སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྐད་ཆེན་པོ3གྱི་ནང་པས་དད་པའི་བྱ་རྐང་ལྷ་རིར་དཔྱིད་གསར་དུས་ཆེན་ལ་མི་གྲངས་ཆིག་འབུམ་གྱིས་མཆོད་མཇལ་བྱས།
སྤེལ་དུས། 2017-02-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།

  2017ལོའི་ལུགས་རྙིང་མེ་བྱ་ལོའི་ལོ་གསར་བཅོ་ལྔའི་དུས་ཆེན་བཏང་ཚར་མ་ཐག བོད་རབ་རྒྱན་མེ་བྱ་ལོའི་དུས་ཆེན་ལ་སླེབས་པས། ཡུན་ནན་ཏ་ལིའི་རི་བོ་བྱ་རྐང་ལ་ལོ་འཁོར་བཅུ་གཉིས་ལ་ཐེངས་གཅིག་གི་བྱ་ལོར་བྱ་རི་མཇལ་བའི་སྲོལ་རྒྱུན་གནས་མཇལ་གྱི་འཚུབ་ཆ་དོད་པོའི་བྱེད་སྒོའི་སྐབས་དང་འཁེལ། འདྲ་པར་ནི་ཡུལ་སྐོར་བ་རེད། 

  ཏ་ལིའི་ཡུལ་སྐོར་ཚོགས་པའི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། འདས་མ་ཐག་པའི་དཔྱིད་གསར་དུས་ཆེན་སྐབས་སུ་།  རི་བོ་བྱ་རྐང་གིས་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་འབུམ་གཅིག་ལས་བརྒལ་པས།  ཧ་ཅང་འཁྲུག་ཆ་དོད་པོ་ཡོད།  དེ་ནི་རི་བོ་བྱ་རྐང་མཛེས་ལྗོངས་ཁུལ་གྱི་ལོ་རྒྱུས་ཐོག་ཏུའང་མཐོང་དཀོན་པ་ཞིག་ཡིན།  འདྲ་པར་ནི་མཇལ་བ་ཡིན།

  ཤེས་རྟོགས་བྱུང་བར་གཞིགས་ན།  རི་བོ་བྱ་རྐང་ནི་རྒྱ་བརྒྱུད་དང་ལྷོ་བརྒྱུད།  བོད་རྒྱུད་ནང་བསྟན་ཆོས་ལུགས་བཅས་ཆོས་བརྒྱུད་ཆེན་པོ་གསུམ་གྱི་ནང་བའི་གནས་མཆོག་ཞིག་ཡིན། ལུགས་རྙིང་དང་བོད་ལོའི་བྱ་ལོར་ས་གནས་ཁག་གི་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་ཁྲི་སྟོང་མང་པོ་བཀུགས་ཏེ། མཇལ་ཁ་ཞུ་བ་དང་ལྗོངས་རྒྱུ་བྱེད་པ་ཡིན། འདྲ་པར་ནི་རི་བོ་བྱ་རྐང་གི་གསེར་ཏོག་སྟེང་གི་དར་ལྕོག་ཡིན།

