སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“མཉམ་སྦྲེལ་དྲ་རྒྱ་+བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག”ཅེས་པའི་ཨ་ལི་པ་པའི་བྱ་སྤྱོད་ཧང་ཀྲོའུ་རུ་སྤེལ་བ།
སྤེལ་དུས། 2016-10-18   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཉི་མ་ཚེ་རིང་གིས་བསྒྱུར།
  ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་རང་སྐྱོང་ལྗོངས་རིག་གནས་ཐིང་སོགས་སྡེ་ཚན་གྱིས་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་ཨ་ལི་པ་པ་ཚོགས་པ་དང་བོད་ལྗོངས་དྲ་ཐོག་ཚོང་དོན་ཀུང་སིས་སྒྲུབ་འགན་ཁུར་བའི“མཉམ་སྦྲེལ་དྲ་རྒྱ+བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག”ཅེས་པའི་ཨ་ལི་པ་པའི་བྱ་སྤྱོད་ཧང་ཀྲོའུ་རུ་སྤེལ་བ་དང་ད་ཐེངས་ཀྱི་བྱེད་སྒོ་དེ་དུས་ཡུན་ཉིན་གསུམ་སྤེལ་རྒྱུ་ཡིན་པ་རེད།
  བོད་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་བཅས་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་སྲུང་སྐྱོབ་བྱེད་པ། མི་རིགས་ཀྱི་བརྩེ་སེམས་སྒྲོག་ཐག་འབྲེལ་མཐུད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ཧ་ཅང་དམིགས་བསལ་དང་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ལྡན་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེར་ལྷ་མོ་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་དང་། ཐང་ག དཀྱིལ་འཁོར། བོད་སྤོས་བཟོ་རྩལ། བོད་ཡིག་ཡིག་གཟུགས། བོད་ལུགས་གསོ་རིགས་དང་བོད་སྨན། ལྕགས་རིགས་ཀྱི་ལུགས་རྒྱག་པ། བསླས་འཐག་ལག་རྩལ། ཤིང་བརྐོས་རྒྱག་པ་སོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་10ལྷག་ཙམ་བསྡུས་ཡོད་པ་དང་རྒྱུན་འཛིན་པ་28ས་གནས་ས་ཐོག་ཏུ་ལག་རྩལ་འགྲེམས་སྟོན་བྱེད་པར་གདན་ཞུ་བྱས་ཡོད་པ་རེད།
  རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་ཞུས་ཧྥེ་ཡིས“ད་ཐེངས་ཀྱི་བྱེད་སྒོ་དེ་རང་ལྗོངས་ཀྱིས་གྲགས་ཅན་གྱི་མཉམ་སྦྲེལ་དྲ་རྒྱའི་སྟེགས་བུའི་ཐོག་བོད་མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་འབྲས་གཅིག་སྡུད་ཐོག་བརྒྱུད་བསྒྲགས་དང་ཁྱབ་གདལ་བཏང་བ་ཞིག་རེད། མཉམ་སྦྲེལ་དྲ་རྒྱའི་བསམ་ཕྱོགས་ལ་སྣང་ཆེན་བྱེད་པ་དང་མཉམ་སྦྲེལ་དྲ་རྒྱ་སྤྱད་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པ་ནི་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་ཞིག་དང་མཉམ་སྦྲེལ་དྲ་རྒྱ་+བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འཚོལ་ཞིབ་ཧུར་ཐག་བྱས་པ་ཞིག་རེད། ང་ཚོས་བྱེད་སྒོ་དེ་གོ་སྐབས་སུ་བྱས་ཏེ་མཉམ་སྦྲེལ་དྲ་རྒྱར་བརྟེན་ནས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ཨ་ལི་པ་པ་སོགས་གྲགས་ཅན་ཁེ་ལས་དང་མཉམ་ལས་བྱ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་འཐབ་ཇུས་མཉམ་ལས་རོགས་ཟླའི་གྲོས་མཐུན་བཞག་ཐོག་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དེ་མཉམ་སྦྲེལ་དྲ་རྒྱའི་ཐོག་ཕྱོགས་བསྡུས་བརྒྱུད་བསྒྲགས་བྱེད་པར་སྐུལ་འདེད་གཏོང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་མགྱོགས་སུ་བཏང་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་ལམ་བུ་གསར་པ་ཞིག་བཏོད་ཡོད”ཅེས་བཤད་པ་རེད།
  ཨ་ལི་པ་པ་ཚོགས་པའི་ཐའོ་པའོ་ཡི་འགན་ཁུར་བ་ཀྲང་ཆིན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཨ་ལི་པ་པ་ཚོགས་པས“མཉམ་སྦྲེལ་དྲ་རྒྱ་+”ཀྱི་རྣམ་པ་བརྒྱུད་བོད་ལྗོངས་ཕུད་པའི་ཐའོ་པའོ་ཡི་འཛད་སྤྱོད་པ་དང་སྤྱོད་མཁན་གྱིས་ཐའོ་པའོ་ཡི་ཁྱད་ཆོས་ལྡན་པའི་ཀྲུང་གོའི་བོད་ལྗོངས་འགྲེམས་ཁང་དྲ་ཐོག་ཚོང་དོན་གྱི་སྟེགས་བུའི་ལེགས་ཆ་སྤྱད་དེ་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་དང་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་དང་དེ་བཞིན་ཁྱད་ལྡན་ཞབས་ཞུ་དེ་བས་སྟབས་བདེ་ལ་མྱུར་བའི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716