སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་དབུ་བརྙེས་པ།
སྤེལ་དུས། 2016-11-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་གིས་སྒྲུབ་འགན་འཁུར་པ། གངས་ལྗོངས་སྒྲ་བརྙན་གློག་རྡུལ་དཔེ་སྐྲུན་ཁང་དང་། ཐེན་ལི་རིག་གནས་སྨྱན་སྦྱོར་ཚོགས་པས་རོགས་སྒྲུབ་མཛད་པའི“ བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་དབུ་བརྙེས་པའི་ཚོགས་ཆེན་དང་སྒོ་བྱང་འགེལ་བའི་མཛད་སྒོ” དེ་ཟླ11པའི་ཚེས་25 ཉིན་ལྷ་སར་འཚོགས་པ།
          ཡོན་ཀྲང་ཧའོ་ཨེ་ཕེན་དང་ཡོན་ཀྲང་གཞོན་པ་ཀྲང་ཡུས་ཕེན་གཉིས་ཀྱིས་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་གི་བློ་འདྲི་མཁས་པ་རྣམ་པར་གདན་ཞུའི་ཡི་གེ་གནང་གྱིན་པ།
          འགོ་ཁྲིད་དང་སྐུ་མགྲོན། རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་གི་འགོ་ཁྲིད་ལྷན་རྒྱས་ཀྱིས་དྲན་རྟེན་མཉམ་པར་བསྐྱོན་པ།
          བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་འཇིགས་མེད་འཕེལ་རྒྱས་དང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་རྩ་འཛུགས་དོ་དམ་ཅུས་ཀྱི་ཅུས་ཀྲང་དབྱང་ཅོན་ལེན་སོགས་འགོ་ཁྲིད་དང་སྐུ་མགྲོན་དག་ད་རེས་ཀྱི་བྱེད་སྒོར་ཞུགས་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོའི་མཛེས་རྩལ་པའི་་མཐུན་ཚོགས་ཀྱི་ལས་འཛིན། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཧན་ཧྲུའུ་ལི་དང་དེ་བཞིན་ཀྲུང་གོའི་མཛེས་རྩལ་གླིང་གི་འགོ་གཙོ། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའུ་ཝའེ་ཧྲན་གྱིས་ཞིབ་འཇུག་གླིང་གི་མཚན་འཛིན་ཡོན་ཀྲང་གི་འགན་བཞེས་ཡོད་པ་རེད།
          ཀྲུའུ་རེན་ཝང་ལིན་ཧུང་གིས་ཀྲུའུ་ཞི་གཞོན་པ་འཇིགས་མེད་འཕེལ་རྒྱས་ཀྱི་ཚབ་མཛད་དེ་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་གི་ཡོན་ཀྲང་ཧའོ་ཨེ་ཕེན་དང་། ཡོན་ཀྲང་གཞོན་པ་ཀྲང་ཡུས་ཕེན་རྣམ་གཉིས་ལ་གདན་ཞུའི་ཡི་གེ་གནང་པ།
          རྒན་ཨོ་རྒྱན་ཆོས་འཕེལ་གྱིས་ཡུལ་དངོས་ནས་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་གནང་པ།
          དབུ་བརྙེས་པའི་ཚོགས་ཆེན་ཐོག དམངས་གཙོའི་འདེམས་བསྐོ་བརྒྱུད་“བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང” ( གཤམ་དུ་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་དུ་བསྡུས་པ )གི་འབྲེལ་ཡོད་ཁོངས་མི་བརྡས་ཐག་གཅོད་གནང་ཡོད་དེ།  