སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གློག་བརྙན《གནམ་མཚོའི་ལས་འཕྲོ》ཞེས་པ་འཁྲབ་འགོ་ཚུགས་ནས་དུས་སང་སྟོན་རྒྱུ་ཡིན་པ།
སྤེལ་དུས། 2016-09-13   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ།
          ཚེས་9ཉིན་གྱི་ཉིན་གུང་གློག་བརྙན《གནམ་མཚོའི་ལས་འཕྲོ》ཞེས་པ་འཁྲབ་འགོ་ཚུགས་པའི་མཛད་སྒོ་འདམ་གཞུང་རྫོང་གནམ་མཚོ་རྒྱལ་སྤྱིའི་སྤྱི་གླིང་དུ་འཚོགས་པ་རེད།
          གློག་བརྙན་དེ་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་རིག་གཞུང་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་མཉམ་འབྲེལ་ཐོག་པར་ལེན་བཟོ་སྐྲུན་བྱས་པ་ཞིག་ཡིན་པ་དང་འཁྲབ་སྟོན་པ་གཙོ་བོ་བསོད་སྒྲོན་དང་། ཅི་ཐ། ལྷག་དབང་ནོར་བུ། བསོད་ནམས་དབང་མོ་སོགས་ཚང་མ་བོད་རང་གི་འཁྲབ་སྟོན་པ་ཡིན་པ་དང་སྔོན་རྩིས་ལྟར་ན་ཟླ་འདིའི་ཟླ་མཇུག་ཏུ་པར་བརྒྱབ་ཚར་ནས་དུས་སང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་ལམ་བརྒྱུད་ལྟད་མོ་བ་ཚོར་སྟོན་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན《གནམ་མཚོའི་ལས་འཕྲོ》ཞེས་པ་དེ་བོད་རིགས་བུད་མེད་གཅིག་གི་བརྩེ་དུང་གི་ལོ་རྒྱུས་དུམ་བུ་གསུམ་ཁུངས་སྣེར་བྱས་ཏེ་ཁོང་གིས་དཀའ་སྡུག་ཚད་མེད་མྱངས་རུང་འཚོ་བར་བཅངས་པའི་རེ་བ་དང་གནམ་མཚོར་བཅངས་པའི་དགའ་ཞེན་མ་དོར་བར་ཚེ་གང་སྨན་ཁང་ཆུང་ཆུང་དེར་བརྟེན་ནས་གནམ་མཚོ་བ་ཚོའི་བདེ་ཐང་སྲུང་བའི་གཏམ་རྒྱུད་བརྗོད་པ་ཞིག་རེད།
          གློག་བརྙན་དེའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གློག་བརྙན་དེ་བསྟན་རྗེས་གནམ་མཚོའི་མཛེས་ལྗོངས་ཁུལ་དང་ཐ་ན་བོད་ཧྲིལ་པོའི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716