སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་གྲོས་གཞི43ཕུལ་འདུག
སྤེལ་དུས། 2017-03-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན།
          ཟླ3པའི་ཚེས7ཉིན་གྱི་གྲོས་གཞི་འདོན་མཚམས་འཇོག་པའི་བར་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པར་ཁྱོན་བསྡོམས་གྲོས་གཞི43ཕུལ་ཟིན་པ་དང་། དེའི་ནང་མི་སྒེར་གྱི་གྲོས་གཞི26དང་། མཉམ་དུ་མིང་བཀོད་པའི་གྲོས་གཞི17བཏོན་ཡོད་པ། ཨུ་ཡོན་རྣམས་ཀྱིས“ ལོ་ལྔ་ཚན་བཅུ་གསུམ་པའི” འཆར་འགོད་ལག་བསྟར་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་དངོས། མང་ཚོགས་ཀྱི་རེ་སྒུག་ལ་དམ་པོར་དམིགས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་ འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་པ། རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ། མི་རིགས་གསོ་རིག་རྒྱུད་འཛིན་དང་སྲུང་སྐྱོབ་སོགས་སྐོར་གྱི་གྲོས་གཞི་བཏོན་ཡོད་ལ། ནང་དོན་ཐད་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་སོགས་ཚུད་ཡོད་པ་རེད།
          མི་རིགས་ལས་རིགས་སྡེའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བློ་བཟང་བསམ་གཏན་ནི་ལོ་རེར“གྲོས་གཞི་འདོན་མཁན་གཙོ་གྲས”ཡིན་པ་དང་། ད་རེས་ཀྱང་གྲོས་གཞི5བཏོན་པ་རེད། ཁོང་གིས“ངས་དེའི་ནང་ནས་གྲོས་གཞི་གཅིག་ནི་གཞིས་རྩེའི་ལྕགས་ལམ་མངའ་རིས་སུ་བསྲིངས་པའི་སྐོར་ཡིན་ལ། གང་ལགས་ཞེ་ན། འདི་ལྟར་བགྱིས་ཚེ་མངའ་རིས་ཀྱི་དཔལ་འབྱོར་དང་། ཡུལ་སྐོར། སྤྱི་ཚོགས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཧ་ཅང་ཆེན་པོ་ཐེབས་སྲིད་པ་རེད”ཟེར།
          འགྲིམ་འགྲུལ་གྱི་རྨང་གཞིའི་འཛུགས་སྐྲུན་སྐོར་ལ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་གི་མོན་པ་རིགས་ཀྱི་ཨུ་ཡོན་ཚེ་སྒྲོལ་གྱིས་ཀྱང་གྲོས་གཞི་ཞིག་ཕུལ་ཡོད་དེ།ཁོ་མོས“ངའི་གྲོས་གཞི་ནི་མཚོ་སྣ་རྫོང་རྫོང་གི་མཐའ་མཚམས་ལམ་ཆེན་འཛུགས་སྐྲུན་ཏེ་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུའི་སྐོར་ཡིན་ལ། དེ་ནི་མཐའ་མཚམས་ཤང་6དང་འབྲེལ་ཡོད་ཅིང་། ཤང6དང་ཁྱད་པར་དུ་ལྷོ་བྲག་རྫོང་དཔལ་ཚལ་ཤང་ལ་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་འདུག”ཅེས་ཟེར།
          འགན་ནུས་སྒྲུབ་ཡུན་ལོ་ངོ15ལ་ཉེ་བའི་རིང་།ཨུ་ཡོན་ཧང་ཅུས་ཧྥིང་གིས་མི་རིགས་གསོ་རིག་སྲུང་སྐྱོབ་དང་འཕེལ་རྒྱས་སྐོར་གྱི་གྲོས་གཞི་འབོར་ཆེན་བཏོན་ཡོད་པ་དང་། ད་ལོར་ཁོ་མོས་གྲོས་གཞི9བཏོན་ཡོད་ཅིང་དེ་དག་ཚང་མ་ནི་སྨན་བཅོས་འཕྲོད་བསྟེན་ལས་དོན་དང་འབྲེལ་ཡོད་པ་རེད།“ ལོ་མང་རིང་རེ་སྒུག་ཆེན་པོ་བྱས་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བཅའ་ཁྲིམས་གཞི་ནས་ཁྱབ་བསྒྲགས་བྱས་ཟིན་པ་རེད། ང་ཚོས་ནི་མི་རིགས་གསོ་རིག་གི་གསུང་རབ་དཀར་ཆག་ཇི་ལྟར་མགྱོགས་མྱུར་ངང་གསར་སྤེལ་བྱེད་པ་སོགས་ཀྱི་གནད་དོན་ཐད་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་དེ། བཅའ་ཁྲིམས་འདིའི་ནང་དུ་དེའི་སྐོར་ལ་གཞི་ནས་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད་པ་རེད། ད་རེས་ཀྱི་གྲོས་གཞི་ནི་སྨན་རྫས་དོ་དམ་ཅུས་ཀྱིས་མི་རིགས་ས་ཁུལ་ཁག་གི་་སྨན་རྫས་དོ་དམ་ཅུས་ལ་མངགས་བཅོལ་བརྒྱུད་ས་གནས་དེ་གའི་ཆེད་མཁས་རྩ་འཛུགས་བྱས་ཐོགས་ལས་ཀ་འདི་དག་སྤེལ་རྒྱུ་དེ་ཡིན་ལ། དོན་འདི་སྔ་ཙམ་ནས་ཐག་གཅོད་པ་ལས་འགྱངས་ཚེ་འགྲིག་གི་མི་འདུག”ཟེར།