ཀྲུང་གོའི་ཚན་རིག་པ་མཛེས་རྩལ་གླིང་གི་ཡོན་ཀྲང་ཧའོ་ཨེ་ཕེན་གྱིས་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་གི་ཡོན་ཀྲང་གི་འགན་འཁུར་རྒྱུ་དང་། བོད་རང་སྐྱོང་ལྗོངས་ཚགས་པར་དང་དུས་དེབ་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཡུས་ཕེན་གྱིས་རྒྱུན་ལས་ཡོན་ཀྲང་གཞོན་པའི་འགན་ཁུར་རྒྱུ། བོད་རང་སྐྱོང་ལྗོངས་ཡིག་གཟུགས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡང་ཧྲོང་ཅུས། བོད་རང་སྐྱོང་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞིས་ཞིང་། ཧུའུ་ནན་ཞིང་ཆེན་མཛེས་རིས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཧའེ་ལེང་། པེ་ཅིང་གངས་ལྗོངས་བོད་ཀྱི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་མིང་བཅས་ཀྱིས་ཐུན་མོང་ཐོག་ཡོན་ཀྲང་གཞོན་པའི་འགན་འཁུར་པ། གངས་ལྗོངས་སྒྲ་བརྙན་གློག་རྡུལ་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ཙེང་ཧེང་གིས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་ཁང་དྲུང་ཆེ་འགན་ཁུར་རྒྱུ།  དྲུང་ཆེ་གཞོན་པ་ནི་ཀྲུང་གོའི་ཡིག་གཟུགས་པའི་མཐུན་ཚོགས་ཀྱི་ལས་འཛིན་རྒྱལ་མཚན་དང་། བོད་རང་སྐྱོང་ལྗོངས་མཛེས་རྩལ་པའི་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལྷག་པ་ཚེ་རིང་། བཅིངས་འགྲོལ་དམག་མཛེས་རྩལ་ཡིག་གཟུགས་དུས་དེབ་རྩོམ་སྒྲིག་པུའུ་ཡི་ཀྲུའུ་རེན་ཉིའུ་ཅི་ཧྥེ།  བོད་རང་སྐྱོང་ལྗོངས་དཔེ་སྐྲུན་ལས་དོན་མཐུན་ཚོགས་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཧྲུའུ་ཐིང་བཅས་འབྲེལ་ཡོད་མི་སྣས་གྲུབ་ཡོད་པ་རེད།
          ཅུས་ཀྲང་དབྱང་ཅོན་ལེན་དང་། ཀྲུའུ་རེན་ཝང་ལིན་ཧུང་གཉིས་ཀྱིས་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་གི་ཡོན་ཀྲང་ཧའོ་ཨེ་ཕེན་དང་། ཡོན་ཀྲང་གཞོན་པ་ཀྲང་ཡུས་ཕེན་ལ་སྒོ་བྱང་སྤྲོད་ཀྱིན་པ།
   ཚོགས་ཐོག་ཏུ།  བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འཇིགས་མེད་འཕེལ་རྒྱས་ཀྱིས་བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་དབུ་བརྙེས་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་ཤིས་ཚིག་ཕུལ་བ་རེད། ཁོང་གིས “ཡིག་རིས་སྒྱུ་རྩལ་ཞིབ་འཇུག་ཁང་གིས་ཕྱིས་འབྱུང་ལས་ཀའི་ཁྲོད‘སྒོ་ཡངས་པོར་ཕྱེས་ནས་ཞིབ་འཇུག་ཁང་སྒྲུབ་པའི’འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ‘ཕྱིར་སྐྱོད་པ་དང་ནང་དུ་འདྲེན་པའི’ལས་ཀའི་བསམ་ཕྱོགས་བེད་སྤྱོད་གཏོང་པ། ཐོན་ཁུངས་གཅིག་སྒྲིལ་ལ་ཤུགས་སྣོན་བྱས་ཐོག་རྒྱལ་ཡོངས་ས་གནས་ཁག་གི་ཡིག་རིས་མཐུན་ཚོགས་དང་། སྒྱུ་རྩལ་ཞིབ་འཇུག་ཁང་། རིག་གནས་སྡེ་ཚན། མཐོ་རིམ་སློབ་ཆེན། སྤྱི་ཚོགས་ལས་ཁུངས་དག་ལ་འབྲེལ་བ་དམ་པོ་བཙུགས་ངོར། སྒྱུ་རྩལ་གྱི་ལག་ལེན་དང་གཞུང་ལུགས་ཞིབ་འཇུག་དམ་པོར་སྦྲེལ་ནས།  བོད་རང་སྐྱོང་ལྗོངས་ཀྱི་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་ཁང་ནི་ཡིག་གཟུགས་དང་། རི་མོ།  ཐང་ཀ  སྒྱུ་རྩལ་ཞིབ་འཇུག་བཅས་གཞི་གཅིག་ཅན་གྱི་རིག་གནས་མིང་རྟགས་ཤིག་ཏུ་འཕེལ་རྒྱས་གཏོང་དགོས”ཞེས་རེ་བ་བཏོན་ཡོད་འདུག
