སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དུས་ཆེན་གསུམ་རིང་ནན་ཏན་སྒོས་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།
སྤེལ་དུས། 2017-01-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན།

  མིག་སྔར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས《 2017 ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་སར་རིང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་ནས་རྒྱུན་ལྷོད་མེད་པར“སྤྱོད་ལམ་བཞི”ཡོ་བསྲང་བྱེད་པའི་བརྡ་ཐོ》བཀྲམས་ཏེ། 2017ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་སར་བཅས“དུས་ཆེན་གསུམ”རིང་སྒྲིག་ཁྲིམས་ཁག་བརྩི་སྲུང་ནན་མོ་དང་།“སྤྱོད་ལམ་བཞིའི”གནད་དོན་བསྐྱར་སོན་བྱུང་པ་སྔོན་འགོག་བྱས་བརྒྱུད། སྤྱོད་གཙང་རྣམ་དག་གི་དུས་ཆེན་གྱི་རྣམ་པ་བསྐྲུན་ཐད་བླང་བྱ་གསལ་པོ་བཏོན་ཡོད་པ་རེད།
  བརྡ་ཐོར་གཙོ་འགན་པའི་འགན་འཁྲི་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་བསྟན་ཡོད།“དུས་ཆེན་གསུམ་”རིང་ནི“ སྤྱོད་ལམ་བཞི”དང་རུལ་སུངས་ཀྱི་གནད་དོན་ཐོན་སླ་བ་དང་ཐོན་མང་བའི་དུས་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་ཐབས་ཇུས་དང་བཀོད་སྒྲིག་སྐོར་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་གནང་ནས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་འགན་པའི་འགན་འཁྲི་ཁུར་དུ་གང་ལེགས་བླངས་ཏེ། སྔ་མོ་ནས་འཛིན་པ་དང་ཆུང་ངུ་ནས་འཛིན་པ་རྒྱུས་འཁྱོངས་བྱས་ཐོག རང་ས་གནས་དང་རང་སྡེ་ཚན་གྱི“སྤྱོད་ལམ་བཞིའི” གནད་དོན་གྱི་འཕེལ་ཕྱོགས་གསར་པ་དང་། གནས་ཚུལ་གསར་པར་དུས་ཐོག་ཏུ་ཞིབ་འཇུག་བརྡར་གཅོད་བྱེད་རྒྱུ་དང་། “སྤྱོད་ལམ་བཞིའི་”གནད་དོན་ཐོན་མ་ཐག་རྡུང་རྡེག་བྱེད་པ།  དུས་ནམ་ཡང་མདུན་སྐྱོད་ཀྱི་ལམ་དུ་ཞུགས་པའི་སྙིང་རུས་དང་ས་ཚུན་གང་ཡང་མི་ཀློད་པའི་ཆོད་སེམས། ས་ཚིགས་རེ་རེ་བཞིན་དུ་བརྟན་སྲུང་བྱེད་པ། གནད་དོན་རེ་རེ་བཞིན་དུ་ཐག་གཅོད་བྱེད་པ། ཚུལ་མིན་སྤྱོད་ཚུལ་བསྐྱར་དུ་སོན་པ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་ཁག་བཅུ” དང་“བླང་བྱ་ཁག་དགུ་”ཡི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་ཁུར་པ་དང་པོའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས་པ་དང་།རིམ་པ་བཞིན་དུ་གནོན་ཤུགས་སྤྲོད་པ་དང་རིམ་པ་བཞིན་དོན་དངོས་ལག་བསྟར་བྱེད་དགོས་པ།འགོ་ཁྲིད་ཁོངས་མི་དག་གིས་ནན་ཏན་སྒོས “ལས་གནས་གཅིག་ལ་འགན་འཁྲི་གཉིས་”ལག་བསྟར་བྱས་ཐོག  