སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དྲ་སྦྲེལ་གྱིས་གངས་ལྗོངས་ས་མཐོར་བདེ་སྐྱིད་བསྐྲུན།
སྤེལ་དུས། 2017-04-20   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  པ་ཕན་གྱིས་བསྒྱུར།
—— བོད་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“4·19”ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་པ།
          “མི་དམངས་ཀྱི་རེ་སྒུག་དང་དགོས་མཁོ་དང་འཚམ་པར་བྱས་ནས། ཆ་འཕྲིན་ཅན་གྱི་ཞབས་ཞུ་མགྱོགས་མྱུར་ཁྱབ་གདལ་གཏོང་བ་དང་བཀོལ་སྤྱོད་ཀྱི་མ་གནས་ཆུང་དུ་བཏང་སྟེ་མི་སེར་ཚོས་སྤྱོད་ཐུབ་པ་དང་ཡག་པོ་སྤྱོད་ཐུབ་པའི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱས་ཏེ་མི་དམངས་ཚོས་དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པའི་ཐོབ་ཚོར་དེ་བས་མང་དུ་གཏོང་དགོས”ཞེས་2016ལོའི་ཟླ་4ཚེས་19ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེས་རང་རྒྱལ་གྱི་དྲ་འཕྲིན་བྱ་གཞག་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལོ་གཅིག་རིང་རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པས། ཆ་འཕྲིན་ཅན་གྱི་ཞབས་ཞུ་ཁྱབ་གདལ་དང་། དྲ་ཐོག་ཚོང་དོན་སྤྱོད་པ། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཡོང་བ་སོགས་ཀྱི་ཐད་འཕེལ་རྒྱས་མྱུར་པོ་བྱུང་ཡོད་པ་རེད།
          ས་རྒྱ་ཆེ་ཞིང་མི་འབོར་ཉུང་བའི་རང་ལྗོངས་སུ་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཙོ་གནད་གྱི་ལས་དོན་ཞིག་རེད། “དྲ་ཆེན་བོད་ལྗོངས”ཀྱི་འཐབ་ཇུས་དང“སྒུལ་བདེ་ཁྱབ་སྤེལ”གྱི་འདུ་འགོད་ཀྱི་སྣེ་ཁྲིད་འོག་ལྗོངས་ཡོངས་སུ་དྲ་རྒྱ་ཁྱབ་ཚད་ཆེ་རུ་ཕྱིན་ཞིང་། མིག་སྔར་སྲིད་འཛིན་གྲོང་ཚོར་སྒུལ་བདེའི་འཕྲིན་བརྡ་ཁྱབ་ཚད་100%ཟིན་པ་དང་། སྲིད་འཛིན་གྲོང་ཚོར་དྲ་ཆེན་ཁྱབ་པའི་བསྡུར་ཚད་83.8%ཟིན་པ། ལྗོངས་ཡོངས་སུ་དྲ་སྦྲེལ་སྤྱོད་མཁན་ཁྲི217ཡོད་པ། སྲིད་གཞུང་དང་། སློབ་གྲྭ སྨན་བཅོས་འཕྲོད་བསྟེན། བཟོ་ལས་གླིང་ཁུལ། ཚོང་དོན་ཐོག་བརྩེགས་ཁང་པ། གསོལ་མགྲོན་ཁང་དང་ཨར་ཁང་སོགས་ཚན་པས་དྲ་ཆེན་འཁྲིད་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།
          ད་ཆ་བོད་དུ་དྲ་ཐོག་ནས་ཚོང་ཟོག་ཉོ་བ་དང་དྲ་ཐོག་ཚོང་ཁང་བཙུགས་པ་དར་སོའི་བྱ་བ་ཞིག་མིན། རང་ལྗོངས་ཀྱིས་དྲ་ཐོག་ཚོང་དོན་གྱི་འདུ་འགོད་རྣམ་གྲངས་ལག་བསྟར་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བརྩིས་ནས་བོད་ལྗོངས་དྲ་ཐོག་ཚོད་དོན་ཐོན་ལས་གླིང་དང་། ཕྱོགས་གསུམ་པས་གཏོང་སྤྲོད། གློག་རྡུལ་ཐོབ་ཐང་ངོས་འཛིན། ཡིད་རྟོན་ཞབས་ཞུ། མཛོད་ཉར་ཟོག་འགྲེམ། སྤྱི་པའི་ཞབས་ཞུ། དྲ་རྒྱའི་བདེ་འཇགས་འགན་ལེན། དྲ་ཐོག་ཚོང་དོན་གསོ་སྦྱོང་སོགས་འདེགས་སྐྱོར་མ་ལག་བཙུགས་པ་མ་ཟད། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་དྲ་ཐོག་ཚོང་དོན་གྱི་ཁོར་ཡུག་མ་ལག་བསྐྲུན་ཏེ་རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་ཡུལ་སྐོར་རིག་གནས་ཐོན་རྫས་ལ་དྲ་ཐོག་ཚོང་ལམ་བཏོད་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱིས་ཕན་ཚུན་གཞོགས་འདེགས་བྱེད་བཞིན་ཡོད་པས། ཡང་དག་པའི་དྲ་རྒྱའི་བདེ་འཇགས་ཀྱི་ལྟ་བ་འཛུགས་པ་དང་། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་འགན་ལེན་མ་ལག་མགྱོགས་མྱུར་འཛུགས་པ། ཕྱོགས་མང་པོ་དང་དུས་རྒྱུན་དུ་ནས་དྲ་རྒྱའི་བདེ་འཇགས་ཀྱི་རྣམ་པ་ཚོར་ཐུབ་པ་བཅས་བྱས་ཏེ་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་ནུས་པ་དང་ཟིལ་ཤུགས་ནུས་པ་ཆེ་རུ་གཏོང་དགོས”ཞེས་གསུངས་ཡོད་ལ། རང་ལྗོངས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མར་གནས་ཡོད་པས་དྲ་ཐོག་གི་གླེང་ཕྱོགས་ཀྱི་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་དང་། བོད་འབྲེལ་གྱི་དྲ་རྒྱའི་བར་མཐོངས་གཙང་མ་བཟོ་བ། དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཁྱབ་གདལ་གཏོང་བ། དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོ་འཛུགས་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
          རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་བོད་ལྗོངས་གྲངས་གཞི་ཆེ་མོའི་ཞིབ་འཇུག་ལྟེ་གནས་སྒོ་བྱང་བཀལ་ནས་བཙུགས་པའི་གོ་སྐབས་དང་བསྟུན་ནས་རང་ལྗོངས་ཀྱིས་ཀྱང་བོད་འབྲེལ་དྲ་ཐོག་འཐབ་རྩོད་མཐུན་སྦྱོར་མཉམ་སྒུལ་ལམ་སྲོལ་བཙུགས་ཡོད། དྲ་ཚིགས་ལ་དོ་དམ་དང་། དྲ་རྒྱའི་ནང་དོན། དྲ་རྒྱའི་བདེ་འཇགས་སོགས་ཀྱི་ཐད་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཏོན་ནས་རང་ལྗོངས་ཀྱིས་དྲ་རྒྱར་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང“ཇོ་མོ་གླང་མའི་དྲ་གཙང”སོགས་ཆེད་དོན་བྱ་སྤྱོད་སྤེལ་ནས་རང་འགུལ་ངང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་བཏང་ཡོད། 2016ལོའི་རྒྱལ་ཁབ་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་རིང་དྲ་རྒྱའི་བདེ་འཇགས་ཤེས་བྱ་སློབ་གྲྭའི་ནང་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བར་བརྟེན་རྒྱ་ཆེའི་དྲ་དམངས་ཀྱི་དྲ་རྒྱའི་ཉེན་ཁའི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་དྲ་རྒྱའི་འདུ་ཤེས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་ཐུབ་པ་བྱུང་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716