སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དམངས་ཕན་ལས་གྲྭས་དམངས་སེམས་ལ་དྲོད་འཁོལ་བསྐྱིལ།
སྤེལ་དུས། 2017-02-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་གསུམ་པའི་ལྟ་ཞིབ་ཆེན་མོའི་བོད་ལྗོངས་ཀྱི་དཔེ་མཚོན་གྱི་ཉམས་མྱོང་དང་ལས་སྟངས་གླེང་བ།

དགུང་ཟས་གསོལ་རྗེས།  ལོ་65ལ་སོན་པའི་ཨ་མ་པད་སྒྲོན་གྱིས་ས་མཐོའི་ཉི་དྲོད་ལ་ལྡེ་ཞོར།  མ་ཎི་ལག་འཁོར་བསྐོར་བཞིན་བདེ་བདེ་ལྷོད་ལྷོད་ངང་ཚེ་མཇུག་གི་འཚོ་བ་རོལ་བཞིན་ཡོད་པ་རེད།  ལོ་གཉིས་གོང་ལ་ཁོ་མོས་འདི་འདྲའི་བག་ཕེབས་ཀྱི་འཚོ་བ་རོལ་ཐུབ་པ་བློ་ཡིད་ལའང་འཁོར་ཡོད་མི་སྲིད།

ཨ་ཡེ་པད་སྒྲོན་ལགས་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆོས་སྡེ་འོག་གྲོང་ཚོའི་མང་ཚོགས་ཡིན། བུ་ཕྲུག་མེད་པའི་ཁོ་མོས་དེ་སྔོན་སྐབས་ཤིག་རིང་གཞན་རྟེན་ངོ་བསྭོའི་འཚོ་བ་རོལ། 2015ལོའི་ཟླ་བདུན་པར་སྣེ་གདོང་ཆུས་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་འཛུགས་བསྐྲུན་བེད་སྤྱོད་བྱ་འགོ་ཚུགས།  ཨ་ཡེ་པད་སྒྲོན་དང་སྣེ་གདོང་ཆུས་འགན་ལེན་ལྔའི་བགྲེས་སོང་200ལྷག་མཉམ་དུ་ཞབས་ཞུ་ལྟེ་གནས་སུ་ལྟོ་གོས་ལ་སེམས་ཁྲལ་མེད་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

འགན་ལེན་ལྔའི་བགྲེས་སོང་གཅིག་སྡུད་བསྙེན་བཀུར་བྱ་བ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ལག་བསྟར་བྱེད་བཞིན་པའི་དམངས་ཕན་ལས་གྲྭ་ཆེན་པོ་བཅུའི་གྲས་གཅིག་ཡིན།  2016ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་པོ་ཐེངས་གསུམ་པའི་ཁྲོད།  ལྷོ་ཁ་གྲོང་ཁྱེར་གྱིས་ལག་བསྟར་དམངས་ཕན་ལས་གྲྭ་ཆེན་པོ་བཅུས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་པས་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་ངོས་འཛིན་བྱས་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་ལག་བསྟར་བྱས་པའི་དམངས་ཕན་ལས་གྲྭ་ཆེན་པོ་བཅུའི་ནང་སློབ་གསོ་གཙོ་བོ་བཟུང་ནས་འཕྲོད་བསྟེན་གྱི་སྤུས་ཚད་མཐོར་གཏོང་།  སྤྱི་ཚོགས་འགན་སྲུང་གི་ཚད་གཞི་མཐོར་གཏོང་།  དབང་པོ་སྐྱོན་ཅན་དང་དྭ་ཕྲུག་ལ་རོགས་རམ།  རྒན་གསོ་བདེ་སྐྱིད།  དབུལ་སྒྲོལ་འགག་སྒྲོལ།  བདེ་སྡོད་འགན་ལེན།  ས་ཆ་ཤོར་བ་འགན་སྲུང་།  རིག་གནས་དམངས་ཕན། ལྷོ་ཁའི་བདེ་འཇགས་བཅས་ཀྱི་ནང་དོན་འདུས།  ལྷོ་ཁ་གྲོང་ཁྱེར་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་དབྱིག་ཧྭ་ཡིས་བརྗོད་རྒྱུར་ལྷོ་ཁའི་འབད་པ་ཆེན་པོས་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ནོར་ཤུགས་ཀྱི་70%ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་།ལོ་ལྔ་ཚན་བཅུ་གསུམ་པའི་རིང་ལྷོ་ཁས་སྒོར་དུང་ཕྱུར་37བསྡུ་སྒྲིལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམངས་སེམས་ལས་གྲྭ་བསྐྲུན་འཆར་ཡོད།

ལྷོ་ཁ་གྲོང་ཁྱེར་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་མང་ཚོགས་བློ་བཟང་ཕུན་ཚོགས་ཀྱིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར།ཏང་གི་སྲིད་ཇུས་ཡག་པོ་རེད། ཕྲུ་གུ་ནད་བཅོས་པའི་འགྲོ་སོང་སྒོར་ཁྲི་13ཧ་ལམ་འགྲོ་སོང་ཚང་མ་རྩིས་ཞུ་བྱས་སོང་། 2016ལོར་བློ་བཟང་ཕུན་ཚོགས་ཀྱི་བུ་ལ་བཙན་ཤེད་རང་བཞིན་པའི་སྒལ་གཞུང་ཚ་ནད་ཕག་པ་ངོས་འཛིན་བྱས། གཤགས་བཅོས་འགྲོ་སོང་གིས་སྐབས་ཤིག་རིང་ཁྱིམ་ཚང་འདི་དཀའ་ཁག་གི་གནས་སུ་གྱར་བ་རེད།