  རི་བོ་བྱ་རྐང་ཅིའི་ཕྱིར་སྐད་བརྒྱུད་མི་གཅིག་པའི་སངས་རྒྱས་ཆོས་ལུགས་པས་དད་བཀུར་བྱེད་པ་ཡིན་ནམ།  ངོ་སྤྲོད་བྱས་པར་གཞིགས་ན།  སྐད་བརྒྱུད་ཆེན་པོ་གསུམ་གྱི་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་ཚང་མར་གསལ་བོར་ལུང་བསྟན་པ་ནི་སྟོན་པ་ཤཱཀྱ་ཐུབ་པའི་ཉེ་བའི་སྲས་ཆེན་འོད་སྲུང་གིས་རི་བོ་བྱ་རྐང་གི་ཧྭ་ཧྲིག་མིན་དུ་སངས་རྒྱས་ཀྱི་ན་བཟའ་དང་ལྷུང་གཟེད་མཆོད་འབུལ་བྱས་ཏེ་ཏིང་ངེ་འཛིན་དུ་བཞུགས་ཏེ། རྗེ་བཙུན་བྱམས་པ་མགོན་པོ་བྱོན་པར་རེ་སྒུག་བྱས།  རི་བོ་བྱ་རྐང་གི་གསེར་ཏོག་མཆོད་རྟེན་དུ་ཤཱཀྱ་མུ་ནེའི་ཚ་བོའམ་སྲས་ཆེན་་ཀུན་དགའ་བོའི་ན་བཟའ་ལྷུང་གཟེད་མཆོད་འབུལ་གནང་ཡོད། འདྲ་པར་ནི་ཧྭ་ཧྲིག་མིན་རྩིག་ལྡེབས་མདུན་གྱི་དད་ལྡན་མང་ཚོགས་ཡིན། བཤད་རྒྱུན་ལ་ས་གནས་དེ་གར་དད་ལྡན་པ་ལ་དངོས་གྲུབ་ཆེན་པོ་ཐོབ་ཐུབ། མི་རིགས་རིག་གནས་མཉམ་འདྲེས་ཀྱི་ངོས་ནས་བལྟས་ན། ཡུན་ནན་ཏ་ལིའི་རི་བོ་བྱ་རྐང་དུ་གནས་པའི་ཡུན་ནན་ནུབ་ཀྱི་ཇ་རྟའི་གནའ་ལམ་གྱི་བསྣོལ་མཚམས་སུ། ཀྲུང་ཧྭའི་དབུས་རྒྱུད་རིག་གནས་དང་མཚོ་བོད་མཐོ་སྒང་གི་རིག་གནས། ཨེ་ཤེ་ཡ་ལྷོ་མ།  ཨེ་ཤེ་ཡ་ཤར་ལྷོའི་རིག་གནས་བཅས་གནའ་ནས་བཟུང་འཆམ་མཐུན་མཉམ་འདྲེས། མཉམ་གནས་ཀྱི་རྣམ་པ་ཆགས་པས་ཐུན་མོང་གི་ངག་རྒྱུན་ཡོད་པ་ལ་ཡ་མཚན་སྐྱེ་དགོས་དོན་མེད།  དཔེར་ན། རི་བོ་བྱ་རྐང་རྒྱུད་ཀྱི་པའེ་རིགས་ལ་བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པས་གསེར་བྱའི་གེ་སར་སྒྲུང་དར་ཁྱབ་བྱུང་ཡོད།  འདྲ་པར་ནི་གསེར་ཏོག་གི་བོད་ལུགས་མཆོད་རྟེན།

  གསར་འགོད་པས་རི་བོ་བྱ་རྐང་མཛེས་ལྗོངས་ཁུལ་དུ་བཅར་འདྲི་བྱེད་སྐབས་བོད་རིགས་དད་ལྡན་མང་ཚོགས་ཧ་ཅང་མང་པོ་ཡོད་པ་མཐོང་། མིང་ངོ་སྤྲོད་བྱ་མི་འདོད་པའི་ལྷ་སའི་ཡུལ་སྐོར་བ་གཉིས་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས་པར།  ན་ནིང་རི་བོ་བྱ་རྐང་དུ་གནས་མཇལ་དུ་ཡོང་མྱོང་།  འོན་ཀྱང་ཕྱིས་སུ་ཡུན་ནན་དམངས་སྲོལ་ལ་ཐོག་མར་ལི་ཅཱང་ཝུན་ཧྥིན་དགོན་པར་ཧྭ་ཧྲིག་མིན་གྱི་སྒོའི་ལྡེ་མིག་ལེན་དགོས་པ་དང་།  དེ་ནས་རི་བོ་བྱ་རྐང་ལ་མཇལ་ཁ་གནང་ཚེ་ད་གཟོད་མཆོད་མཇལ་ཆ་ཚང་དང་དད་གུས་ཆེན་པོ་ཡོད་པ་གོ་ཐོས་བྱུང་། ཏག་ཏག་ད་ལོ་སླར་ཡང་བྱ་ལོར་འཁེལ་བས་ཡང་བསྐྱར་ཆེད་དུ་སླེབས་པ་ཡིན།  འདྲ་པར་ནི་གསེར་ཏོག་གྱི་ལངྐར་གཤེགས་པའི་མཆོད་རྟེན་ཡིན།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716