སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མི་དམངས་འཐུས་ཚོཊ་ལ་འབྱོར་བའི་གྲོས་གཞིའི་བརྗོད་དོན་ཅི་ཡིན་ནམ།
སྤེལ་དུས། 2017-03-14   ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།   རྩོམ་སྒྲིག་པ།  ཟླ་བ་ཚེ་རིང་།
          སྤྱི་ཚེས་༡༣ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་ལྔ་པའི་དྲུང་ཡིག་ཁང་གི་གྲོས་གཞི་ཚོ་ཆུང་གིས་ཟུར་གསལ་བྱས་པར། ད་ཐེངས་ཀྱི་ཚོགས་ཆེན་རིང་ཚོགས་ཆེན་གྱི་དྲུང་ཡིག་ཁང་གི་གྲོས་གཞི་ཚོ་ཆུང་ལ་ཁྱོན་འཐུས་མི་ཚོགས་པ་དང་འཐུས་མིས་མིང་མཉམ་འགོད་ཐོག་ནས་བཏོན་པའི་གྲོས་གཞི་༥༡༤འབྱོར་བ་དང་། དེའི་ཁྲོད་ཁྲིམས་འཛུགས་ཐད་ཀྱི་གྲོས་གཞི་༤༩༢ཡོད་པ་དང་ལྟ་སྐུལ་ཐད་ཀྱི་གྲོས་གཞི་༡༦ཡོད་པ། དོན་ཚན་གཏན་འབེབས་དང་འབྲེལ་བ་ཡོད་པའི་གྲོས་གཞི་༦བཅས་ཡོད་པ་རེད། འཐུས་མི་ཚོགས་པའི་མིང་ཐོག་ནས་བཏོན་པའི་གྲོས་གཞི་༨ཡོད་པ་དང་། འཐུས་མིས་མིང་མཉམ་འགོད་ཐོག་ནས་བཏོན་པའི་གྲོས་གཞི་༥༠༦ཡོད་པ་རེད།

          ཤེས་རྟོགས་བྱུང་བར་གཞིགས་ན། འཐུས་མིས་བཏོན་པའི་གྲོས་གཞིའི་ནང་དོན་གཙོ་བོ་ནི་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དང་གོང་འཕེལ་གྱི་སྒྲིག་སྲོལ་གསར་པ་འཛུགས་རྒྱུ། བཅའ་ཁྲིམས་སྒྲིག་ལམ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་གོང་འཕེལ་གཏོང་རྒྱུ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུ། དམངས་འཚོ་ལེགས་བཅོས་དང་འགན་ལེན་ཏན་ཏིག་བྱེད་རྒྱུ། སྐྱེ་ཁམས་དཔལ་ཡོན་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་དམིགས་པ་སོགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པ་རེད།
          སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་དྲུང་ཡིག་ཁང་གི་གྲོས་གཞི་ཚོ་ཆུང་གི་མགོ་འཛིན་གཞོན་པ་ཁུང་ཕིང་གིས། ཚོགས་ཆེན་རིང་ཚོགས་ཆེན་དྲུང་ཡིག་ཁང་གི་གྲོས་གཞི་ཚོ་ཆུང་ལ་འཐུས་མིའི་གྲོས་འགོ་༨༣༦༠འབྱོར་བྱུང་། མིག་སྔར་འབྲེལ་ཡོད་ལས་ཁུངས་དང་སྒྲིག་འཛུགས་ནས་མཐུན་སྦྱོར་དམ་ཟབ་བྱེད་བཞིན་པ་དང་འཐུས་མི་གྲོས་འགོ་ལས་ཁུངས་དང་སྡེ་ཁག་ནས་བསྒྲུབ་འགན་འཁུར་རྒྱུར་དོན་འཁྱོལ་བྱེད་བཞིན་ཡོད་ཅེས་བརྗོད་འདུག
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716