          ཅུས་ཀྲང་དབྱང་ཅོན་ལེན་གྱིས་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་ཁང་གི་དྲུང་ཆེ་ཙེང་ཧེང་དང་དྲུང་ཆེ་གཞོན་པ་ལི་ཧྲུའུ་ཐིང་ལ་གདན་ཞུའི་ཡི་གེ་གནང་པ།
          བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་གི་ཡོན་ཀྲང་ཧའོ་ཨེ་ཕེན་གྱིས“བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་གིས་ཕྱིས་འབྱུང་བོད་ཀྱི་དམངས་ཁྲོད་ཡིག་རིས་སྒྱུ་རྩལ་རྒྱུད་འཛིན་དང་སྲུང་སྐྱོབ། འཕེལ་རྒྱས། དར་སྤེལ་གཏོང་པའི་འགན་འཁྲི་ལྕི་བོ་ཁུར་དུ་བླངས་ཐོག   ནང་སའི་ཡིག་རིས་མཐུན་ཚོགས་ཁག་དང་། སྒྱུ་རྩལ་ཞིབ་འཇུག་ཁང་། དེ་བཞིན་འབྲེལ་ཡོད་རིག་གནས་སྡེ་ཚན་གྱི་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་བྱས་ཐོག སྒྱུ་རྩལ་པ་དེ་ལས་མང་པོས་བོད་ཀྱི་ཡིག་རིས་སྒྱུ་རྩལ་ལ་ངོས་འཛིན་དང་།  བོད་ཀྱི་སྒྱུ་རྩལ་ལ་རྒྱུས་ལོན་བྱེད་དུ་བཅུག་ནས། བོད་ཀྱི་རིག་གནས་ལ་དགའ་ཞེན་ཡོང་དུ་འཇུག་རྒྱུ་མ་ཟད། བོད་ཀྱི་དམངས་ཁྲོད་ཡིག་རིས་སྒྱུ་རྩལ་དཔུང་སྡེ་ནང་ཞུགས་རྒྱུ་དང་། སྒྱུ་རྩལ་གསར་རྩོམ་ཐད་དུས་རབས་ཀྱི་ཁྱད་ཆོས་འཛོམས་ཤིང་།  མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ།  མི་དམངས་ཀྱི་བསམ་པའི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡིག་རིས་བརྩམས་ཆོས་གསར་རྩོམ་བྱེད་དགོས”ཞེས་བསྟན་བྱུང་།
          ཡོན་ཀྲང་ཧའོ་ཨེ་ཕིན་གྱིས་བྱེད་སྒོ་མཇུག་བསྒྲིལ་སྐབས་པིར་རྩལ་འགྲེམས་སྟོན་གནང་པ།
          བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་གི་ཡོན་ཀྲང་ཧའོ་ཨེ་ཕིན་དང་། ལས་འཛིན་ཨོ་རྒྱན་ཆོས་འཕེལ་གྱིས་ཡུལ་དངོས་སུ་སྣག་རིས་བརྩམས་ཆོས་དང་ཁོར་ཡུག་སྲུང་སྐྱོབ་བརྗོད་གཞི་ཡིན་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་གནང་པ།
          རྒན་ལྷག་པ་ཚེ་རིང་གིས་ཡུལ་དངོས་སུ་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་གནང་པ།
          བོད་རང་སྐྱོང་ལྗོངས་ཡིག་རིས་སྒྱུ་རྩལ་ཞིབ་འཇུག་གླིང་ནི་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་འགན་འཁུར་ཞིང་། བོད་ཀྱི་དམངས་ཁྲོད་ཡིག་རིས་སྒྱུ་རྩལ་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། ཞིབ་འཇུག་ཁང་དང་ཞིབ་འཇུག་པ་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ། བོད་ཀྱི་ཡིག་རིས་སྒྱུ་རྩལ་དང་ལྗོངས་ཕྱི་ནང་གི་ཡིག་རིས་སྡེའི་འབྲེལ་འདྲིས་དང་མཉམ་ལས་སྐུལ་འདེད་གཏོང་པ། བོད་ཀྱི་དམངས་ཁྲོད་ཡིག་རིས་སྒྱུ་རྩལ་བྱ་གཞག་དར་སྤེལ་གཏོང་པ་དམིགས་ཡུལ་དུ་བཟུང་པའི་ཁེ་གཉེར་རང་བཞིན་མིན་པའི་དམངས་གཉེར་གྱི་ཁེ་ལས་མ་ཡིན་པའི་སྡེ་ཚན་ཞིག་རེད་འདུག
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716