སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆོས་དབྱིངས་སྐྱིད་ནི་ང་ཚོ་ནང་མིའི་སྤོབས་པ་ཡིན།
སྤེལ་དུས། 2016-08-23   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  བསོད་ནམས་སྟོབས་ལགས།
  བརྙན་འཕྲིན་ནང་ཚ་མོ་ཆོས་དབྱིངས་སྐྱིད་ཀྱི་འགྲན་བསྡུར་ཐད་གཏོང་བྱེད་བཞིན་ཡོད། ལོ་68ལ་སླེབས་པའི་ཆོས་དབྱིངས་སྐྱིད་ཀྱི་སྤོ་བོ་བསོད་བྷེས་ལག་གཡོན་མར་ཕྲེང་བ་འཁྱེར། ལག་གཡས་པས་མ་ཎི་སྐོར་ངག་ནས《བཀྲ་ཤིས་བརྩེགས་པ》འདོན་བཞིན་ཆོས་དབྱིངས་སྐྱིད་འབྲས་བཟང་ཐོབ་པའི་སྨོན་ལམ་འདེབས་བཞིན་འདུག བུ་མོས་ནུས་ཤུགས་ཡོད་རྒུས་མཐའ་ཐིག་ནས་སྒྲོལ་བ་མཐོང་སྐབས་པ་ཕར་རང་དབང་མེད་པར་མིག་ཆུ་ཤོར། པ་ཕས“བུ་མོ་དེ་གྱོང་པོ་ཡོད། མོ་རང་ང་ཚོའི་སྤོབས་པ་ཡིན”ཞེས་བཤད།
  རེས་གཟའ་སྤེན་པའི་ཐོ་རེངས་སུ་སྤེལ་བའི་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འགྲོ་རྩལ་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་ལིའུ་ཧུང་དང་། ལུའེ་ཤིའུ་ཀྲི། ཆོས་དབྱིངས་སྐྱིད་བཅས་ལས་གྲུབ་པའི“ཚོགས་ཆུང་ལེགས་ཤོས”མངགས་ཡོད། མཐར་ཆོས་དབྱིངས་སྐྱིད་ལ་ཨང་ལྔ་པ་ཐོབ་པ་དང་ལུས་རྩལ་པ་བྱང་མ་ལིའུ་ཧུང་གིས་དཀའ་ངལ་མཐའ་དག་ཁྱད་དུ་བསད་ནས་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཆེད་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་བླངས།
  ཆོས་དབྱིངས་སྐྱིད་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཧེ་ཡན་རྫོང་ཝ་འཇོག་ཤང་གི་འབྲོག་དུད་དཀྱུས་མ་ཞིག་ཏུ་སྐྱེས། ཁོ་མོའི་ཕ་མགོན་པོ་ལྷ་བརྟན་དང་མ་བསོད་ནམས་སྐྱིད་གཉིས་ཀ་མཚོ་སྔོན་པོའི་བྱང་ངོགས་ཀྱི་འབྲོག་པ་ཡིན་པ་དང་། ཕ་ཚ་བུ་རྒྱུད་ནས་འབྲོག་པའི་འཚོ་བ་སྐྱེལ་གྱི་ཡོད། ལུས་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཆོས་དབྱིངས་སྐྱིད་མཚོ་བྱང་རྩྭ་ཐང་ནས་འཛམ་གླིང་སྐོར་བའི་སྐལ་བཟང་ཐོབ། དེ་སྔ་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ་20ཡི་འགྲོ་རྩལ་འགྲན་བསྡུར་ནང་དངུལ་གྱི་རྟགས་མ་ཐོབ་མྱོང་ཡོད། དེ་ནི་ཨོ་རྩལ་འགྲན་ཚོགས་ཐོག་བོད་རིགས་བུ་མོར་གཟེངས་རྟགས་ཐོབ་ཐེངས་དང་པོ་ཡིན།
  ཆོས་དབྱིངས་སྐྱིད་ཀྱི་རྩལ་ཁྲིད་པ་ཐོག་མ་ཡིན་པའི་མཚོ་བྱང་ཀྲོའུ་ལོ་ཆུང་བྱིས་པའི་ལས་ཞོར་ལུས་རྩལ་སློབ་གྲྭའི་སློབ་སྤྱི་ཀྲོའུ་ཞའོ་ཡུན་གྱིས་ཆུང་དུས་ནས་ཆོས་དབྱིངས་སྐྱིད་ལ་སྙུགས་ཤེད་དང་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་གྱི་ལྷན་སྐྱེས་ནུས་པ་ཆེན་པོ་ལྡན་ཡོད། སློབ་ཆུང་ལོ་རིམ་ལྔ་པའི་སྐབས་ཁོ་མོས་འབྲིང་རྒྱུག་དང་རྒྱང་རྒྱུག་སྦྱོང་བརྡར་བྱེད་འགོ་ཚུགས་ཡོད་ཅེས་བཤད་བྱུང་། ཀྲོའུ་ཞའོ་ཡུན་གྱིས་ཆོས་དབྱིངས་སྐྱིད་ཀྱི་བབ་ཆགས་པའི་གཤིས་ཀ་དང་འགྲན་རའི་ཐོག་གི་སྙིང་སྟོབས་ལ་ཡི་རང་ཆེན་པོ་བྱེད་ཀྱི་ཡོད།
  2006ལོར། ཆོས་དབྱིངས་སྐྱིད་ཀྱི་ལུས་རྩལ་གྲུབ་འབྲས་ན་མཉམ་ཕྲུ་གུ་ལས་ལེགས་པ་ཡོད་པས། ཁོ་མོ་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་སློབ་གྲྭར་ཞུགས་རྒྱུར་འོས་སྦྱོར་བྱས་པ་དང་། 2008ལོར་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་རུ་ཆེན་དང་པོར་འགྲོ་རྩལ་སྦྱོང་འགོ་ཚུགས། 2010ལོར་རྒྱལ་ཁབ་རུ་ཁག་ནང་ཞུགས་ཡོད་པ་རེད།“ད་རེས་མ་གཞི་ཆོས་དབྱིངས་སྐྱིད་ལ་གཟེངས་རྟགས་ཐོབ་མེད་ཀྱང་ཁོ་མོས་བོད་རིགས་ལུས་རྩལ་པའི་སྙིང་སྟོབས་དང་ལུས་ཐོག་གི་ནུས་ཤུགས་མཐོང་ཐུབ་པ་བྱས་ཡོད། ཁོ་མོས་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་འཛམ་གླིང་ལ་བརྒྱུད་སྤྲོད་བྱས་ཡོད”ཅེས་ཀུའོ་ཆོན་ཚའེ་ཡིས་བཤད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716