བློ་བཟང་ཕུན་ཚོགས་ཀྱི་ཁྱིམ་ནི་ལྷོ་ཁ་གྲོང་ཁྱེར་སྨན་བཅོས་རོགས་སྐྱོབ་འགན་སྲུང་ལམ་སྲོལ་གྱིས་རོགས་ཕན་ཐོབ་པ་མང་པོའི་ཁྱིམ་ཚང་གྲས་ཤིག་ཡིན།

བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་སྲིད་ཇུས་ཁག་གི་རྨང་གཞིའི་སྟེང་།  ལྷོ་ཁ་གྲོང་ཁྱེར་སྒོར་ཁྲི་1000གིས་ནད་གཞི་ཚབས་ཆེན་རོགས་སྐྱོབ་ཐེབས་རྩ་བཙུགས།  ལྷོ་ཁ་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་སངས་རྒྱས་ཆོས་འཕེལ་གྱིས་བརྗོད་རྒྱུར་ནད་པ་གཅིག་ལ་ཆེས་མཐོ་ཤོས་ལ་སྒོར་ཁྲི་39ཡི་སྨན་བཅོས་རོགས་སྐྱོབ་ཐོབ་ཐུབ། སྨན་བཅོས་སྲིད་ཇུས་གནད་ལ་འཁེལ་བ་ནི་ནད་གཞི་རྐྱེན་པས་དབུལ་པོར་གྱུར་བའི་སྣང་ཚུལ་རྦད་དེ་གཏན་འགོག་བྱ་དགོས་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གཡུལ་འགྱེད་འགོ་བརྩམས་རྗེས།  ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ཏེ་ཤང་རེར་ཐབས་ཇུས་རེའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་འཆར་འགོད་373ལག་བསྟར་བྱས་ཏེ།  ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་13%ཡན་ཟིན་པ་རེད།  ལས་བྱེད་ལས་བཟོ་བས་དབུལ་སྐྱོར་ཆ་སྒྲིག་མི་གྲངས་ཁྲི་3.7ཟིན།གྲོང་ཁྱེར་གྱིས་རྫོང་དང་།  རྫོང་གིས་ཆུས་དང་ཤང་གྲོང་།  གྲོང་རྡལ་སྡེ་ཁུལ་གྱིས་གྲོང་ཚོ་དང་སྡོད་དམངས་ལ་བོད་སྐྱོར་གྱི་དབུལ་སྐྱོར་རོགས་སྐྱོར་གྱི་ལམ་སྲོལ་གཞི་རྩའི་ཆ་ནས་ཆགས་ཡོད།  མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་དབུལ་སྒྲོལ་ཟིན་ཚད་ཕྱེད་ཀ་ལས་བརྒལ། རྫོང་གསུམ་གྱིས་སྔོན་ལ་དབུལ་པོའི་ཞྭ་མོ་ཕུད་ཟིན་པ་རེད།

དབུལ་སྒྲོལ་འགག་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་ལམ་བར་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་གལ་གནད་དུ་བཟུང་ནས་རྒན་གསོའི་ཁ་གསབ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་མ་མཐའི་འཚོ་བའི་ཁ་གསབ། དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ཚད་མཐོར་བཏང་།  བྱིས་པའི་ཕན་བདེ་ཁང་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་བྱས་ཏེ།  དྭ་ཕྲུག་གཅིག་སྡུད་གསོ་སྐྱོང་བྱ་ཚད་100%ཟིན།  ལོ་15ཡི་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ཀྱི་རྨང་གཞིའི་སྟེང་། ལྷོ་ཁ་ནས་ཡིན་པའི་དབུལ་པོའི་སློབ་ཆེན་སློབ་མར་ད་དུང་སྒོར་སྟོང་8ནས་ཁྲི་2བར་ཀྱི་རོགས་དངུལ་ལོངས་སྤྱོད་བྱེད་ཆོག

ལྷོ་ཁ་གྲོང་ཁྱེར་ཁྲ་འབྲུག་གྲོང་རྡལ་གྱི་མང་ཚོགས་ལྷ་འབྲུག་གིས་བཤད་རྒྱུར།བྱིས་པས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་རྗེས་ལས་བྱེད་མི་སྣ་ཁྱིམ་དུ་ཐོན་ནས་དངུལ་ཁང་གི་བྱང་བུའི་ཨང་གྲངས་ཐོ་འགོད་བྱས་ཏེ་ཁ་གསབ་སྤྲད། སློབ་ཆུང་ནས་མཐོ་འབྲིང་བར། ཕྲུ་གུའི་སློབ་ཡོན་དང་།  འཚོ་བའི་གྲོན་དངུལ། ཉལ་ཁང་གི་འགྲོ་གྲོན་ཚང་མ་རྒྱལ་ཁབ་ཀྱིས་འགན་བཞེས་གནང་། དེ་ལྟ་བུའི་སྲིད་ཇུས་རྒན་རབས་པས་གོ་ཐོང་བྱུང་མྱོང་མེད།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716