སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོའི་ཚོགས་འདུ་གཉིས་ཀྱིས་འཛམ་གླིང་ལ་ལམ་ལུགས་ཀྱི་ཁྱད་ཡོན་ངོམ་ཡོད།
སྤེལ་དུས། 2017-03-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
ཝང་ཧེ་ལིག
          ཟླ་3ཚེས་3ཉིན།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ཡང་ཟླ་3ཚེས་5ཉིན་འགོ་ཚུགས།  ལོ་གཅིག་གི་འཆར་གཞི་དཔྱིད་ནས་འགོ་འཛིན་དགོས་པ་ལྟར་ཀྲུང་གོའི་ཆབ་སྲིད་ཀྱི་དུས་ཚིགས་ཀྱང་ཚོགས་འདུ་གཉིས་ནས་འགོ་འཛིན་དགོས་པ་དང་།  ཀྲུང་གོ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་འབྲེལ་བའང་ཚོགས་འདུ་གཉིས་ནས་སྤེལ་བ་ཡིན།
          “PartyCongress(ཏང་གི་འཐུས་མི་ཚོགས་ཆེན་)དང་TheNationalPeople'sCongress(རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན།)གཉིས་ཀྱི་འབྲེལ་བ་ཅི་ཞིག་ཡིན་ནམ། དྲི་བ་དེ་ནི་ཉིན་ཤས་གོང་སྨྱུག་ཐོག་པས་ཨ་ཧྥེ་རི་ཁ་གླིང་དང་ཨེ་ཤ་ཡ་ལྷོ་མ། ཨེ་ཤེ་ཡ་ཤར་ལྷོའི་གསར་འགོད་པར་ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་གླེང་སྐབས་འཕྲད་པའི་གནད་དོན་དང་པོ་ཡིན།  སྨྱུག་ཐོག་པས་ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་གྱིས་འགྲེལ་བཤད་བྱ་སྐབས་དེ་ལས་ལྷག་པའི་གནད་དོན་མང་པོ་བྱུང་བ་སེམས་ལའང་མ་དྲན།  གསར་འགོད་པ་ལ་ལས་འདྲི་རྒྱུར་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་དུང་ཕྱུར་14ཙམ་ལ་ཇི་ལྟར་འགོ་ཁྲིད་བྱས་པ་ཡིན་ནམ།  སྨྱུག་འཛིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ལུང་དྲངས་ནས་ཁོ་ཚོའི་གནད་དོན་དེར་ལན་བཏབ་པ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་དོན།  མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་།  མི་དམངས་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཟུང་འབྲེལ་དམ་ཚགས་བྱེད་པའི་རྩ་བའི་ལམ་ལུགས་ཀྱི་བཀོད་པ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གནང་དོན།  སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་བྱེད་པ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པ་དང་ཐུན་མོང་མ་ཡིན་པའི་ལེགས་ཆ།  