རང་སྟེང་གི་ཀུན་སྤྱོད་འཛུགས་སྐྲུན་ལ་དམ་འཛིན་བྱེད་དགོས་པ་མ་ཟད་ལས་བགོས་དོ་དམ་སྡེ་ཚན་གྱིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་ལ་ལྟ་སྐུལ་བྱས་ཏེ། གནད་དོན་ཤེས་ན་དུས་ལྟར་ཐག་གཅོད་རྒྱུ་ལས་ལྷོད་གཡེང་གཏན་ནས་གཏོང་མི་རུང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་འདུ་ཤེས།  ལྟེ་བའི་འདུ་ཤེས། གཅིག་གྱུར་འདུ་ཤེས་བརྟན་པོ་བཙུགས་ཏེ་ཁྲིམས་སྲུང་སྒྲིག་བརྩིའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་ནས། “ སྤྱོད་ལམ་བཞིའི”གནད་དོན་སྔོན་འགོག་དང་རྡུང་རྡེག་ནན་མོ་གཏོང་དགོས།
  བརྡ་ཐོར་སྒྲིག་ཁྲིམས་ནན་སྲུང་བྱ་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད་པ་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས“དུས་ཆེན་གསུམ”གྱི་སྔོན་ལ་དྲིལ་སྒྲོག་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། བརྡ་ཐོ་དང་བརྡ་ཁྱབ་འགྲེམས་པ་བརྒྱུད་ཏང་སྲོལ་ཏང་ཁྲིམས་ལ་སློབ་སྦྱོང་བྱེད་པ་སོགས་ཀྱི་ལམ་ནས་ཏང་ཡོན་དང་ལས་བྱེད་པར་གནོན་ཤུགས་སྤྲོད་རྒྱུ་དང་། སྔོན་ལ་བརྡ་གཏོང་པ་དང་། བླང་བྱ་བཏོན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འགོག་བཅུའི”སྒྲིག་ཁྲིམས་ཀྱི་བླང་བྱ་སྟེ“་གཞུང་འཁོར་སྒེར་སྤྱོད། གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ། སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་བཟའ་བཏུང་སྤྱོད་པ། གཞུང་དངུལ་སྤྱད་དེ་མཚམས་རྟགས་སྤྲོད་པ། གཞུང་དངུལ་སྤྱད་དེ་རོལ་རྩེད་རོལ་བ། གཞུང་དངུལ་སྤྱད་དེ་ཕན་ཚུན་ལ་འཚམས་འདྲི་བྱེད་པ། སྒྲིག་འགལ་ངང་ཁ་གསབ་ཕོགས་དངུལ་སྣོན་པ། གཉེན་སྟོན་དུར་སྐྱེལ་བརྒྱུད་རྒྱུ་ནོར་ལེན་པ། དུས་ཆེན་རིང་དཔོན་གནས་རག་པའི་འབྲེལ་བར་རྒྱུགས་པ། འབྲེལ་ཡོད་ཀྱི་འགྲོ་གྲོན་ཁོངས་གཏོགས་པའི་སྡེ་ཚན་དང་ཁེ་ལས་འགེལ་བ་བཅས་གཏན་འགོག་ནང་དོན”ལག་བསྟར་དོན་འཁྱོལ་བྱེད་དགོས།
  བརྡ་ཐོར་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱ་དགོས་པ་བསྟན་ཡོད། རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གཙོ་གནད་འབུར་དུ་ཐོན་རྒྱུ་དང་། གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ།  ཤུགས་དྲག་པོས་རྡུང་རྡེག་གཏོང་པ། ནན་ཏན་སྒོས་ས་གནས་དེ་ག་དང་སྡེ་ཚན་དེ་གའི“དུས་ཆེན་གསུམ”རིང་མངོན་ལྐོག་གང་རུང་གི་ཞིབ་བཤེར་ལས་དོན་ལེགས་པོ་བསྒྲུབ་དགོས། སྒྲིག་ཁྲིམས་ལག་བསྟར་འཆར་གཞི་ལེགས་པོ་བཟོས་ནས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། མངོན་ལྐོག་གང་རུང་གི་ཞིབ་བཤེར་གཏིང་ཟབ་སྤེལ་ནས་ཁུངས་སྣེ་རྙེད་མ་ཐག་དུས་ཐོག་ཏུ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