སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གློག་བརྙན《མི་བཟང་དཔོན་བཟང་ཁུང་ཧྥན་སན》ཞེས་པ་ལྷ་སར་པར་རྒྱག་འགོ་ཚུགས་པ།
སྤེལ་དུས། 2016-08-22   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  དགེ་ལེགས།
          དུས་རབས་གསར་པར་ཁུང་ཧྥན་སན་གྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱེད་བཞིན་ཡོད་ཅིང་། ཚེས་19ཉིན། གློག་བརྙན《མི་བཟང་དཔོན་བཟང་ཁུང་ཧྥན་སན》ཞེས་པ་པར་རྒྱག་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་རེད།
          པར་རྒྱག་འགོ་ཚུགས་མཛད་སྒོའི་ཐོག་གློག་བརྙན་དེའི་གསར་རྩོམ་དང་འཁྲབ་སྟོན་པ་ཚོས་ཁུང་ཧྥན་སན་ལ་ལྷད་མེད་ཀྱི་དམངས་གཅེས་བརྩེ་སེམས་དང་། ལྷག་བསམ་རྣམ་དག་གིས་དམངས་ལ་ཞབས་འདེགས་ཞུ་བའི་བསམ་པ། དམངས་རྣམས་ཕྱུག་འགྱུར་ཡོང་བའི་འདུན་པ་དྲག་པོ་བཅས་ཡོད་པ་རེད། ཁུང་ཧྥན་སན་ལྟ་བུའི་དུས་རབས་འབྱེད་པའི་མི་སྣ་འདི་འདྲ་ཞིག་འབྲི་བཞེངས་བྱེད་པ་ནི་གསོན་ཉམས་ལྡན་པའི་དོན་དངོས་ཀྱི་དགོས་མཁོ་སྐོང་བ་ཞིག་རེད་ལ། དེང་སྐབས་དུས་རབས་ཀྱི་དགོས་མཁོ་དང་འཚམ་པ་ཞིག་ཀྱང་རེད། དེར་བརྟེན། གློག་བརྙན་འཁྲབ་བཟོ་ཚོགས་ཆུང་གི་མི་སྣས་གློག་བརྙན་པར་གཞི་བཟོ་སྒྲིག་ཧྲིལ་པོའི་ཁྲོད་ཕྱར་བ་གྲུ་འདེགས་ཀྱིས་ལེགས་བཅོས་ཡང་ཡང་བྱེད་པ་དང་། འཁྲབ་གཞུང་འཐུས་སྒོ་ཚང་དུ་གཏོང་བ། ཡག་ཐོག་ཡག་བརྩེགས་ཡོང་བ་བཅས་བྱས་ནས་གློག་བརྙན་འདི་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟ་རིན་ཡོད་པ་བཅས་གཅིག་ཏུ་བསྡུས་པའི་ཕུལ་བྱུང་བརྩམས་ཆོས་སུ་འགྱུར་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716