སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་རྡུལ་སྨུག་ཆེན་མོ་འབྱུང་བའི་ཉེན་བརྡ་དམར་པོ་ཐོག་མར་བཏང་བ།
སྤེལ་དུས། 2017-01-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  དཔའ་ཆེན་གྱིས་བསྒྱུར།

  ཟླ1པའི་ཚེས3ཉིན་གྱི་དགོང་མོར། ལྕགས་རྟ་འདེད་པའི་མི་ཞིག་རྡུལ་སྨུག་ཆེན་མོས་ཀུན་ནས་གཡོགས་པའི་ཧྲན་ཏུང་ཞིང་ཆེན་ལའོ་ཁྲིན་གྲོང་ཁྱེར་ཁྲི་ཕེན་རྫོང་ཅཱ་ཀྲེད་གྲོང་རྡལ་གྱི་སྲང་ལམ་བརྒྱུད་ནས་འགྲོ་བའི་ཚུལ་རེད། ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་ཟླ1པའི་ཚེས3ཉིན་གྱི་ཆུ་ཚོད8པའི་སྟེང་དུ། ཡང་བསྐྱར་རྡུལ་སྨུག་ཆེན་མོ་འབྱུང་བའི་ཉེན་བརྡ་དམར་པོ་བཏང་བ་སྟེ། སྔོན་དཔག་བྱས་པ་ལྟར་ན། ཚེས3ཉིན་གྱི་ཆུ་ཚོད20པ་ནས་ཚེས4ཉིན་གྱི་ཆུ་ཚོད20པའི་བར་དུ། པེ་ཅིན་གྱི་ལྷོ་ཕྱོགས་དང་ཐེན་ཅིན། ཧི་པེ་ཡི་དབུས་ཁུལ་དང་ལྷོ་ཕྱོགས། ཧི་ནན་གྱི་དབུས་ཁུལ་དང་ཤར་ཕྱོགས། ཧྲན་ཏུང་། ཨན་ཧའེ། ཅང་སུའུ། ཀྲེ་ཅང་གི་བྱང་ཕྱོགས། ཧྲན་ཞི་ཡི་ལྷོ་ཕྱོགས། ཧྲའན་ཞི་ཡི་ཀོན་ཀྲུང་སོགས་ཀྱི་ས་ཆར་རྡུལ་སྨུག་ཆེན་མོའི་ནམ་ཟླ་ཡོད། དེའི་ནང་ས་ཆ་མང་ཆེ་བར་སྨི50ཡན་དུ་མི་མཐོང་བའི་བའི་རྡུལ་སྨུག་ཆེས་དྲག་པོའི་ནམ་ཟླ་འབྱུང་རྒྱུ་རེད། 

  ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་ཚེས3ཉིན་རྡུལ་སྨུག་ཆེན་མོ་འབྱུང་བའི་ཉེན་བརྡ་དམར་པོ་བཏང་། དེ་ནི་རང་རྒྱལ་གྱིས2014ལོར་རྡུལ་སྨུག་ཆེན་མོའི་སྔོན་བརྡ་ཚད་གཞི་བཟོ་བཅོས་བྱས་རྗེས། ཀྲུང་དབྱང་གནམ་གཤིས་ བརྟག་དཔྱད་ཁང་གིས་རྡུལ་སྨུག་ཆེན་མོ་འབྱུང་བའི་ཉེན་བརྡ་དམར་པོ་ཐོག་མར་བཏང་བ་ཡིན་ལ། དུས་མཉམ་དུ་རླུང་ཁམས་ཆེན་མོ་སྦག་བཙོག་གི་ཉེན་བརྡ་ཡང་བསྐྱར་བཏང་བ་ཡིན། ཀྲུང་ཧྭ་བྱང་ཕྱོགས་དང་ཧོང་ཧའེ་ས་ཁུལ་དུ་བྱུང་བའི་ཐེངས་འདིའི་རྡུལ་སྨུག་དང་རླུང་ཁམས་ཆེན་མོ་སྦག་བཙོག་གི་ནམ་ཟླ་ནི2016ལོའི་ཟླ12པའི་ཟླ་སྨད་དུ་བྱུང་བའི་རྡུལ་སྨུག་དང་རླུང་ཁམས་ཆེན་མོ་སྦག་བཙོག་གི་ནམ་ཟླ་དང་བསྡུར་ན། ཚད་རིམ་ཅུང་ཆུང་བའམ་ཅུང་ཡང་མོ་རེད། རླུང་ཁམས་ཆེན་མོ་སྦག་བཙོག་འབྲིང་ཙམ་དང་དྲག་པོའི་ཤུགས་རྐྱེན་ཐེབས་པའི་ཁྱབ་ཁོངས་ཀྱང་ཅུང་ཆུང་། ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གི་དབུ་བཞུགས་སྔོན་བརྡ་པ་མཱ་ཞེ་ཁོན་གྱིས། ཚེས4ཉིན་ནས་ཚེས5ཉིན་བར་དུ། ནམ་ཟླ་འཁྱགས་པོ་ཡང་བསྐྱར་འབྱུང་རྒྱུ་རེད། སྐབས་དེར། ཀྲུང་ཧྭ་བྱང་ཕྱོགས་དང་ཧོང་ཧའེ་ས་ཁུལ་གྱི་རྡུལ་སྨུག་དང་རླུང་ཁམས་ཆེན་མོ་སྦག་བཙོག་བྱང་ནས་ལྷོ་རུ་རིམ་གྱིས་ཇེ་ཡང་དུ་འགྲོ་ངེས་པ་དང་། ས་ཆ་ཁ་ཤས་ནས་མེད་འགྲོ་བ་རེད་ཟེར།
  རང་རྒྱལ་གྱིས2014ལོར་བཟོ་བཅོས་བྱས་པའི་རྡུལ་སྨུག་ཆེན་མོའི་ནམ་ཟླའི་ཉེན་བརྡ་ཚད་གཞི་ལ་ཉེན་བརྡ་དམར་པོ་བསྣན་པ་རེད། རྡུལ་སྨུག་ཆེན་མོ་འབྱུང་བའི་ཉེན་བརྡ་དམར་པོ་གཏོང་བའི་ཚད་གཞི་ནི་ཕྱིན་ཆད་ཀྱི་དུས་ཚོད24ཡི་ནང་དུ་ཞིང་ཆེན་(ལྗོངས་དང་གྲོང་ཁྱེར)3དང་དེའི་ཡན་གྱི་ས་ཁུལ་ཁ་ཤས་ལ་སྨི200ཡན་དུ་མི་མཐོང་བའི་རྡུལ་སྨུག་དྲག་པོ་འབྱུང་བ་དང་། ཁ་ཤས་སུ་སྨི50ཡན་དུ་མི་མཐོང་བའི་རྡུལ་སྨུག་ཆེས་དྲག་པོ་འབྱུང་བ་དང་། ཡང་ན་ནམ་ཟླ་དེ་བྱུང་བར་མ་ཟད་ཡུན་བསྲིངས་པའི་ངེས་པ་ཆེ་བར་སྔོན་དཔག་བྱས་པ་ཡིན།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716