བྱེད་དགོས་པ། ས་ཁུལ་དང་གྲོང་ཁྱེར་གྱི་སྒྲིག་བཤེར་ཨུ་ལྷན་གྱིས་རྩ་འཛུགས་ཀྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྫོང(ཆུས)གིས་ཕན་ཚུན་བར་མངོན་ལྐོག་གང་རུང་གི་ཞིབ་བཤེར་བྱེད་ཐབས་སྤྱོད་པ། ཕན་ཚུན་ཞིབ་བཤེར་ལས་གསར་དུ་རྙེད་པའི་གནད་དོན་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་མ་ཟད། ཕན་ཚུན་ཞིབ་བཤེར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ། མངགས་སྡོད་སྒྲིག་བཤེར་ཚོགས་ཆུང་ཁག་གིས་དུས་བཅད་དང་དུས་ངེས་མེད་ཐོག་བཅའ་སྡོད་བྱ་ཡུལ་གྱི་ལས་ཁུངས་དང་སྡེ་ཚན་གྱིས་འགན་འཁྲི་གཙོ་བོ་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་འབྱུང་བ་སྔོན་འགོག་ནན་མོ་བྱེད་དགོས། རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་དང་སྒྲིག་སྲོལ་ཨང་དང་པོར་འཇོག་པ་དང་། སྒྲིག་ཁྲིམས་ལྟ་སྐུལ་ལག་བསྟར་གྱི“རྣམ་པ་བཞི་”བེད་སྤྱོད་གང་ལེགས་གནང་པ། གནད་འགག་གི་སྐབས་དམ་པོར་སྲུང་ནས “དུས་ཆེན་གསུམ་”ལ་དམ་པོར་དམིགས་པ་དང་། རྣམ་པ་གཞན་འགྱུར་གྱི“སྤྱོད་ལམ་བཞིའི”གནད་དོན་རྩད་ཞིབ་ནན་མོ་བྱས་ཏེ། རྗེས་ཕྱོགས་སྒྲིག་ཁྲིམས་ལག་བསྟར་དེ་བས་ཀྱང་གཟབ་ནན་བྱེད་དགོས་པའི་བརྡ་རྟགས་ནན་པོ་གཏོང་དགོས་པ་རེད། “དུས་ཆེན་གསུམ་”རིང་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་རིགས་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་མ་ཟད། ཡོངས་ལ་ཁྱབ་ནས་དམར་འདོན་བྱེད་དགོས། རྫོང་དང་ཤང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཙོར་བཟུང་ནས་ཞིབ་བཤེར་བྱེད་རྒྱུ་དང་། ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་པ། དབུལ་སྐྱོར་སོགས་དམངས་འཚོའིགསབ་དངུལ་དང་དུས་ཆེན་གྱི་འཚམས་དངོས་ལ་ལག་པ་བསྲིངས་པའི་རིགས་ལ་ཐག་གཅོད་ནན་མོ་བྱེད་དགོས་པ། མང་ཚོགས་ཁ་ཤས་ཀྱིས་དོ་ཁུར་བྱེད་པའི་གཙོ་གནད་གྱོད་གཞི་དག་དང་། གོང་རིམ་སྒྲིག་ཨུད་ཀྱིས་སྐུལ་སྒྲུབ་གནང་པའི་གཙོ་གནད་ཁུངས་སྣེ་སོགས་སྒྲུབ་ཚད་ཇེ་མགྱོགས་སུ་བཏང་ནས་གང་མྱུར་ངང་མཇུག་སྒྲིལ་ཏེ་བྱེད་ཐབས་འོས་འཚམ་གྱི་ལམ་ནས་ཐག་གཅོད་མཇུག་འབྲས་ཁྱབ་བསྒྲགས་བྱེད་དགོས་པ་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཏན་ཏིག་གནང་ནས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་དགོས་སོ།
