སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ད་ལོར་ཁམས་ཀྱི་རྩོམ་པ་པོ་ཚོགས་པས་བརྩམས་ཆོས་གསར་པའི་དཔེ་དེབ༡༤པར་དུ་སྐྲུན་བྱས།
སྤེལ་དུས། 2016-07-26   ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།   རྩོམ་སྒྲིག་པ།  ཡེ་མིང་།

  ཉེ་བའི་ལོ་ཤས་རིང་ལ་ཁམས་པའི་རྩོམ་པ་པོ་ཚོགས་པ་འདིར་རྩོམ་རིག་ལས་རིགས་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་རྒྱལ་ཡོངས་དང་སི་ཁྲོན་གྱི་རྩོམ་རིག་ལས་རིགས་ཀྱིས་དོ་ཁུར་བྱས་དང་བྱེད་བཞིན་ཡོད་པ་རེད། སྦྲེལ་མཐུད་དུ་ཁམས་པའི་རྩོམ་པ་པོ་ཚོགས་པའི་དཔེ་ཚོགས་ཕྱོགས་སྒྲིག་ཚན་པ་དང་པོ་དང་གཉིས་པ། གསུམ་པ་པར་སྐྲུན་བྱས་རྗེས། ད་ལོར་ཁམས་པའི་རྩོམ་པ་པོ་ཚོགས་པས་དཔེ་ཚོགས་ཕྱོགས་སྒྲིག་ཚན་པ་བཞི་པའི་ཁོངས་སུ་གཏོགས་པའི་བརྩམས་ཆོས་གསར་པའི་དཔེ་དེབ14པར་སྐྲུན་བྱས་པ་རེད།
  བརྩམས་ཆོས་གསར་པའི་དཔེ་དེབ་འདི་དག་ནི་རང་ཁུལ་དང་མཚོ་སྔོན་གྱི་ཡུལ་ཤུལ། བོད་ལྗོངས་ཀྱི་ཆབ་མདོ་བཅས་ཀྱི་རྩོམ་པ་པོའི་ལག་ནས་ཐོན་པ་ཡིན་ཞིང་། དཔེ་ཚོགས་འདི་པར་སྐྲུན་བྱས་པའི་ཐོག་ནས་སླར་ཡང་ཁམས་པའི་རྩོམ་པ་པོ་ཚོགས་པའི་མིང་རྟགས་འདིའི་ཤུགས་རྐྱེན་དང་དུས་ཡུན་རིང་པོར་འཕེལ་ཕྱོགས་ཡག་པོ་ཡིན་པའི་གནས་ཚུལ་མཚོན་པ་རེད།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716