སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དངོས་མཚོན་གློག་བརྙན་《བོད་རྩིས་》ཟླ་9པ་ནས་ཕབ་སྐྲུན་བྱ་རྒྱུ་ཡིན་པ།
སྤེལ་དུས། 2016-07-13   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  མགོན་པོ་ཚེ་བརྟན།

  མིག་སྔར་བོད་ལྗོངས་བརྗོད་གཞིར་བྱས་པའི་དངོས་མཚོན་གློག་བརྙན་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། གཟེངས་བསྟོད་ཀྱང་ཡང་ཡང་ཐོབ་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། 2015ལོའི་ཟླ་བ་12པའི་བར་དུ་བོད་ལྗོངས་བརྗོད་གཞིར་བྱས་པའི་དངོས་མཚོན་གློག་བརྙན་ཕལ་ཆེར་《འཛམ་གླིང་ཡང་རྩེ་》ཞེས་པ་མི་དང་རང་བྱུང་ཁམས་ཀྱི་རིགས་དང་། 《བོད་ལྗོངས་》ཞེས་པ་བསྒྱུར་བཅོས་དང་ཆབ་སྲིད་ཀྱི་རིགས། 《ཡར་ཀླུང་གཙང་པོ་》ཞེས་པ་ལོ་རྒྱུས་ཀྱི་རིགས། 《བོད་ལྗོངས་ཀྱི་བོད་ལྗོངས་》ཞེས་པ་ཆོས་ལུགས་ཀྱི་རིགས་བཅས་རིགས་བཞི་རུ་ཕྱེ་ཡོད་པ་རེད།
  བོད་ལྗོངས་བརྗོད་གཞིར་བྱས་པའི་དངོས་མཚོན་གློག་བརྙན་ཆེ་གྲས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མི་རྣམས་ལ་སྔར་ལས་ཕྱོགས་ཡོངས་ནས་བོད་ལྗོངས་ཤེས་རྟོགས་ཡོང་བར་བྱ་ཆེད། མཐོ་སྒང་གནམ་གཤིས་རིག་པ་དང་། ས་གཤིས་ཆགས་ཚུལ་རིག་པ། ཀྲུང་གོའི་དམངས་སྲོལ་འཕེལ་རྒྱས་ལོ་རྒྱུས་སོགས་ཀྱི་ལྟ་ཕྱོགས་ནས་བོད་ལྗོངས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་གོམས་འདྲིས་ལ་ལྟ་ཞིང་། རྒྱལ་ཁབ་ཀྱི་ས་ཁམས་དང་ཚན་རིག་ཞིབ་འཇུག་གི་རང་བཞིན་ལྡན་པའི་ཚན་རིག་སློབ་གསོའི་གློག་བརྙན་བརྙན་འཕྲིན་རྒྱུ་ཆ་འདུས་པའི་ཀྲུང་གོའི་དམངས་སྲོལ་དངོས་མཚོན་གློག་བརྙན་ཆེ་གྲས་ཐོག་མ་《བོད་རྩིས་》ཞེས་པ་ད་ལོའི་ཟླ་བ་དགུ་པ་ནས་དངོས་སུ་ཕབ་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད།
  དངོས་མཚོན་གློག་བརྙན་ཆེ་གྲས་《བོད་རྩིས་》ཞེས་པ་འདི་ལ་ཁྱོན་ལེའུ་9ཡོད་པ་དང་། ལེའུ་རེའི་རིང་ཚད་ལ་སྐར་མ་50ཡོད། གློག་བརྙན་གྱི་གྲུབ་ལུགས་ལ་4+Nཡི་དཔེ་རྣམ་ལྟར་གྲུབ་པ་ཡིན་ཞིང་། ཕབ་སྐྲུན་གྱི་ནང་དོན་ནི་སྲོལ་རྒྱུན་དང་དེང་རབས་ཀྱི་དཔྱིད་འདེབས་དཔྱིད་རྨོད་དང་། གྲོང་གསེབ་གསར་པའི་བཟོ་བཀོད། བོད་ལྗོངས་ཀྱི་རང་བྱུང་སྣང་ཚུལ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་སོགས་ཡོད་པ་རེད།                                                    

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716