སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧྲུའུ་ཅིའི་གསུང་བཤད་སློབ་སྦྱོང་བྱས་ཏེ་གུང་གཞོན་ཚོགས་པ་ཚད་ལྡན་བྱེད་པའི་སློབ་གསོའི་ལག་ལེན་འགོ་ཚུགས་པ།
སྤེལ་དུས། 2017-03-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
  ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ3པའི་ཚེས21ཉིན། བོད་ལྗོངས་གུང་གཞོན་ཚོགས་པ་ལྗོངས་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ཀྱི་གུང་གཞོན་ཚོགས་པས“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་སློབ་སྦྱོང་བྱས་ཏེ་གུང་གཞོན་ཚོགས་པ་ཚད་ལྡན་ཞིག་བྱེད་པའི” ( གཤམ་དུ“གཅིག་སློབ་གཉིས་སྒྲུབ”ཅེས་བསྡུས་པ)སློབ་གསོའི་ལག་ལེན་གྱི་སྐུལ་སློང་དང་བཀོད་འདོམས་ཚོགས་འདུ་བསྡུས་ནས། བོད་ལྗོངས་ཀྱི་གུང་གཞོན་ཚོགས་པའི“གཅིག་སློབ་གཉིས་སྒྲུབ”ཀྱི་སློབ་གསོ་ལག་ལེན་ཁྱོན་ཡོངས་ནས་འགོ་ཚུགས་པ་རེད།
  བོད་ལྗོངས་ཀྱི་གུང་གཞོན་ཚོགས་པ་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལི་ཡ་ཞང་གིས་སྐུལ་སློང་ཚོགས་འདུའི་ཐོག ཚོགས་པ་ཡོངས་སུ་གཅིག་སྡུད་ངང“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་སློབ་སྦྱོང་བྱས་ཏེ་གུང་གཞོན་ཚོགས་པ་ཚད་ལྡན་ཞིག་བྱེད་པའི”སློབ་གསོའི་ལག་ལེན་སྤེལ་བ་ནི་གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བའི་བླང་བྱར་དམིགས་པ་དང་། གུང་གཞོན་ཚོགས་པ་ནན་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གུང་གཞོན་ཚོགས་པ་བཅོས་སྒྱུར་གསར་གཏོད་གཏིང་ཟབ་གཏོང་པར་བཏོན་པའི་ལས་ཀའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ཏེ། དེས་ནི་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ན་གཞོན་དང་གུང་གཞོན་ཚོགས་པའི་ལས་དོན་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གང་ལེགས་མཚོན་ཡོད་ལ། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་འཛམ་གླིང་གི་གནས་ཚུལ་དང་། ཏང་གི་གནས་ཚུལ། ན་གཞོན་གྱི་གནས་ཚུལ། གུང་གཞོན་ཚོགས་པའི་གནས་ཚུལ་གྱི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པར་ངོས་འཛིན་གཏིང་ཟབ་གནང་པ་མངོན་པར་མཚོན་ཡོད་པ།  གུང་གཞོན་ཚོགས་པའི་ནང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་། ཕྱོགས་སྟོན་གསལ་པོ་བྱེད་པའི་ཆོད་སེམས་བརྟན་པོ་དང་ལག་ལེན་གཅིག་མཐུན་ཡིན་པར་མངོན་པར་མཚོན་ཡོད་ཅེས་བརྗོད་བྱུང་།
  ཁོང་གིས། བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་“གཅིག་སློབ་གཉིས་སྒྲུབ”ཀྱི་སློབ་གསོའི་ལག་ལེན་སྤེལ་བའི་ཁྲོད་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོ་རུ་བཏང་ནས“གཅིག་སློབ་གཉིས་སྒྲུབ”ཀྱི་སློབ་གསོའི་ལག་ལེན་གྱི་ལས་འགན་རང་བཞིན་དང་། འོས་འགན་རང་བཞིན་དོན་འཁྱོལ་མཐོར་འདེགས་གཏོང་དགོས་ཤིང་།“སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་སློབ་སྦྱོང་བྱས་ཏེ་གུང་གཞོན་ཚོགས་པ་ཚད་ལྡན་ཞིག་བྱེད་པ”ཞེས་པའི་བརྗོད་གཞི་དེར་ངོས་འཛིན་ལེགས་པོ་གནང་ནས་སློབ་སྦྱོང་དང་ལག་ལེན་ཟུང་སྦྲེལ་དང་། གུང་གཞོན་ཚོགས་པར་ཞུགས་དུས་ཀྱིས་དམ་བཅའ་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་པའི་གནད་གཙོ་བོ་དང་འདི་དང་དམ་པོར་སྦྲེལ་ནས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། སློབ་སྦྱོང་དང་ལས་ཀར་དཀའ་སྤྱད་འབད་བརྩོན་བྱེད་པའི་སྤྱོད་ལམ་དངོས་ཀྱིས་སྟོབས་ཤུགས་གོང་བུ་གཅིག་སྒྲིལ་བྱེད་རྒྱུ། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་གྱི་རྩ་བའི་དམིགས་འབེན་འདི་རྒྱུན་འཁྱོངས་དང་ཇེ་དྲག་དུ་གཏོང་པར་དམ་པོར་སྦྲེལ་ནས་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་གཞོན་ནུ་དང་འབྲེལ་བ་བྱེད་པའི་ཟམ་པ་དང་སྒྲོག་ཐག་ལྟ་བུ་གྱུར་དགོས། གུང་གཞོན་ཚོགས་པའི་སྔོན་ཐོན་རང་བཞིན་དང་གཟི་བརྗིད་བསམ་བློ་ཇེ་དྲག་ཏུ་གཏོང་པ་དེ་ཤུགས་རྒྱག་སར་བཟུང་ནས། གུང་གཞོན་ཚོགས་པ་རྩ་འཛུགས་སུ་ཞུགས་རྒྱུ་དེ་ནི་གཞོན་ནུ་རྣམས་ཀྱི་ཡིད་སྨོན་དང་འཚོལ་སྙེགས་བྱེད་ས་ཞིག་ཏུ་གྱུར་དགོས་པ། སློབ་སྦྱོང་སློབ་གསོ་དང་རྩ་འཛུགས་འཚོ་བ། ལག་ལེན་བྱེད་སྒོ་བཅས་ལས་འགན་ཆེན་པོ་འདི་གསུམ་དོན་འཁྱོལ་ཡག་པོ་བྱེད་དགོས་ཤིང་།“གཅིག་སྒྲུབ་གཉིས་སློབ”གྱི་སློབ་གསོ་ལག་ལེན་ཏན་ཏིག་སྒོས་སྐུལ་སྤེལ་གཏོང་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བློ་ཞིབ་མོས་རྩ་འཛུགས་བྱས་ཐོག་སློབ་གསོའི་ལག་ལེན་སྔར་བས་དོན་འཁྱོལ་ཡོང་པར་སྐུལ་འདེད་བཏང་ནས། སློབ་གསོའི་ལག་ལེན་གྱི་གྲུབ་འབྲས་གསར་པས་བོད་ལྗོངས་ཀྱི་གུང་གཞོན་ཚོགས་པའི་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན།
  ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་གུང་གཞོན་ཚོགས་པའི“གཅིག་སློབ་གཉིས་སྒྲུབ”ཀྱི་སློབ་གསོ་ལག་ལེན་ནི་བོད་རང་སྐྱོང་ལྗོངས་ཀྱིས“གཉིས་སློབ་གཅིག་སྒྲུབ”སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་བ་སྟེ“ཏང་གི་བཀའ་དྲིན་བརྗོད་ནས་སྲོག་ཤིང་ལ་དགའ་ཞེན།མཐུན་སྒྲིལ་བརྗོད་ནས་མེས་རྒྱལ་ལ་དགའ་ཞེན། མཛད་རྗེས་བརྗོད་ནས་ཁྱིམ་གཞིས་དགའ་ཞེན། ཤེས་དཔལ་བརྗོད་ནས་འཚོ་བ་ལ་དགའ་ཞེན”ཞེས་པའི་བརྗོད་གཞིའི་སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་གཏོང་པ་དང་སྦྲེལ་ནས་རྒྱལ་ཡོངས་དང་དུས་མཉམ་དུ་སྤེལ་རྒྱུ་དང་། བོད་ལྗོངས་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་གུང་གཞོན་ཚོགས་པ་རྩ་འཛུགས་དང་གུང་གཞོན་ཚོགས་མི་ཡོངས་ནང་ཞུགས་བྱེད་པ།“གཅིག་སློབ་གཉིས་སྒྲུབ་”གྱི་སློབ་གསོའི་ལག་ལེན་བརྒྱུད་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་གཞོན་ཚོགས་མིའི་སྔོན་ཐོན་རང་བཞིན་དང་གཟི་བརྗིད་རང་བཞིན་ཆེ་རུ་གཏོང་པར་སློབ་གསོའི་ཁྲིད་སྟོན་གནང་དགོས། རང་རྟོགས་སྒོས་ཏང་ཀྲུང་དབྱང་ལ་མིག་དཔེ་བལྟ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལ་མིག་དཔེ་བལྟས་ཐོག་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་པ། དུས་ཀུན་དུ་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། རང་རྟོགས་སྒོས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་བྱེད་པ། རང་རྟོགས་སྒོས་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པ། བོད་ལྗོངས་ཀྱི་ཕུགས་ཆོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པའི་བརྒྱུད་རིམ་ལ་སྐུལ་འདེད་གཏོང་པའི་ཐད་སྟོབས་ཤུགས་གསར་པ་དང་འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ཏེ།  རྨད་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྒྱལ་ཁའི་ངང་འཚོག་པར་དགའ་བསུ་བྱེད་དགོས་སོ།
  ཚོགས་འདུར་བོད་ལྗོངས་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་བརྟན་པོའི་འོག“ འདུ་ཤེས་བཞི” བརྟན་པོ་འཛུགས་པ་དང་། ཚན་རིག་དང་མཐུན་པའི་ལས་ཀ་བྱེད་ཚུལ་དང་གཟབ་ནན་གྱི་ལས་ཀའི་སྤྱོད་ཚུལ་གྱིས་སློབ་གསོའི་ལག་ལེན་གྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་པ་དང་། བོད་ལྗོངས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་རྣམས་མཐུན་སྒྲིལ་སྒོས་སྣེ་ཁྲིད་དེ་ཕུ་ཐུང་ཡར་ལ་བརྫེས་ནས་ལས་ཀ་ནན་སྒྲུབ་བྱེད་པ་དང་། ལས་ཀའི་གྲུབ་འབྲས་ཚགས་སུ་ཆུད་པ་དེས་་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས་ཞེས་འབོད་སྐུལ་བཏང་ཡོད་པ་རེད།
  ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ལམ་ནས་འཚོག་འདུག་ཅིང་། བོད་ལྗོངས་གུང་གཞོན་ཚོགས་པ་ལྗོངས་ཨུ་ཡོན་ལྷན་ཁང་དང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། ལྗོངས་སློབ་གསོའི་སྡེ་ཚན་གྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། ལྗོངས་དངུལ་རྩའི་སྡེ་ཚན་གྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། ཐིང་ཅུས་དང་ལྷ་ས་ས་ཁུལ་གྱི་མཐོ་སློབ་ཁག་ཅིག་གི་གུང་གཞོན་ཚོགས་པ་ཨུ་ལྷན་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་དང་དེའི་ཁོངས་གཏོགས་རྫོང་(ཆུས་)ཀྱི་གུང་གཞོན་ཚོགས་ཨུ་ཡོན་ལྷན་ཁང་གི་་འགན་འཁུར་བློ་མཐུན་བཅས་ལྷ་སའི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་དྲུག་དང་དེ་བཞིན་རྫོང་(ཆུས་)ཁག་གི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཡོངས་རྫོགས་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་། འབྲིང་རིམ་ལས་རིགས་སློབ་འབྲིང་ཁག་གི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་དང་ཤང་གྲོང་ཁག་གཅིག་གི་གུང་གཞོན་ཚོགས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་བཅས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716