སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་སྐབས་12པའི་བོད་ལྗོངས་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྤྲོད་པའི་གཟེངས་བསྟོད་ཚོགས་འདུ།
སྤེལ་དུས། 2016-05-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་ཚེ།
  4པའི་ཚེས་29ཉིན། བོད་ལྗོངས་གུང་གཞོན་ཚོགས་པས“ལྔ་བཞིའི”ལས་འགུལ་ལ་ལོ97འཁོར་པ་དང་སྐབས12པའི“བོད་ལྗོངས་ཀྱི་གཞོན་ནུའི་གཟེངས་རྟགས”སྤྲོད་པའི་གཟེངས་བསྟོད་ཚོགས་འདུ་ལྷ་ས་རུ་བསྡུས། སྤྱི་ཚོགས་ལས་རིགས་སོ་སོ་ནས་ཡོང་བའི་ན་གཞོན་འཐུས་ཚབ་པ900མཉམ་དུ་འཛོམས་ནས“ལྔ་བཞིའི”ལས་འགུལ་ལ་ལོ་འཁོར97ལོན་པར་རྗེས་དྲན་བྱས་ཤིང་། སྐབས་དེ་དང་བསྟུན་ནས་ལྗོངས་ཡོངས་ཀྱི་ཕུལ་བྱུང་གྱི་གུང་གཞོན་ཚོགས་མི་དང་གུང་གཞོན་ཚོགས་པའི་ལས་བྱེད་མི་སྣ། ལྔ་བཞིའི་དར་དམར་གུང་གཞོན་ཚོགས་པའི་ཨུ་ཡོན(གུང་གཞོན་ཚོགས་པའི་ཀྲི་པུའུ)སོགས་རང་ལྗོངས་ཀྱི་ལས་རིགས་སོ་སོ་དང་འཐབ་ཕྱོགས་སོ་སོའི་སྟེང་གྲུབ་འབྲས་འབུར་ཐོན་བླངས་བའི་གཞོན་ནུ་ཕུལ་བྱུང་ཅན་དང་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་གནང་པ་རེད།
  བོད་ལྗོངས་ཀྱི་དེང་རབས་ཕུལ་བྱུང་ལས་འབྲས་ཅན་གྱི་དཔེ་མཚོན་གཞོན་ནུ་དང་སྔོན་ཐོན་གཞོན་ནུའི་ཚོགས་པ་དྲིལ་སྒྲོག་དང་མིག་དཔེར་སྟོན་པ། ལྗོངས་ཡོངས་ཀྱི་རིགས་སོ་སོའི་གུང་གཞོན་ཚོགས་པའི་ཕུགས་བསམ་བརྩོན་ལེན་དང་ཏན་ཏན་ཏིག་ཏིག་གི་གསར་སྐྲུན་ལག་བསྟར་བྱེད་པར་སྣེ་སྟོན་དང་སྐུལ་ལྕགས་བྱ་ཆེད། གུང་གཞོན་ཚོགས་པའི་བོད་རང་སྐྱོངས་ལྗོངས་ཀྱི་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོངས་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉི་མ་རྒྱལ་མཚན་སོགས་མི18ལ་སྐབས12པའི“བོད་ལྗོངས་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཀྱི་གཟི་བརྗིད་མཚན་སྙན་གནང་བ་དང་།“ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཧྲེང་ལམ་དམངས་ཕན་དམག་དོན་ས་ཚིགས”སོགས་ཐུན་མོང་ཚོགས་སྤྱི5ལ་སྐབས12པའི“བོད་ལྗོངས་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཞེས་པའི་ཐུན་མོང་གི་གཟི་བརྗིད་མཚན་སྙན་གནང་བ་རེད། 
