སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པད་མ་འཕྲིན་ལས་ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།
སྤེལ་དུས། 2017-01-11   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  སྐལ་བཟང་གྲགས་པ།
  ཟླ་1ཚེས་10ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཆབ་མདོའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་ཞུགས་ཤིང་། ཁོང་གིས་ཏང་ལ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་མ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་ཆབ་མདོ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
  ནོར་བུ་དོན་གྲུབ་དང་། ཅི་གོ་ཀང་། དབང་ཧའེ་ཀྲོའུ་བཅས་ཆབ་མདོའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།
  ཆབ་མདོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་དང་འཐུས་མི་ཚོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་འགོད་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་ལ་གྲོས་ཞིབ་ནན་ཏན་གནང་ཡོད། འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས་པད་མ་འཕྲིན་ལས་ཀྱིས་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདས་ཟིན་པའི་ལོ་གཅིག་རིང་གི་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པར་དབྱེ་ཞིབ་གཏིང་ཟབ། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་གནང་ཡོད་ཅེས་གསུངས།
  པད་མ་འཕྲིན་ལས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་ཡོངས་དང་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོར་ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་ཏང་ལ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་དང་ལས་འགན་གསལ་རྟོགས་གང་ལེགས་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ། ཆབ་སྲིད་ཀྱི་རྩ་དོན་མཐའ་འཁྱོངས། ཆབ་སྲིད་ཀྱི་བླང་བྱ་དོན་འཁྱོལ་བཅས་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ཐོག་མཐའ་བར་གསུམ་དུ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་རྒྱུན་འཁྱོངས་དང་། ཏང་གི་འགོ་ཁྲིད་སྲོག་ཤིང་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་རྒྱུན་འཁྱོངས། རྩ་འཛུགས་དང་མི་དམངས་ལ་ཐོག་མཐའ་བར་གསུམ་དུ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་རྒྱུན་འཁྱོངས་བཅས་བྱས་ནས་ཁྲིམས་བཞིན་འགན་འཁྲི་སྒྲུབ་རིང་མི་དམངས་འཐུས་ཚོགས་ཀྱི་གཟུགས་བརྙན་བཟང་པོ་བཏོད་དེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་རིང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ་དང་བྱ་བ་དངོས་སྒྲུབ་ཕོད་པ་བྱས་ཏེ་ཕུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲ་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་ཆབ་སྲིད་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དམིགས་སར་དོན་འཁྱོལ་ཐུབ་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་མ་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་འབྲས་བུ་སྔར་བས་གཏིང་ཟབ་ཏུ་དང་རྒྱ་སྐྱེད་གཏོང་དགོས་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་འཆར་འགོད་ཇུས་འགོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་དབུལ་སྐྱོར་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོ་ལེགས་སུ་གཏོང་བར་དམ་འཛིན་ནན་པོ་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ཐོག་ནས་གནད་སྨིན་དབུལ་སྐྱོར་དང་གནས་སྨིན་དབུལ་སྒྲོལ་གྱི་ལས་འགན་ཁག་དུས་ཐོག་ཏུ་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716