སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྐབས18པའི་ཀྲུང་དབྱང་སྒྲིག་ཞིབ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས7པ་མཇུག་གྲོལ་བ།
སྤེལ་དུས། 2017-01-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
  ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་2017ལོའི་ཟླ་1ཚེས་6ནས་8ཉིན་བར་པེ་ཅིང་དུ་འཚོགས་ཏེ། ཚེས་8ཉིན་གྱི་ཕྱི་དྲོ་གྲོལ་བ་རེད།
  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་སུ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཁེ་ཆང་དང་ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་ཞུགས།
  ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཚོགས་པས་གཙོ་སྐྱོང་གནང་། ཚང་འཛོམས་གྲོས་ཚོགས་ཀྱིས་2016ལོའི་སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་ཀ་ཕྱོགས་བསྡོམས་དང་། 2017ལོའི་ལས་འགན་བཀོད་སྒྲིག་གནང་།  བློ་མཐུན་ཝང་ཆི་ཧྲན་གྱིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་གནང་བའི་《ཁྱོན་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་རྒྱ་ཆེར་འཕེལ་བར་སྐུལ་འདེད་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་སྐོང་འཚོག་བྱ་བར་བསུ་བའི་》ལས་དོན་སྙན་ཞུ་དང་།《ཀྲུང་གོ་གུང་ཁྲན་ཏང་སྒྲིག་ལམ་ཞིབ་དཔྱོད་ལས་ཁུངས་ཀྱི་ལྟ་སྐུལ་དང་སྒྲིག་ཁྲིམས་ལས་ཀའི་སྒྲིག་ལམ་(ཚོད་ལྟའི་ལག་བསྟར་)》ལ་ཞིབ་བཤེར་གྲོས་འཆམ་བྱུང་། བློ་མཐུན་ཝང་ཆི་ཧྲན་གྱིས་སྒྲིག་སྲོལ་(ཚོད་ལྟ་ལག་བསྟར་)གྱི་གྲོས་ཞིབ་མ་ཟིན་ཐད་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།
  ཚང་འཛོམས་གྲོས་ཚོགས་གྱིས་ད་ལོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྐོང་འཚོག་བྱ་རྒྱུ་ཡིན་པས། སྒྲིག་ཁྲིམས་ཞིབ་བཤེར་གྱི་ལས་ཀ་ལེགས་སྒྲུབ་བྱ་བར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ལྟ་བ་བཏོན། ད་ལོའི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་དང་།“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་པའི་མཐུན་སྦྱོར་བྱ་བར་སྐུལ་འདེད་གཏོང་རྒྱུ།  བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ནང་གི་ཆབ་སྲིད་འཚོ་བ་ལ་ནན་ཏན། ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན། རྩ་ལག་མཉམ་བཅོས་ལ་སྐུལ་འདེད། རྒྱལ་ཁབ་ཀྱིས་ལྟ་སྐུལ་ཞིབ་བཤེར་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བྱས་ཏེ། འབད་འབུངས་ལྷོད་མེད་ཀྱིས་“སྤྱོད་ཚུལ་བཞི་”ཡོ་བསྲང་དང་། རུལ་སུངས་ལ་ཆད་གཅོད་བྱེད་པའི་གནོན་ཤུགས་ཆེན་པོ་རྒྱུན་འཁྱོངས་དང་། ཏང་ནང་གི་ཆབ་སྲིད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་རྒྱ་ཆེར་བྱ་བར་སྐུལ་འདེད་གཏོང་དགོས། ལྕགས་བརྡུང་བར་ཐོ་བ་མཁྲེགས་པོ་དགོས་པ་བཞིན། ངེས་པར་དུ་ལམ་ལུགས་ཀྱི་ལྕགས་གཟེབ་དམ་པོ་བསྡམས་ནས། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ལས་དོན་གྱི་སྒྲིག་སྲོལ་དོན་འཁྱོལ་ནན་མོ་བྱེད་པ་དང་། འགོ་ཁྲིད་ཚོགས་པ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགན་ཁུར་ཕོད་པའི་སྟེང་ནས་བློ་དཀར་བོ་མཚོན་པ་དང་། བསམ་བློའི་འཁྱེར་སོ་བཟང་བོ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསྐོང་འཚོག་བྱ་བར་བསུ་བ་བྱེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716