སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
2017ལོའི་རྒྱལ་ཡོངས་ཀྱི་ཆོས་ལུགས་ཅུས་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
སྤེལ་དུས། 2017-01-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན།

  ཟླ1པོའི་ཚེས9ཉིན། 2017ལོའི་རྒྱལ་ཡོངས་ཀྱི་ཆོས་ལུགས་ཅུས་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་འདུག་ཅིང་། ཚོགས་འདུའི་ཐོག་གནས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཞིང་། 2016ལོའི་ལས་དོན་ཕྱོགས་བསྡོམས་དང་བསམ་ཕྱོགས་བརྗེ་གནང་སྟེ། 2017ལོའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད་དེ། རྒྱལ་ཁབ་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་ཝང་ཙོའོ་ཨན་གྱིས་ཚོགས་འདུའི་ཐོག་ལས་དོན་སྙན་ཞུ་ཕུལ་འདུག
  འདས་པའི་ལོ་ངོ་གཅིག་རིང་། ཏང་ཀྲུང་དབྱང་གི་ཡང་དག་མཛུབ་ཁྲིད་འོག རྒྱལ་ཁབ་ཆོས་ལུགས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གནང་པ་དང་། ཁྲིམས་སྐྱོང་ལམ་ནས་ཆོས་ལུགས་ལས་དོན་ལ་སྐུལ་འདེད་བཏང་པ། གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་གནད་དོན་འབུར་ཐོན་དག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་པ། “ནན་གསུམ་དྲང་གསུམ”གྱི་བླང་བྱ་ལྟར་རྨང་གཞི་ཇེ་བརྟན་གཏོང་བ་དང་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ལོན་ཡོད།
  ནན་ཏན་སྒོས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་རྩ་འཛུགས་གནང་པ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས་འཚོགས་རྗེས། ཅུས་ཡོངས་ཀྱི་ལས་བྱེད་པ་དང་། ཆོས་ལུགས་སྡེའི་མི་སྣ། ཆེད་མཁས་རྣམས་ལ་བརྒྱུད་སྒྲོག་གནང་པ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བར་བཞུགས་མོལ་རྩ་འཛུགས་གནང་པ། ས་གནས་་ཆོས་ལུགས་ལས་དོན་སྡེ་ཁག་གིས་སློབ་སྦྱོང་ལག་བསྟར་ཐད་བླང་བྱ་བཏོན་ཡོད་པ་དང་། ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མིས་སྣེ་ཁྲིད་དེ་ཆེད་རྩོམ་འབྲི་བ། ཅུས་ཀྱི་དྲ་ཚིགས་དང《ཀྲུང་གོའི་ཆོས་ལུགས》དུས་དེབ་སྟེ་ཆེད་བསྒྲིགས་ལེ་ཚན་བཏོན་ནས་མུ་འབྲེལ་དྲིལ་སྒྲོག་གནང་པ། “རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས” ཞེས་པའི་ཞིབ་བསྡུར་ཚོགས་འདུ་བསྡུས་ནས་གནད་དོན་གལ་ཆེན་གྱི་གཞུང་ལུགས་ཞིབ་འཇུག་ལ་སྐུལ་འདེད་གནང་ཡོད་པ་རེད།
  ཁྲིམས་ལྟར་སྲིད་འཛིན་ཐད་སྐུལ་འདེད་གནང་པ། 《རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས< ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་ལག་བསྟར་བྱེད་པའི་རྩ་གནད( 2015 - 2020 