སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་གཞོན་ནུར་ལྔ་བཞིའི་གཟེངས་རྟགས་སྤྲད་འདུག
སྤེལ་དུས། 2016-05-05   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  ཟླ་4ཚེས་29ཉིན་ལྷ་སར་བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱིས“ལྔ་བཞི”ལས་འགུལ་སྤེལ་ནས་ལོ་ངོ་97འཁོར་བར་དྲན་གསོ་ཞུ་བ་དང་སྐབས་བཅུ་གཉིས་པའི“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཀྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད། སྤྱི་ཚོགས་ལས་རིགས་ཁག་ནས་ཡོང་བའི་གཞོན་ནུའི་འཐུས་མི་900མཉམ་དུ་འཛོམས་ནས“ལྔ་བཞི”ལས་འགུལ་སྤེལ་ནས་ལོ་ངོ་97འཁོར་བར་དྲན་གསོ་ཞུས་པ་རེད། དེ་དང་ཕྱོགས་མཚུངས་ལྗོངས་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཕུལ་བྱུང་དང་། སྡེ་ཚོགས་ཀྱི་ལས་བྱེད་པ། ལྔ་བཞིའི་དར་དམར་སྡེ་ཚོགས་ཨུ་ལྷན(སྡེ་ཚོགས་ཀྲི་པུའུ)སོགས་རང་ལྗོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ཏུ་གྲུབ་འབྲས་མངོན་གསལ་དོད་པའི་ཕུལ་བྱུང་གི་གཞོན་ནུ་དང་སྔོན་ཐོན་མཉམ་སྡེབ་ཁག་གཅིག་ལ་གཟེངས་བསྟོད་བྱས་པ་རེད། 
  གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉི་མ་རྒྱལ་མཚན་སོགས་མི་18ལ་སྐབས་བཅུ་གཉིས་པའི“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”དང་།“ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཅུས་ཧྲེང་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས”སོགས་མཉམ་སྡེབ་ལྔ་ལ་སྐབས་བཅུ་གཉིས་པའི“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཕུན་ཚོགས་མཚོ་མོ་སོགས་མི་32ལ་2015ལོའི“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་ཚོགས་མིའི”མཚན་སྙན། ཚེ་རིང་སོགས་མི་32ལ་2015ལོའི“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པའི”མཚན་སྙན།“གུང་གཞོན་སྡེ་ཚོགས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཨུ་ཡོན་ལྷན་ཁང”སོགས་སྡེ་ཚོགས་ཨུ་ལྷན་9ལ་2015ལོའི“ལྗོངས་ཡོངས་ཀྱི་ལྔ་བཞིའི་དར་དམར་སྡེ་ཚོགས་ཨུ་ལྷན”གྱི་མཚན་སྙན།“བོད་རང་སྐྱོང་ལྗོངས་སྤྱི་ཚོགས་དང་མི་རིགས་སྲོལ་རྒྱུན་ལུས་རྩལ་མཛུབ་ཁྲིད་དོ་དམ་ལྟེ་གནས་ཀྱི་སྡེ་ཚོགས་ཀྲི་པུའུ”སོགས་སྡེ་ཚོགས་ཀྲི་པུའུ་23ལ་2015ལོའི“ལྗོངས་ཡོངས་ཀྱི་ལྔ་བཞི་དར་དམར་གྱི་སྡེ་ཚོགས་ཀྲི་པུའུ”ཡི་མཚན་སྙན་བཅས་གནང་རྒྱུའི་གཏན་འབེབས་བྱས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070