སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལིས་ཅུའུ་ཧྥང་གིས་ཕུལ་བྱུང་གི་ཁེ་ལས་པ་ཞིག་ཡིན་ན་སྤྱི་ཚོགས་ཀྱི་འགན་འཁྲི་དེ་བས་མང་པོ་འཁུར་དགོས་ཟེར།
སྤེལ་དུས། 2017-03-15   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
  ཀྲུང་གོ་བོད་ལྗོངས་དྲ་བའི་གསར་འགྱུར།  2017ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་མ་འཚོག་གོང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན།  བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིས་ཅུའུ་ཧྥང་གིས་པེ་ཅིང་དུ་《ཀྲུང་གོའི་བོད་ལྗོངས་》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་གནང་།
  1993ལོར་ལིས་ཅུའུ་ཧྥང་གིས་ཆེས་བྲིན་ཚོགས་པ་གསར་བཙུགས་གནང་།  1996ལོར་ཆེས་བྲིན་སྦྱར་སྨན་བོད་རང་སྐྱོང་ལྗོངས་སྨན་སྲིད་ཞིབ་བཤེར་ཆོག་མཆན་གྱི་ཨང་རྟགས་ཡི་གེ་ཐོབ།  ལོ་དེར། བོད་རང་སྐྱོང་ལྗོངས་སྨན་གླིང་བོད་ལུགས་ཀྱི་སྨན་རྩྭ་མུའུ་ཁྲིའི་རང་བྱུང་སྲུང་སྐྱོབ་རྟེན་གཞི་བཙུག་པར་ཆོག་མཆན་ཐོབ།  ད་ལྟ་ཆེས་བྲིན་བོད་སྨན་གྱི་མིང་འོག་ཏུ་བོད་སྨན་ཆོག་མཆན་ཨང་རྟགས་ཡི་གེ་73ཡོད།  
  སྨན་བཟོ་ཁེ་ལས་ནས་གློག་བརྙན་ཆུང་གྲས་བསྒྱུར་བ།  རྒྱལ་སྤྱིའི་མཱ་ལཱ་སུང་རྒྱང་རྒྱུག་འགྲན་བསྡུར་ལ་སྨན་བཅོས་འགན་སྲུང་ཞབས་ཞུ་བྱེད་པ་བཅས་ཆེས་བྲིན་བོད་སྨན་ད་ལྟ་སྲོལ་རྒྱུན་གྱི་ཁེ་ལས་དང་མི་མཚུངས།
  ཁེ་ལས་རང་གི་ལས་སྐལ་ལེགས་པར་བསྒྲུབ་པའི་མི་ཚད། ཆེས་བྲིན་བོད་སྨན་གྱིས་རང་འགུལ་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་མང་པོ་འཁུར་ཡོད།  《ཆེས་བྲིན་བོད་སྨན་གྱི་2015ལོའི་སྤྱི་ཚོགས་འགན་འཁྲིའི་སྙན་ཞུ་》ལྟར་ན།  ལོ་20ཡི་རིང་ཆེས་བྲིན་གྱིས་སྤྱི་ཕན་དང་སྡེ་ཁུལ་འཕེལ་རྒྱས་ལ་སྒོར་ཁྲི་9000ལྷག་ཙམ་ཞལ་འདེབས་རྒྱབ་སྐྱོར་དུ་གནང་།  ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་བོད་སྨན་ཀྱི་DNAམཛུབ་རིས་པར་མཛོད་བཟོས་ཏེ་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་།  ལྗང་མདོག་བཟོ་སྐྲུན་ལས་རིམ་བསྐྲུན་ཡོད།  མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དོ་སྣང་དང་ཐོན་ཁུངས་འཁྲུལ་མེད་ནས་ཐོན་པའི་སྨན་རྫས་འདེབས་འཛུགས་དུད་ཚང་ལ་མཉམ་འབྲེལ་བྱེད་པར་མཐོང་ཆེན་བྱས་ཏེ།  ས་གནས་དེ་གའི་ཐོན་ལས་དཔལ་འབྱོར་གྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་ཡོད།
  ཐོག་མར་མ་རྩ་མེད་པར་ལག་སྟོང་ནས་འགོ་ཚུགས།  མཐོ་རིམ་བཟོ་བཀོད་པ་ནས་རྐང་དངུལ་ཁྲོམ་རར་ཞུགས་པའི་ཀུང་སིའི་ཏུང་ཧྲི་ཀྲང་།  རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལིས་ཅུའུ་ཧྥང་གིས་གླེང་མོལ་བྱེད་པའི་ཐོག་མཐའ་བར་གསུམ་དུ་སྐད་གདངས་འཇམ་ལ་བག་ལྷོད་པ།  བཅར་འདྲི་སྐབས་མི་རིགས་ཀྱི་སྨན་རྫས་ཐོན་ལས་ཀྱི་འཆར་འགོད་དང་།  ཐོན་ལས་ཀྱིས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ།  ན་གཞོན་པའི་ལས་ཞུགས་ཐད་ཁྲིད་སྟོན་བྱེད་པ་སོགས་གླེང་སྐབས། ལིས་ཅུའུ་ཧྥང་གིས་ནན་ཏན་སྒོས་ཁོ་མོའི་བསམ་ཕྱོགས་དང་བསམ་ཚུལ་ལྷུག་པོར་བརྗོད། 
  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིས་ཅུའུ་ཧྥང་གིས་ཚོགས་ཆེན་གཉིས་ཀྱི་ཐོག་མི་རིགས་ཀྱི་གསོ་རིག་སྨན་སྣ་རྩ་ཆེན་གྱི་དཀར་ཆག་བསྒྲིགས་པ་དང་གསར་སྤེལ་བྱ་བར་གཟིགས་སྐྱོང་ཆོག་མཆན་གནང་སྟེ། མི་རིགས་སྨན་རྫས་ཀྱིས་བདེ་ཐང་དབུལ་སྐྱོར་ཐད་ནུས་པ་གང་ལེགས་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱིས་ནད་ལྕི་མོར་སྨན་བཅོས་རོགས་སྐྱོབ་ཁག་ཐེག་གི་དྲིལ་བསྒྲགས་བྱེད་ཤུགས་ཆེར་བསྐྱེད་པའི་འཐུས་སྒོ་ཚང་དུ་གཏོང་བ་སོགས་གྲོས་གཞི་མང་པོ་བཏོན་ཡོད།  བོད་སྨན་ཁེ་ལས་ཀྱི་སྣེ་ཁྲིད་མི་སྣ་ཞིག་ཡིན་པའི་ཆ་ནས།  ལིས་ཅུའུ་ཧྥང་གིས་ཁེ་ལས་ལ་སྣེ་ཁྲིད་དེ་“དགེ་སྤེལ་གཞན་ཕན་གྱི་ལམ་དུ་”མུ་མཐུད་དུ་མདུན་སྐྱོད་བྱ་བཞིན་ཡོད།
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716