སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་གནམ་གྲུ་ཐང་སོ་སོ་དཔྱིད་སྐྱེལ་གྱི་ལས་ལ་བྲེལ་བ།
སྤེལ་དུས། 2017-01-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་འཚོས་བསྒྱུར།
  གསར་འགོད་པས་ཟླ1པའི་ཚེས13ཉིན་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ནས་ཤེས་གསལ་ལྟར་ན། ཉིན་དེ་ནས་བཟུང་བོད་ལྗོངས་ཀྱི་གནམ་གྲུ་ཐང་སོ་སོས་དཔྱིད་སྐྱེལ་གྱི་མགོ་བརྩམས་པ་རེད།
  དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ལས་བྱེད་མི་སྣས་གསར་འགོད་པར་བཤད་རྒྱུར། ད་ལོའི་དཔྱིད་སྐྱེལ་ནི་ཟླ1པའི་ཚེས13ཉིན་ནས་བཟུང་མགོ་བརྩམས་པ་དང་། ཟླ2པའི་ཚེས21ཉིན་བར་བསྲིང་རྒྱུ་རེད། དཔྱིད་སྐྱེལ་གྱི་སྐབས་སུ་བོད་ལྗོངས་ཀྱི་གནམ་གྲུ་ཐང་སོ་སོས་སྔོན་རྩིས་ལྟར་ན་འགྲུལ་བ་མི་ཐེངས་ཁྲི40སྐྱེལ་ལེན་བྱེད་རྒྱུ་ཡིན་ལ། དུས་མཉམ་དུ་བསྡུར་ན16.3﹪འཕར། དཔྱིད་སྐྱེལ་གྱི་སྐབས་སུ་འགྲུལ་བ་མང་བའི་གནས་ཚུལ་ལ་གཞིགས་ཏེ། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ནས་མཁའ་འགྲུལ་ཀུང་སི་སོ་སོར་མཐུན་སྦྱོར་བྱས་ཏེ་གནམ་གྲུ་གཏོང་ཐེངས་ཇེ་མང་དུ་གཏོང་རྒྱུ་རེད།
  ཤེས་གསལ་ལྟར་ན། དཔྱིད་སྐྱེལ་གྱི་སྐབས་སུ། ཀྲུང་གོ་རྒྱལ་སྤྱི་མཁའ་འགྲུལ་ཀུང་སིས་ཁྲེན་ཏུའུ་ནས་ལྷ་ས་དང་ཁྲེན་ཏུའུ་ནས་ཉིང་ཁྲི་བར་གྱི་གནམ་གྲུ་གཏོང་ཐེངས་ཉིན་རེར་ཇེ་མང་དུ་གཏོང་རྒྱུ་དང་། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་ཞི་ཨན་དང་ལྷ་ས་བར་གྱི་གནམ་གྲུ་གཏོང་ཐེངས་ཇེ་མང་དུ་གཏོང་རྒྱུ་རེད།
  དཔྱིད་སྐྱེལ་གྱི་སྐབས་སུ། བོད་ལྗོངས་ཀྱི་གནམ་གྲུ་ཐང་སོ་སོས“དགུན་དྲོད་འགུལ་སྐྱོད”ཅེས་པ་སྤེལ་ཏེ། འགྲུལ་བཞུད་པར་སྟབས་བདེའི་ཞབས་ཞུ་སྣ་ཚོགས་འདོན་སྤྲོད་བྱེད་རྒྱུ་རེད།
  གཞན་ཡང་། དམངས་སྤྱོད་མཁའ་འགྲུལ་གྱི་བོད་ལྗོངས་ཁུལ་སྤྱི་བདེ་ཅུས་ཀྱིས་གུང་དཀར་གནམ་གྲུ་ཐང་གི་འབྱོར་སྒོ་དང་འགྲུལ་སྐྱེལ་སྒོ་ཁར “འབྱོར་ཕྱུག་བརྩོན་པ། དུག་རྫས་འགོག་པ། བདེ་འཇགས་ཡུལ་འབྱོར། བདེ་ཐང་འཚོ་བ”ཞེས་པ་བརྗོད་གཞི་ཡིན་པའི་དུག་འགོག་དྲིལ་སྒྲོག་བྱེད་སྒོ་སྤེལ་ཏེ། འགྲུལ་བཞུད་པའི་དུག་འགོག་འདུ་ཤེས་སྔར་ལས་ཇེ་དྲག་དང་།“དུག་ངོ་ཤེས་པའི”ནུས་པ་དང“དུག་འགོག”འདུ་ཤེས་ཇེ་དྲག་ཏུ་བཏང་།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716