  བརྡ་ཐོར་འགན་འཁྲི་རྩད་ཀྱི་ལག་ཆ་བེད་སྤྱོད་ཡག་པོ་གཏོང་དགོས་སྐོར་བཏོན་ཡོད། ནན་ཏན་སྒོས《ཀྲུང་གོའི་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྐོར་གྱི་སྲོལ་ཡིག》ལག་བསྟར་བྱེད་དགོས་པ་དང་། འགན་འཁྲི་གཙོ་བོ་དང་། ལྟ་སྐུལ་འགན་འཁྲི། འགོ་ཁྲིད་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་མེད་པ། “སྤྱོད་ལམ་བཞི”ཡོ་བསྲང་ལས་དོན་ལ་ཞིབ་འཇུག་མི་བྱེད་པ་དང་། བཀོད་སྒྲིག་མི་བྱེད་པ། ཞིབ་བཤེར་མི་བྱེད་པའི་རྐྱེན་གྱིས་བདག་དོམ་ས་ཁོངས་སུ“དུས་ཆེན་གསུམ་”རིང་སྒྲིག་འགལ་ཁྲིམས་འགལ་གྱི་དོན་རྐྱེན་ཚབས་ཆེན་བྱུང་ནས་མཇུག་འབྲས་ཚབས་ཆེན་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་པའི་རིགས་དང་། ཤེས་རྟོགས་བྱུང་འོས་པའི་གནད་དོན་ཤེས་རྟོགས་བྱུང་མེད་པ། གནས་ཚུལ་ཤེས་རྟོགས་བྱུང་ཡང་ཐག་གཅོད་བྱས་མེད་པ། དེ་བཞིན་འགན་འཁྲི་རྩད་གཅོད་བྱེད་དགོས་ཀྱང་རྩད་གཅོད་བྱས་མེད་པའི་རིགས་ལ་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས།
  བརྡ་ཐོར་དུས་ཆེན་རིང་གི་ལས་དོན་ཁག་ལེགས་པར་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར། འཚམས་འདྲི་བྱེད་པ་དང་། ཆེད་དོན་རོགས་སྐྱོབ་བྱེད་པ། དྲོ་སྐྱིད་སྦྱིན་པ་སོགས་ཀྱི་བྱེད་སྒོར་རྩ་འཛུགས་ཞིབ་ཚགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་དགོས་པ་དང་། ལས་གནས་ཀྱི་འགན་འཁྲིའི་ལམ་ལུགས་དང་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱས་ཐོག གུང་གསེང་རིང་གི་བདེ་འཇགས་དང་གསང་སྲུང་ཞིབ་བཤེར་ལ་ཤུགས་སྣོན་བྱེད་པ། ལས་རེས་ཀྱི་སྐབས་འཕྲལ་ལམ་སྲོལ་འཐུས་ཚང་དུ་གཏོང་པ། གློ་བུར་བའི་དོན་རྐྱེན་བྱུང་པ་དང་སྐབས་ཐོག་གནས་ཚུལ་བྱུང་ཚེ་དེ་འཕྲལ་སྙན་སེང་ཞུ་རྒྱུ་དང་དུས་ཐོག་ཏུ་ཐག་གཅོད་འོས་འཚམས་བྱས་ཏེ་ལས་དོན་ཁག་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱེད་དགོས། ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་པ་བཞིན། རྒྱ་ཆེའི་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པས་རང་ཉིད་ནས་སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་སྤྱོད་གཙང་རང་གཅུན་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་བྱེད་རྒྱུ་དང་། རང་གིས་རང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་པ། རང་རྟོགས་སྒོས་སྒྲིག་ཁྲིམས་དང་སྒྲིག་ལམ་སྲུང་མཁན་གྱི་མིག་དཔེ་བཟང་པོར་གྱུར་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྣང་བརྙན་ལེགས་པོ་སྲུང་སྐྱོབ་བྱེད་དགོས་སོ།
རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཞུ་གཏུགས་ཁ་པར0891-12388
ཞུ་གཏུགས་དྲ་ཚིགས། བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་དྲ་ཚིགས་ཏེ(
www.xzjjw.gov.cn

 

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716