སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཡུན་ནན་བདེ་ཆེན་གྱིས་དམངས་གཞས་བཏང་ནས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་མཚོན་པ་བྱས་པ།
སྤེལ་དུས། 2016-06-24   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་དབང་འདུས་ཀྱིས་བསྒྱུར།
  ཡུན་ནན་ཁམས་པའི་སྲུང་སྐར་བརྙན་འཕྲིན་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་བཅུ་གཅིག་པའི་ཀྲུང་གོའི་རིག་གནས་ཤུལ་བཞག་ཉིན་མོར་རྟེན་འབྲེལ་ཞུ་ཆེད། ཉེ་ཆར་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡིས“ཕ་ཡུལ་ལ་བརྩེ་སེམས་བཅངས། སྙན་པའི་གླུ་དབྱངས་ལེན”ཞེས་པའི་མི་རིགས་དམངས་ཁྲོད་གླུ་གཞས་འགྲན་བསྡུར་བྱེད་སྒོ་གཉེར་བ་རེད།
  སྐབས་འདིའི་གླུ་གཞས་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ཕ་ཡུལ་ལ་བརྩེ་སེམས་བཅངས། སྙན་པའི་གླུ་དབྱངས་ལེན”ཞེས་པ་དེ་ཡིན་པ་དང་བདེ་ཆེན་ཀྲོའུ་ཡི་གྲོང་ཁྱེར་གཅིག་དང་རྫོང་གཉིས་ནས་ཡོང་བའི་རྒྱུན་འཛིན་པ་དང་དམངས་ཁྲོད་སྒྱུ་རྩལ་མི་སྣ་42ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་ལེ་ཚན་31སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དཀྱིལ་འཁོར་ཐང་ཆེན་དུ་གཅིག་སྡུད་ངང་འཁྲབ་པ་རེད།
  ཀྲུང་གོའི་ཡུན་ནན་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བོད་རིགས་ཀྱི་ལ་གླུ་གཏོང་མཁན་པི་ཝང་ཞབས་བྲོའི་རྒྱུན་འཛིན་པ་ཆོས་འཛོམས་ཀྱིས་གསར་འགོད་པར། “དེ་རིང་ངས་འཁྲབ་པའི་དབྱང་ལའི་ལ་གླུ་ནི་ང་ཚོའི་མེས་པོས་བཞག་པའི་སྐོར་བྲོ་ཡིན་པ་དང་ངས་ཞབས་བྲོ་དེ་མུ་མཐུད་ངའི་སློབ་མ་དང་བུ་ཕྲུག་ལ་སློབ་རྒྱུ་ཡིན”ཞེས་བཤད་བྱུང་།
ད་ཐེངས་ཀྱི་འཁྲབ་སྟོན་བྱེད་སྒོ་དེས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ལ་ཕྱོགས་བསྡུས་རང་བཞིན་གྱི་འཁྲབ་སྟོན་གྱི་སྟེགས་བུ་ཞིག་བཏོད་ཡོད་ལ། མི་རིགས་ཀྱི་ཉམས་འགྱུར་དང་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། ལ་གླུ་དང་། སྐོར་བྲོ། བརྩེ་གཞས། པི་ཝང་རྐྱང་དཀྲོལ་སོགས་ཀྱི་ཐོག་ནས་ས་ཆ་དེ་གའི་ཕུལ་བྱུང་དམངས་ཁྲོད་རོལ་དབྱངས་སྒྱུ་རྩལ་སྲུང་སྐྱོང་བྱས་པ་ནས་གར་སྟེགས་ཐོག་རིམ་གྱིས་འཁྲབ་སྟོན་བྱེད་ཐུབ་པ་མཚོན་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716