སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྲིད་གྲོས་ཨུ་ཡོན་སྐལ་བཟང་ནོར་བུའི་རང་འགན་གཙང་སྒྲུབ་ཀྱི་སྐོར་བཀོད་པ།
སྤེལ་དུས། 2017-03-09   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  
  2013ལོར་བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་གསོ་རིག་གི་གཙོ་གནད་ཚོད་ལྟ་ཁང་སྟེ“མིའི་རིགས་ས་མཐོར་འཕྲོད་པར་བྱེད་པའི་འགྱུར་བའི་གསོ་རིག་ཞིབ་འཇུག་གི་གཙོ་གནད་ཚོད་ལྟ་ཁང”བཙུགས་པ་དེས་རྒྱལ་ཁབ་ཕྱི་ནང་ལ་ས་མཐོའི་གསོ་རིག་ཁྱབ་ཁོངས་སུ་འགྱུར་བའི་གསོ་རིག་ཞིབ་འཇུག་ལྟེ་གནས་དང་པོ་ཆགས་ནས་རྨང་གཞི་དང་ནད་ཐོག་སྨན་བཅོས་ཀྱི་བར་ཐག་ཆེས་ཆེར་ཆུང་དུ་སོང་ཡོད།
  ལོ་མང་རིང་། ས་མཐོའི་གསོ་རིག་ཁྱབ་ཁོངས་སུ་ལས་ལ་གཞོལ་བ་དང་སྐབས་གཉིས་བསྟུད་མར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་འགན་བཞེས་མྱོང་བའི་སྐལ་བཟང་ནོར་བུར་ས་མཐོའི་སྨན་བཅོས་དཔུང་ཁག་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་དང་། དེ་བཞིན་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ཚན་ཞིབ་ཀྱིས་ནུས་པ་ཆེན་པོ་ཐོན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
  “གཙོ་བོ་ས་མཐོའི་ཁོར་ཡུག་གི་རྒྱུ་རྐྱེན་དབང་གིས་ས་མཐོའི་ནད་དེ་གཤོངས་ས་དང་མི་འདྲ་བར་རང་རང་གི་ཁྱད་ཆོས་ལྡན་ལ་བཅོས་ཐབས་ཀྱང་གཅིག་པ་མིན་པས། གལ་སྲིད་དེར་ཞིབ་འཇུག་མ་བྱས་ཚེ་གནད་དོན་ནམ་ཡང་སེལ་ཐབས་བྲལ”
  “ལོ་བཅུ་གྲངས་ཁ་ཤས་འཕེལ་རྒྱས་བརྒྱུད་བོད་ཀྱི་སྨན་བཅོས་ཚན་ཞིབ་ལ་རྨང་གཞི་ངེས་ཅན་དང་ཅུང་ཆེད་ལས་ཅན་གྱི་དཔུང་ཁག་གྲུབ་་ཡོད། རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ཚེ། བོད་ཀྱི་རིགས་གཅིག་མཁས་པར་ཡིད་ཆེས་དང་འདེགས་སྐྱོར་བྱེད་དགོས་ཤིང་། བོད་ཀྱི་ལེགས་ཆའི་རིག་ཚན་ལ་དམིགས་པའི་རྣམ་གྲངས་ཆེ་རིགས་ལ་ང་ཚོའི་རིགས་གཅིག་མཁས་པས་སྣེ་ཁྲིད་བྱེད་དགོས་ལ། ང་ཚོར་ཡང་འདི་ལྟའི་གདེང་ཚོད་དང་ནུས་པའང་ལྡན་པས། རྒྱལ་ཁབ་ཀྱི་ངོས་ནས་ཀྱང་འདི་ལྟའི་གདེང་ཚོད་དང་ཡིད་ཆེས་ཡོད་དགོས”ཞེས་སྐལ་བཟང་ནོར་བུས་ངོས་འཛིན་བྱས་པ་དང་། ཁོང་གིས་འདི་འདྲ་མ་བྱུང་ཚེ། “རྣམ་གྲངས་ཀྱི་རྒྱབ་སྐྱོར་ཡོད་རིགས་ཀྱིས་རྣམ་གྲངས་ལ་བརྟེན་ནས་རྒྱབ་སྐྱོར་དང་གྲུབ་འབྲས་སྔར་ལས་མང་བ་ཐོབ་རྒྱུ་དང་། རྣམ་གྲངས་གཉེར་མྱོང་མེད་རིགས་ཀྱིས་རྣམ་གྲངས་གསར་པ་འདུན་ཞུ་བྱེད་པར་དཀའ་ངལ་སྔར་ལས་ལྷག་པ་འཕྲད་རྒྱུ་ཡིན”པས། དྲག་པ་སྔར་བས་དྲག་པ་དང་ཞན་པ་ལྷག་པར་ཞན་པར་འགྱུར་བའི“མ་ཐའེ་ནུས་པ”ཐོན་ངེས་རེད་ཅེས་བཤད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716