སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོ་ཚན་རིག་ཁང་དང་ཚན་རྩལ་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-03-27   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
ཝུའུ་དབྱིང་ཅེས་གསུང་བཤད་གནང་བ། པའེ་ཁྲུན་ལི་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མཚན་རྟགས་བཀོད་པ།

          འདི་ནི་ཟླ་3ཚེས་24ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོ་ཚན་རིག་ཁང་དང་མཉམ་དུ་ལྷ་སར་ཚན་རྩལ་མཉམ་ལས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་འབྲེལ《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཚན་རིག་ཁང་གི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ།
          ཚེས་24ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོ་ཚན་རིག་ཁང་དང་མཉམ་དུ་ལྷ་སར་ཚན་རྩལ་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་འབྲེལ《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཚན་རིག་ཁང་གི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གོ་ཚན་རིག་ཁང་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་པའེ་ཁྲུན་ལིས་གསུང་བཤད་གནང་བ་དང་འབྲེལ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་ལྷན་དུ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མཚན་རྟགས་བཀོད་པ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཙེང་དབན་མིང་དང་། ཉི་མ་ཚེ་རིང་། ཧྥང་ལིང་མིན། དབང་ཧའེ་ཀྲོའུ། པད་མ་རྣམ་རྒྱལ་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པའེ་ཁྲུན་ལི་དང་བཅས་པ་བོད་དུ་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ། ཀྲུང་གོ་ཚན་རིག་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་། ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བཅས་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་སྤྱིའི་དམིགས་ཚད་དུ་འཛིན་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་ཡོང་བ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་རྒྱུ་དེ་དཔལ་འབྱོར་ལས་དོན་གྱི་གཙོ་རྐང་དུ་བརྩི་བ། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་དེ་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ལ་བརྩི་བ། སྒྱུར་འཕེལ་བརྟན་གསུམ་ལ་དམ་པོར་དམིགས་པ། འགག་སྒྲོལ་དཀའ་སེལ་གྱིས་ཞན་ཆ་གསབ་པ། གསར་འབྱེད་གསར་གཏོད་ཀྱིས་ཚད་བརྒལ་ཡོང་བ་བྱེད་པ། གནད་སྨིན་དབུལ་སྒྲོལ་ལ་ཕན་འབྲས་ཐོན་པ་བྱེད་པ། ཡིད་ཆེས་བརྟན་པོས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་བྱས་ནས་ལས་དོན་ཁག་གི་རྣམ་པ་གསར་པ་བཏོད་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། ཀྲུང་གོ་ཚན་རིག་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་ཀྲུང་གོ་ཚན་རིག་ཁང་གིས་སྔ་ཕྱི་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་དང་ཏང་དང་། མི་རིགས། མི་དམངས་བཅས་ལ་འགན་འཁུར་བའི་མཐོ་ཚད་ཐོག་ནས་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ལས་དོན་ནང་ཧུར་ཐག་ཞུགས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོ་ཚན་རིག་ཁང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་ནས་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་དང་མཉམ་ལས་བྱེད་པའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་མཉམ་ལས་ཀྱི་རིམ་པ་མཐོ་རུ་བཏང་ནས་ཁོར་ཡུག་སྲུང་སྐྱོང་དང་། ཡོམ་འགོག་གེགས་སེལ། ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་བོད་ལྗོངས་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ནི་རང་ལྗོངས་ཀྱིས་རྒྱུན་མཐུད་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་རྒྱུན་འཁྱོངས་དང་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་མཚམས་ཤིག་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག སྣོད་བཅུད་ནུས་པའི་ཁུལ་འཛུགས་སྐྲུན་ལ་དམ་འཛིན་དང་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བའི་དུས་མཚམས་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཀྱིས་ཀྲུང་གོ་ཚན་རིག་ཁང་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེ་ཐོག་ནས་ཕྱོགས་གཉིས་པོའི་མཉམ་ལས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་པས། བོད་ཀྱིས་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐུབ་ངེས་ཡིན་པ་དང་། བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་མགྱོགས་མྱུར་བསྐྲུན་རྒྱུར་སྐུལ་འདེད་ཐུབ་ངེས་ཡིན་པས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་ཀྲུང་གོ་ཚན་རིག་ཁང་གིས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་གྲོས་མཐུན་གྱི་ནང་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་ལས་ཀྱི་རིམ་པ་མཐོ་རུ་གཏོང་དགོས། ཕྱོགས་གཉིས་པོས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་ལེགས་ཆ་དེ་ཀྲུང་གོ་ཚན་རིག་ཁང་གི་ཚན་རྩལ་གྱི་ལེགས་ཆ་དང་ཤེས་ལྡན་མི་སྣའི་ལེགས་ཆ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ས་མཐོའི་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་དང་ལེགས་ཆ་ལྡན་པའི་ཐོན་ལས་སྐྱེད་སྲིང་འཕེལ་རྒྱས་མགྱོགས་མྱུར་གཏོང་བ། གསེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་ཞིབ་མཉམ་ལས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་ནང་དོན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་ལེགས་ཆ་ཕན་གསབ་དང་གཉིས་ཁེ་གཉིས་ཕན་དངོས་འབྲེལ་ཡོང་བ་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཚན་རིག་ཁང་གིས་ཚན་ཞིབ་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི“འབྲེལ་བ་ཆ་བཅུ་གསུམ”ཇི་ལྟར་བྱས་ནས་ཐག་གཅོད་དེ་བས་ཡག་པ་བྱེད་ཆེད། ཐབས་དང་ཇུས་འདོན་པ་དང་རོགས་རམ་དང་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
པའེ་ཁྲུན་ལིས་ཀྲུང་གོ་ཚན་རིག་ཁང་གིས་དུས་ཡུན་རིང་པོའི་ནང་བོད་དང་ཚན་རྩལ་མཉམ་ལས་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་འབྲེལ། བོད་ལྗོངས་འདི་ཉིད་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལས་དོན་གྱི་གཙོ་གནད་ཁུལ་ཞིག་ཏུ་བརྩི་གི་ཡོད། 2003ལོ་དང་2009ལོར་རེས་སྐོར་གཉིས་ཀྱི་ཚན་རྩལ་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཚུན། ཚན་རིག་ཁང་དང་རང་སྐྱོང་ལྗོངས་ཕྱོགས་གཉིས་པོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚན་རྩལ་གྱི་དགོས་མཁོར་གཞིགས་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་དོན་གཉེར་མཉམ་ལས་བྱེད་པར་དགའ་འོས་པའི་འཕེལ་རྒྱས་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་གོ་ཚན་རིག་ཁང་གིས་བོད་དང་ཚན་རྩལ་མཉམ་ལས་བྱེད་རྒྱུ་དེ་ས་ཁོངས་མཉམ་ལས་ཀྱི་འཐབ་ཇུས་གཙོ་གནད་ཅིག་ཏུ་བརྩིས་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། དམངས་འཚོ་ལེགས་བཅོས་བཅས་ཀྱི་ཚན་རྩལ་གྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་ནུས་མངོན་གསལ་ལྡན་པའི་དཔེ་སྟོན་གཞན་སྒྱུར་གྱི་འདུ་འགོད་གལ་ཆེན་ཁག་གཅིག་ལག་བསྟར་བྱས་ཏེ་ཚན་རྩལ་འཕེལ་རྒྱས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་ཚད་ཆེ་རུ་ཤུགས་ཆེན་བཏང་ཐོག མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཆེད་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པ་མཁོ་འདོན་བྱས་ཡོད། གོམ་སྟབས་རྗེས་མར་ཀྲུང་གོ་ཚན་རིག་ཁང་དང་རང་སྐྱོང་ལྗོངས་ཀྱི་མཉམ་ལས་ལས་དོན་ཡག་པོ་སྒྲུབ་པར་ས་ཁོངས་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ཏེ་གྲུབ་འབྲས་ཆེན་པོ་ཐོབ་པའི་བརྩོན་ལེན་བྱེད་པ་དང་། ཕྱོགས་གཉིས་པོའི་ལེགས་ཆ་ལྡན་པའི་ཐོན་ཁུངས་བསྡུ་རུབ་བྱས་ནས་གསར་གཏོད་ཀྱི་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། མཉམ་ལས་ཀྱི་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་བྱས་ཏེ་གྲུབ་འབྲས་གཞན་སྒྱུར་བྱེད་མགྱོགས་སུ་གཏོང་བ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་མཉམ་ལས་ཀྱི་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716