སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་སུ་དངུལ་རྩ་ཉོ་ཚོང་ཁྲོམ་རར་ཞུགས་པའི་ཀུང་སི་14ཡོད་པ།
སྤེལ་དུས། 2017-02-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།

  ཉེ་བའི་ལོ་ཤས་རིང་།  སྔར་ལས་མང་བའི་བོད་ལྗོངས་ས་གནས་ཀྱི་ཁེ་ལས་ཀྱིས་མ་རྩའི་ཚོང་རར་བརྟེན་ནས་ཁེ་ལས་སྟོབས་ཤུགས་ཇེ་ཆེ་དང་རྒྱ་བསྐྱེད་གཏོང་བཞིན་ཡོད། 2016ལོའི་ལོ་མཇུག་བར། བོད་ལྗོངས་སུ་དངུལ་རྩ་ཉོ་ཚོང་ཁྲོམ་རར་ཞུགས་པའི་ཀུང་སི་14འཕར་བ་དང་། ཀུང་སིའི་ཚོང་རའི་མ་རྩའི་རིན་ཐང་སྒོར་དུང་ཕྱུར་1528.48ཟིན་པ་ན་ནིང་གི་བོད་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལས་བརྒལ། དངུལ་རྩ་ཅན་དུ་འགྱུར་ཚད་རྒྱལ་ནང་གི་མདུན་གྲལ་དུ་ལྷགས་ཡོད་པ་རེད།

  ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་གོང་དུ་འཕེལ་བ་དང་། 1995ལོར་བོད་ལྗོངས་ཀྱི་ཀུང་སི་དང་པོ་——བོད་ལྗོངས་ཀྱི་སྐར་ཆེན་དངུལ་རྩ་ཉོ་ཚོང་ཁྲོམ་རར་ཞུགས་པ་དང་། བོད་ལྗོངས་ཀྱི་མ་རྩའི་ཁྲོམ་རའི་གཞི་ཁྱོན་དང་གཙོ་གཟུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་སྟེ།  ཚོང་རའི་གཙོ་གཟུགས་རིགས་ཆ་ཚང་བ། ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་བའི་དངུལ་རྩ་ཚོང་རའི་མ་ལག་ཐོག་མར་ཆགས་པ་དང་། ཟམ་མི་ཆད་པར་བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སྐྱེ་སྟོབས་གསར་པ་བསྣན།

  བསྡོམས་རྩིས་ལྟར་ན། 2016ལོའི་ལོ་མཇུག་ཏུ་བོད་ལྗོངས་སུ་དངུལ་རྩ་ཉོ་ཚོང་ཁྲོམ་རར་ཞུགས་པའི་ཀུང་སི་14ཡོད།   གཙོ་བོ་བཟའ་བཅའ་བཟོ་སྐྲུན་དང་ཡུལ་སྐོར། སྨན་རྫས་བཟོ་བ། གཏེར་ཁའི་ཐོན་སྒོ་འབྱེད་པ། འཛུགས་སྐྲུན་རྒྱུ་ཆ།  བོད་ལུགས་གསོ་རིག་དང་བོད་སྨན་སོགས་ལས་རིགས་འདུས་ཡོད། དེ་ལས་ཀུང་སི་10ཁྲོམ་ར་གཙོ་བོར་ཞུགས་ཡོད་པ་དང་།  ཀུང་སི་4ཚོང་ར་འབྲིང་ཆུང་བར་ཞུགས་ཡོད།

  བོད་རང་སྐྱོང་ལྗོངས་དངུལ་རྩ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཏུའུ་ཝེས་བརྗོད་རྒྱུར། ན་ནིང་བོད་ལྗོངས་ས་གནས་ཀྱི་ཁེ་ལས་གསུམ་དངུལ་རྩ་ཉོ་ཚོང་ཁྲོམ་རར་ཞུགས་པས། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་ཀྱིས་མངོན་ཡོད། དུས་མཚུངས་མ་རྩའི་ཁྲོམ་ར་དེ་བོད་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་པ་གསེད་འགྲེལ་བྱས།

  ཆེད་ལས་མཁས་པས་བསམ་ཚུལ་ལྟར་ན། མ་འོངས་པའི་ལོ་ཤས་རིང་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དང་། ལྗང་མདོག་བདེ་ཐང་ཐོན་ལས།  ཆུ་གློག་ནུས་རྒྱུའི་ཁྱབ་ཁོངས་སུ་དེ་ལས་ལྷག་པའི་ཀུང་སི་མང་པོ་དངུལ་རྩ་ཉོ་ཚོང་ཁྲོང་རར་ཞུགས་འགྱུར་ཡོད།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716