ལོའི)〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》གཏན་འབེབས་འགྲེམ་སྤེལ་གནང་པ་དང་། མུ་མཐུད་ནས་སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་ལམ་ལུགས་བཅོས་བསྒྱུར་གནང་ནས་སྡེ་ཁག་གི་སྒྲིག་སྲོལ་དང་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གཙང་བཤེར་ལས་དོན་ལེགས་འགྲུབ་བྱུང་པ། “སྐབས་བསྟུན་གཉིས་ཀྱི་སྤྱི་བསྒྲགས་ཐེངས་རེ་བྱེད་པའི”ལྟ་སྐུལ་ལག་བསྟར་དོན་འཁྱོལ་གནང་པ། ས་གནས་་ཁག་གི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སའི་དགེ་རྒན་དང་ལས་བཟོ་བ་གཙོ་བོ་བསྐོ་བཞག་གི་ཐོ་འགོད་སྙན་ཞུ་རྒྱུན་རྣམ་ཅན་གྱི་དོ་དམ་ལ་མཛུབ་ཁྲིད་བྱེད་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་དང་ཆོས་ལུགས་སློབ་གླིང་གིས་དངུལ་ཁང་གི་སྡོམ་རྩིས་རྩིས་ཐོ་བཟོ་བར་ལྟ་སྐུལ་བྱེད་པ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་དང་ཆོས་ལུགས་སློབ་གླིང་གིས་སྤྱི་ཚོགས་ཡིད་རྟོན་ཚབ་ཨང་སྤྲོད་ཨང་གཅིག་གྱུར་གྱི་ལས་དོན་ལ་སྐུལ་འདེད་གནང་ཐོག ཆོས་ལུགས་ལས་དོན་མི་སྣའི་འཛིན་ཡིག་པར་འགྲེམས་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་པ།《རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་ཀའི་མ་ལག་གིས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ལོ་ལྔའི་འཆར་འགོད་ཨང་བདུན་པ》གཏན་འབེབས་གནང་པ་རེད།
  ཆོས་ལུགས་སྡེའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཐད་མཛུབ་ཁྲིད་གནང་པ། ཆོས་ལུགས་སྡེ་རུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པའི་བྱེད་སྒོ་སྤེལ་ནས། “ཚད་ལྡན”བརྗོད་གཞིར་བཟུང་ནས་འཆམ་མཐུན་གྱི་དགོན་སྡེ་འཛུགས་བསྐྲུན་གྱི་བྱེད་སྒོ་སྤེལ་ཐོག ཆོས་ལུགས་ཀྱི་བསམ་བློ་འཛུགས་སྐྲུན་སྤེལ་བར་སྐུལ་འདེད་གནང་པ། ཆོས་ལུགས་སྡེའི་ཆོས་ཕྱོགས་ལས་དོན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ཏེ་ཆོས་ལུགས་སྡེའི་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོར་སྐུལ་འདེད་བཏང་།
   ཆོས་ལུགས་རིག་གནས་སྤེལ་རེས་དང་འགྲོ་འོང་བྱེད་པའི་ཐད། ཨ་ཤེ་ཡའི་པོ་ཨའོ་གླེང་སྟེགས་ཀྱི“ཆོས་ལུགས་དབུ་ཁྲིད་ཀྱི་གླེང་མོལ”གྱི་ཡན་ལག་གླེང་སྟེགས་སྤེལ་བ། ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་ཆོས་ལུགས་དབུ་ཁྲིད་གདན་འདྲེན་ཐོག“སེམས་ཞི་བ་ན་གནམ་འོག་ཞི་བའི—— ཕུགས་འདུན་གཅིག་དང་སྤྱོད་ལམ་གཅིག་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཕུགས་འདུན” ཞེས་པ་བརྗོད་གཞིར་བྱས་པའི་བགྲོ་གླེང་སྤེལ་བ། ཀྲུང་གོའི་དབྱི་སི་ལམ་ཆོས་ལུགས་མཐུན་ཚོགས་དང་མཉམ་དུ་དབྱི་སི་ལམ་ཆོས་ལུགས་ཀྱི་བཏང་སྙོམས་བསམ་བློའི་ རྒྱལ་སྤྱིའི་བགྲོ་གླེང་ཚོཌ་འདུ་བསྡུས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་འཐུས་མི་གདན་འདྲེན་ཞུས་ཐོག ཐལ་སྐྱོད་རིང་ལུགས་ལ་རྒོལ་བའི་ཐུན་མོང་གི་གྲོས་འགོ་བཏོན་པ་རེད།
2017 ལོར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་གྲབས་ཡོད་པས་ན་ཆོས་ལུགས་ལས་དོན་ལེགས་པར་བསྒྲུབས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། ཝང་ཙོའོ་ཨན་གྱིས་སྙན་ཞུ་ལས་བསྟན་དོན། 2017 