སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་ཡོངས་མི་དམངས་འཐུས་ཚོཊ་སྐབས12པའི་ཚོཊ་འདུ་ཐེངས5པའི་ཀྲུའུ་ཞི་ཚོཊ་པའི་རྒྱུན་ལས་ཀྲུའུ་ཞི་ཚོཊ་འདུ།
སྤེལ་དུས། 2017-03-15   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
  ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གསུམ་པ་དང་བཞི་པ་འཚོགས་པ།
  ཀྲང་ཏེ་ཅང་གིས་གཙོ་སྐྱོང་གནང་བ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
  ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཆའོ་ཞའོ་དབྱང་གིས་གནང་བའི་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་འཆར་ཟིན་གྱི་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་གྱི་གཏན་འབེབས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་སྙན་སྒྲོན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱ་རྒྱུའི་བྱ་ཐབས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་སྙན་སྒྲོན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱ་རྒྱུའི་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་སྙན་སྒྲོན་བཅས་གསན་པ་རེད།
  ཚོགས་འདུའི་ཐོག་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་མ་ཟིན་གྱི་གྲོས་འགོའི་བརྡས་ཐག་གཅོད་པའི་མ་ཟིན་ལ་མོས་མཐུན་བྱུང་བ་དང་དེ་བཞིན་གོང་གསལ་གྱི་གཏན་འབེབས་འཆར་ཟིན་གྱི་གྲོས་འགོའི་བརྡས་ཐག་གཅོད་པའི་མ་ཟིན་དང་། བྱ་ཐབས་འཆར་ཟིན་གྱི་གྲོས་འགོའི་བརྡས་ཐག་གཅོད་པའི་མ་ཟིན། གྲོས་ཆོད་འཆར་ཟིན་གྱི་ཟིན་བྲིས་མ་ཟིན་དང་འབྲེལ་ཡོད་སྙན་ཞུ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུར་མོས་མཐུན་བྱས་པ་རེད།
  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་གསུམ་པ་ཚེས་14ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
  ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་ཆའོ་ཞའོ་དབྱང་གིས་གནང་བའི་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་ཚོགས་ཆེན་དྲུང་ཆེ་ཁྲུའི་གྲོས་འགོར་བརྡས་ཐག་གཅོད་རྒྱུའི་མ་ཟིན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གཏན་འབེབས་འཆར་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་པའི་མ་ཟིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱ་རྒྱུའི་བྱ་ཐབས་འཆར་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་པའི་མ་ཟིན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱེད་པའི་བྱ་ཐབས་འཆར་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་པའི་མ་ཟིན་བཅས་ཀྱི་གནས་ཚུལ་གྱི་སྙན་སེང་གསན་པ་རེད།
  ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་བཅས་ཡིན་པའི་ཝང་ཁྲེན་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། 2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་གྱི་གནས་ཚུལ་དང་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་དང་། 2016ལོའི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་གྱི་གནས་ཚུལ་དང་2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ཀྱི་གྲོས་ཆོད་འཆར་ཟིན་གྱི་གནས་ཚུལ་ཁག་6གི་སྙན་སེང་གསན་པ་རེད།
  ཚོགས་འདུའི་ཐོག་ཝང་ཁྲེན་གྱིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་ཞུས་ཤན་མིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཨུ་ཡོན་གྱི་གོ་གནས་དགོངས་པ་ཞུ་རྒྱུའི་རེ་འདུན་དང་ལེན་བྱས་པའི་གཏན་འབེབས་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་ཚོགས་ཆེན་དྲུང་ཡིག་ཁྲུའི་གནས་ཚུལ་དང་དེ་བཞིན་ཁས་ལེན་བྱས་པའི་གཏན་འབེབས་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་གྱི་སྙན་སེང་གསན་པ་རེད།
