སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཆེས་མཐོ་ས་དེ་རུ་ཅི་ཞིག་གིས་ཀྲུའུ་ཞི་ཆེ་དགྲ་ལྷ་ལགས་ཞེ་ཐོགས་སུ་བཅུག
སྤེལ་དུས། 2017-03-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རྣམ་རྒྱལ་གྱིས་བསྒྱུར།
  ཆེ་དགྲ་ལྷ་ལགས་ལ་བཅར་འདྲི་བྱས་པ་ལས་ཁག་གཅིག

  འདྲ་པར། ཀྲུའུ་ཞི་ཆེ་དགྲ་ལྷ་ལ་《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བས་བཅར་འདྲི་བྱེད་བཞིན་པ། ཞུས་ནཱ་ཡིས་པར་བླངས།
  ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། རྒྱལ་ཡོངས་ཀྱི་“ཚོགས་ཆེན་གཉིས་”བདེ་ལེགས་ངང་མཇུག་བསྒྲིལ་རྗེས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡིན་པའི་ཆེ་དགྲ་ལྷ་ལགས་ཀྱིས་པེ་ཅིན་དུ་《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་གནང་།
  ༢༠༡༧ལོའི་ཟླ་༡པོའི་ཚེས་༡༥ཉིན། བོད་རང་སྐྱོང་ལྗོངས་སྐབས་བཅུ་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་གྲོས་ཚོགས་སྟེང་ཆེ་དགྲ་ལྷ་ལགས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིར་བདམས་པ་དང་། དེའི་རྗེས་ཏེ་དཔྱིད་གསར་དུས་ཆེན་གྱི་སྔོན་དང་དུས་ཆེན་གྱི་རྗེས་སྔ་ཕྱིར་ཐེངས་གཉིས་ལ་ཆེ་དགྲ་ལྷ་ལགས་རང་བྱུང་ཁོར་ཡུག་གི་གནས་སྟངས་ཧ་ཅང་སྐྱོ་བའི་ནག་ཆུ་ས་ཁུལ་གྱི་གཞི་རིམ་དུ་བརྟག་ཞིབ་གནང་བར་བསྐྱོད་དེ་མཚེའུ་གཉིས་དང་། དཔལ་མགོན། ནག་ཆུ་སོགས་རྫོང་དུ་ཟབ་ཞུགས་གནང་བ་མ་ཟད། དེ་གའི་རྫོང་དང་ཤང་དུ་ཞག་གནང་སྟེ་འབྲོག་ཁུལ་གྱི་མང་ཚོགས་དང་མཉམ་དུ་ཐོན་སྐྱེད་དང་། དབུལ་སྒྲོལ། དམངས་འཚོ་སྐོར་གྱི་གསུང་གླེང་ཞིབ་རྒྱས་གནང་། ཡང་སྙིང་དོན་དག་གང་ཞིག་གིས་ཀྲུའུ་ཞི་ལགས་ཞེ་ཐོགས་པར་བྱས་སམ།