  སྐབས12པའི“བོད་ལྗོངས་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཐོབ་མཁན་དག་ནི་དེང་རབས་བོད་ལྗོངས་ཀྱི་གཞོན་ནུ་ཕུལ་བྱུང་ཅན་གྱི་དཔེ་མཚོན་ཡིན་ལ། ཁོ་ཚོ་ནི་སྤྱི་ཚོགས་བདེ་སྲུང་གི་ལས་རྐང་དང་པོའི་སྲིད་ཁྲིམས་དམག་མི་དང་། གཞི་རིམ་དུ་ལས་རྐང་སྲུང་པའི་གཞོན་ནུའི་ཏང་དང་གཞོན་ནུ་ཚོགས་པའི་ལས་བྱེད་མི་སྣ། དཀའ་སྤྱད་ལས་སྤེལ་དང་མང་ཚོགས་ལ་སྣེ་ཁྲིད་ནས་ཡོང་སྒོ་ཇེ་མང་དུ་གཏོང་མཁན་གཞོན་ནུ་ཞིང་འབྲོག་མི་སྣ། སྔོག་འདོན་གསར་སྤེལ་དང་དཀའ་སྤྱད་བརྩོན་ཞིབ་ཀྱིས་བྱས་རྗེས་ཕུལ་བྱུང་ལེན་མཁན་གཞོན་ནུ་ཚན་རྩལ་ལས་དོན་སྒྲུབ་མཁན་སོགས་ཡོད། གཞོན་ནུ་ཕུལ་བྱུང་ཅན་འདི་དག་གིས་རང་རང་གི་ལས་གནས་སུ་ཧུར་བརྩོན་བྱེད་པ་དང་ཉེ་འཁོར་གྱི་གཞོན་ནུ་གྲོགས་པོ་རྣམས་ལ་སྣེ་ཁྲིད་ཀྱི་ནུས་པ་ཅུང་ལེགས་པོ་ཐོན་ཡོད་པ་རེད།  
  ཚོགས་འདུའི་རྗེས་སུ།“ང་ཡི་ཀྲུང་གོའི་ཕུགས་འདུན། ཧུར་བརྩོན་གྱི་ལང་ཚོ་ནི་ཆེས་ལྟ་ན་སྡུག”ཅེས་པ་བརྗོད་གཞི་བྱས་པའི་བོད་ལྗོངས་ཀྱི་ཕུལ་བྱུང་གཞོན་ནུའི་སྔོན་ཐོན་བྱས་རྗེས་མཉམ་སྤྱོད་ཚོགས་འདུ་དེ་བོད་ལྗོངས་གཞོན་ནུའི་བྱེད་སྒོ་ལྟེ་གནས་སུ་སྤེལ། ལྷ་ས་ནས་ཐོན་པའི་གཞོན་ནུ་ཤེས་དཔལ་ཅན་གྱི་ཚོགས་པ་དང་། གཞིས་ཁུལ། ཞིང་འབྲོག་མང་ཚོགས་སོགས་སྤྱི་ཚོགས་ས་གནས་སོ་སོ་ནས་ཡོང་བའི་ཕུལ་བྱུང་གཞོན་ནུའི་མཚོན་བྱེད་མི་སྣ་བཅས་ཧ་ལམ་མི་གྲངས200ལྷག་ཐེངས་འདིའི་མཉམ་སྤྱོད་ཚོགས་འདུར་ཞུགས་ཡོད་པ་རེད། མཉམ་སྤྱོད་ཚོགས་འདུའི་སྟེང་། སྐབས12པའི“བོད་ལྗོངས་གཞོན་ནུའི་ལྔ་བཞིའི་གཟེངས་བསྟོད”ཐོབ་མཁན་ཉི་མ་རྒྱལ་མཚན་དང་ཤེར་དགའ། ཚེ་དབང་སྒྲོལ་མ། ལོའུ་ཧེ་ཕིན། ཞོའུ་ཁི། ནོར་བུ་དགྲ་འདུལ་བཅས་ཕུལ་བྱུང་གཞོན་ནུ་དྲུག་གིས་ཚོགས་ཞུགས་པ་དག་དང་ལྷན་དུ་རང་སོ་སོའི་ལང་ཚོའི་གཏམ་རྒྱུད་དང་འབད་བརྩོན་གྱི་བརྒྱུད་རིམ་མཉམ་སྤྱོད་གནང་པར་ཀུན་གྱིས་ཁས་ལེན་ཐོབ་པ་རེད།
  སྐབས12པའི“བོད་ལྗོངས་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་བསྟོད”ཐོབ་མཁན་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་གཞི་རིམ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉི་མ་རྒྱལ་མཚན་གྱིས་གསར་འགོད་པར“གཟེངས་རྟགས་ཐོབ་མཁན་ཕུལ་བྱུང་གཞོན་ནུ་དག་ལ་མཚོན་ན་འདི་ནི་ཁས་ལེན་དང་གདེང་འཇོག་ཅིག་ཡིན་ལ། མདུན་སྐྱོད་ཀྱི་སྒུལ་ཤུགས་ཤིག་ཀྱང་རེད”ཅེས་བརྗོད་བྱུང་།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070