ཀྲུང་གོ་གུང་ཁྲན་ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་དེ་ཆབ་སྲིད་ཁྱབ་ཁོངས་ཀྱི་གལ་ཆེའི་མངོན་ཚུལ་ཞིག་ཀྱང་ཡིན།  སྨྱུག་འཛིན་པས་སྣང་ཚུལ་གཞན་ཞིག་རྟོགས་པ་ནི། ཚོགས་འདུ་གཉིས་ཀྱིས་ཀྲུང་གོའི་སྲིད་ཇུས་མཚོན་པ་ནས་ཀྲུང་གོའི་ལམ་ལུགས་མཚོན་པའི་བར་གོང་དུ་རིམ་སྤོར་བྱས་པས། འཛམ་གླིང་གི་ཆབ་སྲིད་དོན་སྙིང་ཉིན་རེ་བཞིན་མངོན་གསལ་དོད་པོར་འགྲོ་བཞིན་ཡོད། ཚོགས་འདུ་གཉིས་ནི་ཕྱི་རྒྱལ་བས་ཀྲུང་གོར་རྒྱུས་ལོན་བྱེད་པའི་མེ་ལོང་ཡིན་ལ།  ཀྲུང་གོར་ལྟ་ཞིབ་དང་ཀྲུང་གོར་སྔོན་དཔག་བྱེད་པའི་སྐར་ཁུང་ཡིན།  མིག་སྔར་ཁྱོན་ཡོངས་ནས་ཀྲུང་གོའི་ཆབ་སྲིད་ལམ་ལུགས་གཅིག་སྡུད་ཀྱིས་འགྲེམས་སྟོན་པའི་སྒེའུ་ཁུང་ཞིག་ཏུ་གྱུར་ཡོད།
          དེ་ལ་རྒྱབ་ལྗོངས་ཆེན་པོ་ཞིག་ཡོད་པ་སྟེ།  ནུབ་ཕྱོགས་ཀྱི་ཆབ་སྲིད་ཟང་ཟིང་ཆེ་བ།  དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་བུད་པ་དང་ཨ་རིའི་ཙུང་ཐུང་འདེམས་བསྐོ་སོགས་གཅིག་མིན་མང་པོ་ཡོད།  དམངས་སེམས་རིང་ལུགས་དང་སྒྲིག་གཞི་ལ་ངོ་རྒོལ་བྱེད་པར་དགའ་བསུ་ཆེན་པོ་བྱེད།  དེ་བས་འཛམ་གླིང་གིས་ཀྲུང་གོའི་ཆབ་སྲིད་ལམ་ལུགས་ལ་བསམ་མེད་དྲན་མེད་ངང་དོ་སྣང་བྱེད་པ་ལས།  ཀྲུང་གོའི་དཔལ་འབྱོར་གྱི་གནས་ཚུལ་ལ་དོ་སྣང་བྱ་མཁན་མེད།  སྤྱི་དམངས་ཀྱིས་འདེམས་ཤོག་འཕངས་པའི་ཟང་ཟིང་སྣ་མང་གིས་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ཉམས་རྒུད་དུ་འགྲོ་བཞིན་པ་མཚོན་ཐུབ།  ཆབ་སྲིད་པ་རྣམས་ཀྱིས་ཤུགས་ཡོད་ཚད་བཏོན་པ་མཐའ་མ་ཕམ་ཁ་བྱུང་རྗེས་ལས་ཁུར་དགོངས་ཞུ་བྱས་ཏེ་རྫོགས་པར་བྱེད།  འོན་ཀྱང་ལམ་ལུགས་ཀྱི་སྐྱོན་ཆ་སྔར་བཞིན་གནས་ཡོད།  གནད་དོན་ཚང་མས་ལྡོག་ཕྱོགས་ནས་ཀྲུང་གོའི་གྲོས་མོལ་བྱེད་པའི་དམངས་གཙོའི་ལེགས་ཆ་རྒྱན་སྤྲས་བྱས་ཡོད། གྲོས་མོལ་དམངས་གཙོ་ནི་ཀྲུང་གོ་བས་གསར་གཏོད་བྱས་པ་མ་ཡིན་ཀྱང་།  ཀྲུང་གོའི་རིག་གནས་དང་རྒྱལ་ཁབ་ཀྱི་གནས་ཚུལ་ཟུང་འབྲེལ་བྱས་ནས་ཀྲུང་གོའི་ཆབ་སྲིད་དེང་རབས་ཅན་དུ་འགྱུར་བའི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ་དར་རྒྱས་གོང་འཕེལ་བཏང་བ་ཡིན།  ཀྲུང་གོ་གུང་ཁྲན་ཏང་ལ་འགོ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པ་དེ་ཉིད་ཀྲུང་གོ་རྒྱལ་ཁབ་དེ་རྒྱལ་སྤྱིའི་འགྲན་རྩོད་ཀྱི་སྟོབས་ཤུགས་གཙོ་བོ་གྱུར་ཡོད།
          དམངས་གཙོ་དང་གཅིག་སྡུད་གཅིག་གྱུར།  ལས་ཕྱོད་དང་འདྲ་མཉམ་གཉིས་ཀར་དོ་སྣང་།  མཇུག་འབྲས་དང་བྱ་རིམ་གཉིས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་ནི།  ཀྲུང་གོའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡིན།  ཀྲུང་གོའི་ཚོགས་འདུ་གཉིས་ཀྱིས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་ཏང་ཤོག་ཁག་དང་།  སྤྱི་ཚོགས་ཀྱི་ཚོགས་པ་ཡོངས་འདྲ་མཉམ་སྒོས་ཆབ་སྲིད་གྲོས་མོལ་དུ་ཞུགས་པ་ཡིན་པས།  ཀྲུང་གོ་གུང་ཁྲན་ཏང་གིས་གཅིག་སྡུད་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་སྟེ།  ཉིན་བཅུ་ལྷག་གི་དུས་ཡུན་ནང་ནུས་ཆོད་ཆེ་བའི་གྲོས་འཆར་ལ་གྲོས་འཆམ་བྱུང་བ་དང་མཉམ་དུ་རྒྱལ་དོན་ལ་གྲོས་མོལ་བྱེད་པ། གཞུང་དྲང་གི་སྒོ་ནས་ལས་རིགས་ཁག་དང་རིམ་པ་སོ་སོའི་ཁེ་ཕན་ཐད་གྱི་རེ་ཞུ་མཐུན་སྦྱོར་ཡག་པོ་བྱེད་པ་ཡིན།
          གྲོས་མོལ་དམངས་གཙོའི་འགྲོ་ལུགས་དང་ཁྲིམས་ལུགས་ཀྱི་གོ་རིམ་མཚོན་ཡོད།  ཡང་གྲོས་འགོ་བཏོནཔ་རྗེས་མཐུད་དོ་སྣང་བྱེད་པས་ནུབ་ཕྱོགས་དབྱི་ཧུའེ་གྲོས་ཚོགས་ཀྱི་ཁེ་ཕན་ཚོགས་པ་ཁག་བར་གྱི་འབྲེལ་བས་གྲོས་བྱེད་ཀྱང་ཐག་མི་ཆོད་པའི་ཆབ་སྲིད་ཀྱི་སྐྱོན་ཆ་ལས་ཡོངས་སུ་བརྒལ་ཡོད།  ཡང་རྒྱལ་མཁན་གྱིས་ཡོངས་སུ་བདག་སྤྱོད་བྱེད་པའི་གཏན་ཚིགས་ལས་བརྒལ་བས།  ནུབ་ཕྱོགས་ཏང་མང་ལམ་ལུགས་ཀྱི་ཏང་ནང་ཕན་ཚུན་འགེབས་སྲུང་དང་ཆབ་སྲིད་རང་ཟད་ཀྱི་ཞན་ཆ་གཡོལ་ཐུབ།
          ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག  ཀྲུང་གོས་རྒྱལ་ཁབ་རང་ཉིད་ཀྱི་གནས་ཚུལ་ལ་འཚམ་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པས་གྲུབ་འབྲས་འོད་སྟོང་ལྡན་པ་བླངས་ཡོད།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ཚོགས་འདུ་གཉིས་བརྒྱུད་ནས་ཀྲུང་གོར་བལྟ་བ་དང་།  རང་ལ་བལྟ་བ།  འཛམ་གླིང་ལ་བལྟ་བ་ཡིན།  ཡང་ན་སྲིད་ཇུས་ལ་བལྟ་བ་དང་ལམ་ལུགས་ལ་བལྟ་བ་ཡིན།  མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་གྱི་སང་ཉིན་ལ་བལྟ་བ་ཡིན།
(རྩོམ་པ་པོ་ནི་ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་།  ཁྲ་ཧར་སློབ་ཚོགས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཡིན།)

 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716