  འདྲ་པར། ༢༠༡༧ལོའི་ཟླ་༡པོའི་ཚེས་༣༡ཉིན། བོད་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཆགས་རྩེ་ཤང་གི་འབྲོག་དམངས་ཀྱིས་“༢༠༡༧ལོའི་དཔྱིད་བསུའི་རིག་རྩལ་དགའ་སྟོན་”ཐོག་གླུ་དང་གར་ལ་རོལ་བཞིན་པ། པ་སངས་ཡོན་ཏན་གྱིས་པར་བླངས།
  ཆེ་དགྲ་ལྷ་ལགས་ཀྱིས་གསུང་རྒྱུར། ནག་ཆུ་ས་ཁུལ་ནི་གྲང་ངར་ལྡན་ཞིང་སྐམ་ཤོས་ཆེ་ལ། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་༤༥༠༠ཡན་ཟིན་པ་དང་དབྱང་དབུགས་ཀྱི་ཚད་དེ་རྒྱ་མཚོའི་ངོས་ལས་ཕྱེད་ཀ་ཙམ་ལས་མེད་པ་རེད། དེ་མིན་ས་ཁུལ་འདི་ནི་“ཀྲུང་གོའི་ཆུ་གསོག་མཐོ་ལྕོག་”དང་“ཡ་གླིང་གི་ཆུ་གསོག་མཐོ་ལྕོག་”གི་ལྟེ་བར་ཆགས་ཡོད་རྐྱེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་སྙིང་ལྷག་ཏུ་གལ་ཆེན་ལྡན་པ་རེད། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་༤༠ལྷག་ཟིན་པའི་གནས་འདི་ནི་རང་སྐྱོང་ལྗོངས་ཀྱི་ཆེས་ཆེ་བའི་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་བོའི་ས་ཁུལ་ཡིན་ཞིང་། དབུལ་ཕོངས་དེ་རྒྱ་ཆེ་ཞིང་གཏིང་ཟབ་ལ་ཐག་གཅོད་བྱ་རྒྱུར་དཀའ་ཁག་ཤིན་ཏུ་ཆེ། སླད་མར་དབུལ་སྒྲོལ་གནད་འཕིགས་ཅི་ལྟར་བསྒྲུབ་ན་འོས་པ་སོགས་ང་ལ་མཚོན་ན་བསམ་གཞིག་བྱ་དགོས་པའི་གནད་དོན་གསར་པ་ཞིག་ཡིན་ལ། ལས་དོན་ཐད་ཀྱི་འགྲན་སློང་གསར་པ་ཞིག་ཀྱང་རེད་འདུག་ཅེས་ལྷག་བསམ་ཟོལ་མེད་ཀྱིས་གསུངས་བྱུང་། 
  ཆེ་དགྲ་ལྷ་ལགས་ཀྱིས་གསུང་རྒྱུར། དེ་སྔོན་ངའི་ལས་གནས་ཡུན་ནན་བདེ་ཆེན་དང་ལྷ་ས་གཉིས་ནི་ནགས་ཞིང་གི་ས་ཁུལ་ཡིན་པ་དང་། འོན་ཀྱང་ནགས་ཆུ་ནི་འབྲོག་ཁུལ་ཡིན་པས་ཅི་ལྟར་ལས་དོན་སྤེལ་དགོས་པའི་ཐད་དངོས་ནས་བརྟག་ཞིབ་དང་སློབ་སྦྱོང་བྱེད་དགོས་འདུག གཞི་རིམ་དུ་བསྐྱོད་པ་ཐེངས་འདིས་ང་རང་འབྲོག་ཁུལ་དང་ལྷག་པར་དུ་མཐོ་སྒང་གི་ས་ཁུལ་མཚོ་ངོས་ལས་མཐོ་ཚད་ལ་རྨིད་༤༥༠༠ཡན་དང་། དེ་བས་ཀྱང་མཚོ་ངོས་ལས་མཐོ་ཚད་ལ་རྨིད་༤༨༠༠ཡན་དང་རྨིད་༥༠༠༠ཡན་གྱི་ཞིང་འབྲོག་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་ལ་རྒྱུས་ལོན་གཏིང་ཟབ་ཡོད་པར་བཅུག་ལ། ཁོང་ཚོའི་དཀའ་ཁག་དང་གནད་དོན་ལ་མྱོང་ཚོར་ཟབ་མོ་བྱུང་སོང་ཞེས་གསུངས།  

    འདྲ་པར། བོད་ལྗོངས་ཡུལ་མིའི་སྡོད་ཁང་།  ཡོན་ཏིན་ཙི་ཧྥིན་གྱིས་པར་བླངས།
  ཆེ་དགྲ་ལྷ་ལགས་དབུལ་ཕོངས་གནས་སྤོའི་བཀོད་སྒྲིག་ཁང་དང་། ཞིང་འབྲོག་ས་ཁུལ་གྱི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་། ཤང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་། ལྔ་སྐྱོང་ཁྱིམ་ཚང་གཅིག་སྡུད་མཁོ་སྤྲོད་ལྟེ་གནས་སོགས་སུ་ཟབ་ཞུགས་གནང་སྟེ་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་མཉམ་དུ་མཐོ་སྒང་ས་ཁུལ་དུ་ཅི་ལྟར་ཞིང་འབྲོག་གི་ཐོན་རྫས་གསར་པ་འཕེལ་རྒྱས་སུ་གཏོང་བ་དང་ཅི་ལྟར་ཀྲུང་དབྱང་གི་དབུལ་སྒྲོལ་གནད་འཕིགས་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་བའི་ཐད་ཞིབ་འཇུག་བགྲོ་གླེང་བྱས། 
  ཡང་ཁོང་གིས་དོན་དངོས་སུ་ངས་ནི་དྲི་བ་འཁྱེར་ཏེ་ཕྱིན་པ་ཡིན་ལ། དྲི་བ་འཁྱེར་ཏེ་བལྟས་པ་ཡིན། དྲི་བ་འཁྱེར་ཏེ་བསླབས་པ་ཡིན་ལ། དྲི་བའི་ཐད་ནས་བསམ་གཞིག་བྱས་པ་ཡིན་པས། གོ་རིམ་ཧྲིལ་པོ་དྲི་བའི་སྒོ་ནས་ལས་དོན་བསྒྲུབས་པ་ཞིག་ཡིན་ཞེས་གསུངས། ཆེ་དགྲ་ལྷ་ལགས་ནི་བསམ་སྦྱོར་དུས་ཐོག་ཏུ་ལས་དོན་ཁྲོད་དོན་འཁྱོལ་བྱེད་པ་ཞིག་ཡིན་པའི་གཤིས་སྤྱོད་དེས་ནགས་ཆུ་ས་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དག་སྐུལ་སློང་བྱས་པ་དང་། དམངས་དོན་ཞེ་ལ་ཐོགས་པ་དེས་ནགས་ཆུའི་དམངས་ཚོགས་ཁྲི་༤༦གི་སེམས་ལ་དྲོད་ཁོལ་སྦྱིན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716