          ད་ལོར་བོད་ལྗོངས་ཀྱི་ཨུ་ཡོན་གྱི་གྲོས་གཞི་ལས་གྲོས་གཞི17ལ་མིང་ཐོ་མཉམ་འགོད་བྱས་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། མངའ་རིས་ས་ཁུལ་གྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་བསམ་གཏན་གྲོས་གཞི་འདོན་མཁན་ཐོག་མ་གནང་པའི“བོད་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་རྒྱབ་སྐྱོར་སྐོར་གྱི་གྲོས་གཞི“ཨུ་ཡོན་ཚོའི་ཁྲོད་གདེང་འཇོག་གང་ལེགས་གནང་ཡོད་ཅིང་། བོད་ལྗོངས་ཀྱི་ཨུ་ཡོན12གྱིས་གྲོས་གཞིའི་སྟེང་མིང་བཀོད་ཡོད་པ་རེད།
          ཨུ་ཡོན་བསོད་ནམས་རྡོ་རྗེས་ད་ལོར“བོད་སྐྱོར་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་ཏེ། བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལ་ནུས་ཤུགས་གསར་པ་སྣོན་པའི་སྐོར་གྱི་བསམ་འཆར》དང《 བོད་ལྗོངས་ཀྱི་ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་ཐེབས་རྩའི་སྲིད་ཇུས་ལ་དབྱེ་བ་ཡོད་པའི་ཐོག་ནས་དོ་དམ་གྱི་གྲོས་གཞི》 བཏོན་ཡོད་ཅིང་། དེར་ཡང་ཚང་མས་མཉམ་དུ་མིང་ཐོ་བཀོད་ཡོད་པ་རེད། དེ་དང་ཆབས་ཅིག བོད་ལྗོངས་ཀྱི་ཨུ་ཡོན་གྱིས་གཞན་ད་དུང་མཐའ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་ནས་ཡོང་བའི་ཨུ་ཡོན་དང་མཉམ་དུ་གྲོས་གཞིར་མིང་ཐོ་བཀོད་ཡོད་དེ། 《ཡུན་ནན་གུང་ཧྲན་རྫོང་ནས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་བར་གཞུང་ལམ་འཛུགས་བསྐྲུན་སྐོར་གྱི་གྲོས་གཞིའི》སྟེང་། ཡུན་ནན་གྱི་རྒྱལ་མོ་རྔུལ་ཆུ་ཁུལ་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཡིའུ་ཞང་དང་ཉིང་ཁྲི་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐལ་བཟང་སྒྲོལ་དཀར་སོགས་ཨུ་ཡོན་གྱིས་མིང་ཐོ་མཉམ་དུ་བཀོད་ཡོད་པ་རེད།
          རང་སྐྱོང་ལྗོངས་སྲིད་གྲོས་གཞུང་ལས་ཐིན་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དར་དགའ་ཡིས། ཨུ་ཡོན་རྣམས་ཀྱིས་འགན་དབང་མཇུག་བསྡུ་བའི་ལོར་སེམས་ལྷོད་གཡེང་མ་གནང་པར། ཏང་དང་རྒྱལ་ཁབ་དང་དེ་བཞིན་བོད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་མུ་མཐུད་དུ་ནུས་ཤུགས་འདོན་པ་དང་། ཧུར་ཐག་སྒོས་གྲོས་གཞི་དང་འགན་ནུས་སྒྲུབ་པའི་ཐད་བྱེད་ཐབས་བཏོན་པ་དང་། ད་ལོའི་ཚོགས་ཆེན་དུ་ཕུལ་བའི་གྲོས་གཞིར་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་ལེགས་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཐད་ཀྱི་ནང་དོན་ཚུད་ཡོད་ཅིང་། གྲོས་གཞིའི་སྤྱིའི་ཁྱད་ཆོས་ནི་དམིགས་ས་མཐོ་བ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་པ། བརྩེ་གདུང་དྲག་པོ་ལྡན་པ་བཅས་དང་།གྲོས་གཞི43 ནི་བོད་ལྗོངས་ཀྱི་ཨུ་ཡོན་རྣམ་གྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི300ལྷག་ཙམ་ཕུལ་བའི་རྒྱུགས་འབྲས་ཤིག་རེད་ཅེས་ངོས་འཛིན་བྱེད་གི་འདུག
          དེ་དང་ཆབས་ཅིག་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་སྒྲུབ་ཡུན་ལོ་ལྔའི་ནང་ཁྱོན་བསྡོམས་གྲོས་གཞི247ཕུལ་ཡོད་ལ། དེ་ལས་ཐེངས་དང་པོར45དང་། ཐེངས་གཉིས་པར54ཐེངས་གསུམ་པ65ཐེངས་བཞི་བར40བཅས་སོ།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716