  ཚོགས་འདུའི་ཐོག་གོང་གསལ་འཆར་ཟིན་ལ་བརྡས་ཐག་གཅོད་པའི་མ་ཟིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་གནང་བ་རེད།
  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་གོ་དང་། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི ཡན་ཅོན་ཆི། ཧྲེན་གཡོད་གཡོད། ཅི་པིན་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨའེ་ལི་ཀེང་། དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེང་ཀྲུའུ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
  ཚོགས་འདུར་ཕེབས་དགོས་པའི་མི་གྲངས་169ཡོད་པ་དང་ཚོགས་འདུར་མི་གྲངས་166དངོས་སུ་ཕེབས་པ། མི་3དགོངས་པ་ཞུས་ཡོད་པས་ཚོགས་འདུར་ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
  ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཆའོ་ཞའོ་དབྱང་གིས་གནང་བའི་དམངས་ཁྲིམས་སྤྱིའི་རྩ་དོན་གྱི་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་གྱི་གཏན་འབེབས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་སྙན་ཞུ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱེད་པའི་བྱ་ཐབས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་སྙན་ཞུ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱེད་པའི་བྱ་ཐབས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་སྐོར་གྱི་སྙན་ཞུ་བཅས་གསན་པ་རེད།
  ཚོགས་འདུའི་ཐོག་གོང་གསལ་གྱི་བཟོ་བཅོས་བསམ་འཆར་གྱི་སྙན་ཞུ་4ལ་ཁག་སོ་སོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་འབྲེལ་འཆར་ཟིན་4ཡི་གྲོས་འགོར་བརྡས་ཐག་བཅད་པའི་མ་ཟིན་4འཐུས་མི་ཚོགས་པ་ཁག་གིས་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
  ཚོགས་འདུའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
  ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
  ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་གཞོན་པ་ཤིན་ཁྲུན་དབྱིང་གིས་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་སྐོར་གྱི་ཚོགས་ཆེན་གྱི་དྲུང་ཆེ་ཁྲུའི་སྙན་སྒྲོན་གསན་པ་རེད། ཤིན་ཁྲུན་དབྱིང་གིས་ཟླ་3ཚེས་11ཉིན་གྱི་ཆུ་ཚོད་12པར་ཚོགས་ཆེན་གྱིས་གཏན་འབེབས་བྱས་པའི་འཐུས་མིའི་གྲོས་གཞི་འདོན་མཚམས་འཇོག་དུས་སླེབས་པའི་བར་ཁྱོན་གྲོས་གཞི་514བཏོན་པའི་ནང་འབྲེལ་ཡོད་ཁྲིམས་བཟོ་བའི་ཐད་ཀྱི་གྲོས་གཞི་492དང་། འབྲེལ་ཡོད་ལྟ་སྐུལ་ཐད་ཀྱི་གྲོས་གཞི་16 འབྲེལ་ཡོད་གཏན་འབེབས་དོན་ཚན་ཐད་ཀྱི་གྲོས་གཞི་6བཅས་ཡོད་པ་དང་འཐུས་མི་ཚོགས་པའི་མིང་ཐོག་ནས་བཏོན་པའི་གྲོས་གཞི་8དང་འཐུས་མིས་མིང་མཉམ་འགོད་བྱས་ཏེ་བཏོན་པའི་གྲོས་གཞི་506ཡོད་ཅེས་གསུངས།
  ཤིན་ཁྲུན་དབྱིང་གིས་འདི་ལོའི་འཐུས་མིས་བཏོན་པའི་གྲོས་གཞི་ཕལ་ཆེ་བ་ནི་བཅའ་ཁྲིམས་ཀྱི་གྲོས་གཞི་ཡིན་པ་དང་ནང་དོན་གཙོ་བོ་གཤམ་གྱི་ཕྱོགས་ཁ་ཤས་སུ་གཅིག་སྡུད་བྱས་པ་སྟེ། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་དང་། འཕེལ་རྒྱས་ཀྱི་སྒྲིག་སྲོལ་གསར་པ་བཟོ་བར་དམིགས་ནས་བཅའ་ཁྲིམས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་བཏང་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དང་། གཞི་རིམ་དམངས་གཙོའི་ལམ་ལུགས་འཐུས་ཚང་། ཁྲིམས་འཛིན་སྒྲིག་སྲོལ་འཐུས་ཚང་ཡོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་འཐུས་ཚང་དང་སྐྱོན་བྲལ་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་སྟེ་མི་དམངས་ཀྱི་རིག་གནས་ཁེ་ཕན་འགན་ལེན་བཅས་རེད། ཚོགས་ཆེན་གྱི་དྲུང་ཆེ་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞི་རེ་རེ་བཞིན་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་བྱས་པར་ད་ཐེངས་ཚོགས་ཆེན་གྱི་གྲོས་ཞིབ་ནང་དུ་འཇུག་དགོས་པའི་གྲོས་གཞི་མེད་པའི་ངོས་འཛིན་བྱས་ཡོད་ཅེས་གསུངས། ཚོགས་ཆེན་གྱི་དྲུང་ཆེ་ཁྲུའུ་ཡིས་འཐུས་མིས་བཏོན་པའི་གྲོས་གཞི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དུ་གྲོས་ཞིབ་བྱ་རྒྱུར་འབུལ་བ་དང་། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་གྲོས་གཞི་དེ་དག་ལ་གྲོས་ཞིབ་བྱས་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་བྱས་འབྲས་སྙན་སེང་ཞུས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་དང་གྲོས་འཆམ་གནང་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ལན་སློག་རྒྱུའི་གྲོས་འགོ་བཏོན་པ་རེད།
  ཚོགས་ཆེན་གྱི་དྲུང་ཆེ་ཁྲུའུ་ཡིས་འཐུས་མིའི་གྲོས་གཞི་གྲོས་ཞིབ་དང་འབྲེལ་ཡོད་ལས་དོན་ལ་དམིགས་ནས་གཤམ་གྱི་གྲོས་འགོ་བཏོན་པ་སྟེ། འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་ནི་འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་ནི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩི་བ། འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་ནི་འཐུས་མི་དང་མི་དམངས་མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩི་བ་བཅས་རེད།
  ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིས་བཏོན་པའི་གྲོས་གཞིར་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་སྒྲོན་ལ་གྲོས་འཆམ་བྱུང་བ་རེད།
  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པས་ཚེས་14ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར་ཕེབས་དགོས་པའི་མི་གྲངས་169ཡོད་པ་དང་། མི་གྲངས་དངོས་སུ་ཕེབས་པ་165ཡོད་པ། ཕེབས་མི་ཐུབ་པ་4བཅས་ཡིན་པས་ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
  ཟླ་3ཚེས་14ཉིན་འཐུས་མི་ཚོགས་པ་ཁག་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་དང་། 2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་གྱི་གནས་ཚུལ་དང་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྐོར། 2016ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གྱི་གནས་ཚུལ་དང་2017ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་བཅས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཆོད་འཆར་ཟིན་6ལ་གྲོས་ཞིབ་ནན་ཏན་གནང་བ་དང་། དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་གྱི་འཆར་ཟིན་གྲོས་འགོར་བརྡས་ཐག་གཅོད་པའི་ཟིན་བྲིས་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གཏན་འབེབས་འཆར་ཟིན་གྱི་གྲོས་འགོར་བརྡས་ཐག་གཅོད་པའི་ཟིན་བྲིས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམས་བསྐོ་བྱེད་ཐབས་འཆར་ཟིན་གྱི་འགྲོ་འགོར་བརྡས་ཐག་གཅོད་པའི་ཟིན་བྲིས་2 ཞུས་ཞན་མིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་གནས་དགོངས་ཞུ་བྱེད་པའི་རེ་ཞུ་དང་ལེན་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་བཅས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་གཞིར་བཟུང་འཆར་ཟིན་བཅུ་གཅིག་དེ་དག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གྲོས་འགོ་བཏོན་གནང་བ་རེད།
  ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་སོ་སོར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་གོང་གསལ་གྱི་འཆར་ཟིན་དེ་དག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།
  ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལི་ཅན་གོ་དང་། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི། ཡན་ཅུན་ཆི། ཝང་ཁྲེན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨེ་ལི་ཀེང·དབྱི་མིང་པ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེན་ཀྲུའུ་བཅས་གོང་གསལ་གྱི་ཚོགས་འདུར་ཞུགས་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716