པའི་ཚེས1ཉིན་གྱི་ཆུ་ཚོད་བཅུ་གཉིས་སྟེང་ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ཁྲལ་དོན་ཅུས་གྲོང་ནུབ་ཁྲལ་དོན་ཡན་ལག་ཅུས་ཀྱིས་རང་ལྗོངས་ཀྱི་གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་ཁྲལ་བསྡུ་བར་སྒྱུར་བའི་གཏན་འཇགས་རྒྱུ་ནོར་གཉེར་སྐྱོང་གི་བོགས་མར་གཏོང་ལེན་ལས་རིགས་ཀྱི་གནས་ཐང་འཕར་བའི་འཛིན་ཡིག་ཐོག་མ་བྲིས་པས།དེས་རང་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་ཁྲལ་བསྡུ་བར་སྒྱུར་བའི་ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་མཚོན།
  ཤེས་རྟོགས་བྱུང་བར་གཞིགས་ན། ལས་དོན་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བའི་ཆེད་དུ། རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱིས་ཆེད་དུ“མཚན་གུང་གི་འགུལ་སྐྱོད”ཅེས་པ་སྤེལ་བ་རེད། ཆུ་ཚོད་བཅུ་གཉིས་ཀྱི་སྟེང་དུ།སྒེར་གཉེར་ཁེ་ལས་ཡཱང་ཡན་གྱིས་གྲོང་ནུབ་དུ་ཡོད་པའི་ཁྲལ་དོན་ཡན་ལག་ཅུས་ཀྱི་ཁྲལ་འཇལ་ཞབས་ཞུའི་ཚོམས་ཆེན་ཁང་དུ་གཏན་འཇགས་རྒྱུ་ནོར་གཉེར་སྐྱོང་གི་བོགས་མར་གཏོང་ལེན་ལས་རིགས་ཀྱི་ཁྲལ་འཕར་འཛིན་ཡིག་ཐོག་མ་བླངས་ཤིང་། འཛིན་དངུལ་གྲངས་སྒོར་སྒོར་ཁྲི2.856ཡིན་པ་རེད། དེའི་འཕྲོར། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)6གི་རྒྱལ་ཁྲལ་ཅུས་དང་དེ་མིན་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་རྒྱལ་ཁྲལ་ཅུས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ས་གནས་དེ་གའི་གནས་ཐང་འཕར་ཁྲལ་འཛིན་ཡིག་དང་པོ་བྲིས་ཏེ་གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་ཁྲལ་བསྡུ་བར་སྒྱུར་བའི་ཚོད་ལྟ་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱས།
   རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་ཧུའུ་སུའུ་ཧྭ་ཡིས་གསར་འགོད་པར་བཤད་དོན། རང་ལྗོངས་ཀྱི་རྒྱལ་ཁབ་ཁྲལ་དོན་མ་ལག་གིས“ 3 + 7”ལས་རིགས་གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་ཁྲལ་བསྡུ་བར་སྒྱུར་བའི་ཚོད་ལྟ་ལེགས་གྲུབ་བྱུང་བའི་རྨང་གཞིའི་སྟེང་། ཕལ་ཆེར་ཟླ་བ་གཉིས་ཀྱི་རིང་ལ་གྲ་སྒྲིག་བྱེད་པའི་དུས་ཚོད་ནང་། ཐུན་མིན་གྱི་ཆོད་སེམས་དང་ལས་ཤུགས། དེ་མིན་ཉམས་སེད་ཐེག་ཐུབ་པའི་བྱེད་ཐབས་དང་ལས་ཀའི་གྲུབ་འབྲས་བཅས་ལ་བརྟེན་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཁྲལ་དོན་ལས་བྱེད་པས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་ངལ་གདོང་གིས་བསུས་ནས་མདུན་དུ་སྐྱོད་པས། ཟླ5པའི་ཚེས1ཉིན་གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་ཁྲལ་ལ་བསྒྱུར་བའི་ཚོད་ལྟ་བྱ་བ་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱེད་པར་ཁག་ཐེག་ཏན་ཏིག་བྱས།
  “ཁྲལ་གཉེར་ལས་ཆོད་མཐོ་རུ་གཏོང་བ་དང་། གཉེར་སྐྱོང་དཔྱ་ཁྲལ་ནས་གནས་ཐང་འཕར་ཁྲལ་བསྡུ་བར་སྒྱུར་བའི་ཚོད་ལྟ་ཁྱོན་ཡོངས་ནས་ཁྱབ་སྤེལ་དུ་གཏོང་བར་ཁག་ཐེག་བྱེད་པ། རང་ལྗོངས་ཀྱི་མཁོ་སྤྲོད་ཐད་ནས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ།  གོམ་པ་རྗེས་མར་རང་ལྗོངས་ཀྱི་རྒྱལ་ཁྲལ་སྡེ་ཁག་གིས་གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་ཁྲལ་བསྡུ་བར་སྒྱུར་བའི་ཁྲལ་འཇལ་ཞབས་ཞུའི་ནང་དོན་དེ་བས་མང་པོ་ཁྱབ་གདལ་དུ་གཏོང་རྒྱུ་དང་། གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་ཁྲལ་བསྡུ་བར་སྒྱུར་བའི་ཚོད་ལྟའི་ས་ཚིགས་བཙུགས་ནས་ཁྲལ་འཇལ་མཁན་ལ་ལམ་བུ་ཤར་གཏོང་ཐུབ་པ་བྱེད་པ། དཔྱ་ཁྲལ་ཁྲིད་སྟོན་ཞབས་ཞུ་དང་དུས་བཅད་ཞབས་ཞུ། དུས་འགྱངས་ཞབས་ཞུ་དང་སྔོན་མངགས་ཞབས་ཞུ།དྲན་སྐུལ་ཞབས་ཞུ་བཅས་སྤེལ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་དངོས་ཟོག་དང་ངལ་ནུས་དཔྱ་ཁྲལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀྲའོ་ལུང་གིས་གསར་འགོད་པར་དེ་ལྟར་བཤད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070