ལོའི་ཆོས་ལུགས་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་བ། ལྔ་བ། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་རྒྱུ་དང་།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་བྱང་བྱ་ལྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་གནང་རྒྱུ་གཙོ་གནད་དུ་འཛིན་པ། གསར་དུ་བཟོ་བཅོས་བརྒྱབ་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གནང་པ། ནུས་ཤུགས་ཡོད་རྒུས་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་པ། ནུས་ཤུགས་ཡོད་རྒུས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་ལ་ཁྲིད་སྟོན་བྱེད་པ། ནུས་ཤུགས་ཡོད་རྒུས་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་འབུར་དུ་ཐོན་པ་དག་ཐག་གཅོད་བྱེད་པ། ནུས་ཤུགས་ཡོད་རྒུས་ཆོས་ལུགས་སྡེའི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ། རང་རྒྱལ་གྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་མཐུན་སྒྲིལ་དང་བརྟན་ལྷིང་སྐུལ་འདེདགཏོང་རྒྱུ་དང་། ཆོས་ལུགས་སྡེའི་མི་སྣ་དང་དད་ལྡན་མང་ཚོགས་རྣམས་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས། ཁོང་གིས། གཅིག་ནི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། གཉིས་ནི་ཆོས་ལུགས་ལས་དོན་དེ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། གསུམ་ནི་ཆོས་ལུགས་ཁྱབ་ཁོངས་བརྟན་ཞིང་གོ་རིམ་ལྡན་པ་སྲུང་སྐྱོབ་བྱེད་རྒྱུ། བཞི་ནི་ཆོས་ལུགས་ཁག་གི་ལས་དོན་གཙོ་གནད་དུ་བཟུང་ནས་སྒྲུབ་དགོས་པ། ལྔ་ནི་ཆོས་ལུགས་སྡེའི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་པར་རྒྱབ་སྐྱོར་བྱེད་པ། ་དྲུག་ནི་ཆོས་ལུགས་སྤེལ་རེས་དང་འགྲོ་འོང་ནུས་ལྡན་ངང་སྤེལབ་བཅས་ ཕྱོགས་དྲུག་ཐད་ཀྱི་ལས་དོན་གཙོ་གནད་དུ་སྒྲུབ་དགོས་སྐོར་ནན་གྱིས་བསྟན།
  ཝང་ཙོའོ་ཨན་གྱིས། དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པར། ལས་འགན་ལྕི་ལ་གཟི་བརྗིད་ལྡན་པ་ཞིག་ཡིན་པས། ཆོས་ལུགས་ལས་དོན་ལེགས་པར་བསྒྲུབ་པར་ངེས་པར་དུ་ཆབ་སྲིད་ལ་དང་དོད་ཆེ་བ་དང་། ངེས་པར་དུ་ཆབ་སྲིད་ཐོག་རིག་པ་དྭངས་གསལ་བྱེད་པ། ངེས་པར་དུ་སྒྲིག་ཁྲིམས་དམ་ སྲུང་བྱེད་པ། ངེས་པར་དུ་འགན་འཁྲི་ཁུར་དུ་ཐེག་དགོས་ཞེས་ནན་གྱིས་བསྟན། ཁོང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྲིད་ཕྱོགས་གལ་ཆེན་སྐོར་ཀྲུང་དབྱང་གི་གཏན་འཁེལ་བྱས་ཡོད་ཅིང་། ལས་རིམ་རྗེས་མར་ང་ཚོས་ནི་དེ་ཉིད་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་རེད། བློ་མཐུན་ཞིས་ཅིན་ཕིང་་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་། ལས་དོན་ནན་སྒྲུབ་བྱས་བརྒྱུད། གཡུར་ཟའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས་ཞེས་བསྟན།
  རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅང་ཅན་ཡུང་དང་། ཁྲེན་ཙུང་རོང་། ཀྲང་ཡན་ཐུང་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། དེ་བཞིན་འཆར་གཞི་ལོགས་ཀྱི་གྲོང་ཁྱེར་ཁག་དང་། ཞིང་ཆེན་རིམ་པ་གཞོན་པའི་ཞིང་ཆེན་གནས་སའི་གྲོང་ཁྱེར་སྲིད་གཞུང་གི་ཆོས་ལུགས་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ངེད་ཅུས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་དེ་མིན་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716