སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཤག་ལྷོ་གྲོང་རྡལ་གྱི་ལས་བྱེད་པས་སྡེ་མི་ཕྱི་ཕྱོགས་ལ་ལས་ཀར་འགྲོ་མི་དགོས་པར་མཐུན་བཟང་སྐྲུན།
སྤེལ་དུས། 2017-04-20   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འབྲུག་རྩེ་རྒྱལ་གྱིས་བསྒྱུར།

          ཉིན་འདི་རིང་ལ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཤག་ལྷོ་གྲོང་རྡལ་གྱི་ལས་སྒོ་ས་ཚུགས་སོ་སོར་དུ་འདྲུད་འཐེན་འཁོར་ལོས་ཕར་འགྲོ་ཚུར་འོང་གིས་ལས་ཀ་བྱེད་བཞིན་ཡོད་ལ། ཞིང་བ་མང་ཚོགས་ཀྱིས་རྡོ་རྡོག་འབོར་སྐྱེལ་དང་གྱང་རྩིག་རྡོ་རྒྱག་བྱེད་པའི་ལས་ལ་བྲེལ་བཞིན་ལས་ཚུགས་སུ་བྲེལ་ཟིང་ཆེ་བའི་རྣམ་པས་ཁེངས་འདུག ད་ལོར་རང་ལོ་26སོན་པའི་ཞིང་བ་སྐལ་བཟང་ཟླ་བས “སྔོན་ཆད་རྟག་པར་ཕྱི་ལོག་ལ་ཞོར་ལས་རྒྱག་ཏུ་འགྲོ་དགོས་སྟབས། ནང་མི་དང་ལྷན་འཛོམས་བྱེད་པའི་དུས་ཡུན་ནི་ཧ་ཅང་ཉུང་ཉུང་རེད། དངུལ་ལོར་འོབ་ཙམ་ལག་སོན་བྱུང་ནའང་ཕར་འགྲོ་ཚུར་འོང་བྱེད་དགོས་པས། རང་ལ་དཀའ་ཚེགས་ཆེ་བ་ཕར་ཞོག་ད་དུང་ལམ་བར་གྱི་འགྲོ་སོང་ཡང་མི་ཉུང་བ་ཞིག་བརླག་དགོས་པ་རེད། ད་ལྟར་རང་ཁྱིམ་སྒོ་འགྲམ་དུ་ཞོར་ལས་རྒྱག་ཡུལ་མང་པོ་འདུག་པ་དང་། གདམ་གའང་གང་མང་ཡོད་པར་མ་ཟད། གླ་ཕོགས་ཀྱང་མི་ཉུང་བ་ཞིག་འདུག ད་དུང་རང་ཁྱིམ་གྱི་རྒན་པ་ལའང་བདག་སྐྱོང་བྱེད་ཐུབ་པ་རེད། ང་རང་ད་ལྟའི་འཚོ་བ་ལ་ཡིད་ཚིམ་པོ་ཡོད”ཅེས་བཤད།

          “ད་ལྟར་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ཁེ་བཟང་རག་ཐུབ་པར་མ་ཟད། ད་དུང་རང་ཁྱིམ་ཡང་བདག་སྐྱོང་ཐུབ་པ་རེད། དངོས་ནས་ཕྱོགས་གཉིས་ཀར་ཕན་པ་ཞིག་རེད། དེ་བས་ཕྱི་ལོག་ལ་གླ་རྒྱག་ཏུ་འགྲོ་དགོས་དོན་གང་ཡང་ཡོད་མ་རེད། ང་ཚོས་གྲོང་ཚོའི་“ཨུ་ཡོན་གཉིས་”དང་“གཉིས་ལྡན་དུད་སྦྲེལ་”དུད་སྦྲེལ་སྡེ་ཚན་གྱི་དུད་དཔོན་གྱིས་མང་ཚོགས་ཁྲོད་ཀྱི་དྲིལ་བསྒྲགས་ལ་བརྟེན་ཏེ། རང་ཁྱིམ་སྒོ་འགྲམ་དུ་ཞོར་ལས་བརྒྱབ་སྟེ་ཡོང་འབབ་ཇེ་མཐོར་གཏོང་ཐབས་བྱ་དགོས།”དེ་ཡང་ཟླ་3པར་ལས་སྒོ་ས་ཚུགས་སོ་སོའི་འགོ་བརྩམས་པ་ནས་བཟུང་། ཆུ་གསུམ་རྫོང་རིག་གནས་དྲིལ་བསྒྲགས་མ་ལག་གི་རིམ་པ་དྲུག་པའི་སྡེ་སྡོད་ལས་དོན་རུ་ཁག་ཤག་ལྷོ་གྲོང་རྡལ་རུ་སྡེ་སྡོད་བྱས་ཏེ། གསར་བཙུགས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་ལས་སྒོ་ས་ཚུགས་དང་གསར་བཙུགས་ཆུ་རྐ་ལས་སྒོ་ས་ཚུགས་དང་། གསར་བཙུགས་སྒུལ་འཕྲིན་གྱི་ལྕགས་ཀྱི་མཆོད་རྟེན་ལས་སྒོ་ས་ཚུགས་བཅས་སོགས་ལ་མང་ཚོགས་རྩ་འཛུགས་བྱས་ཏེ་རང་ས་ནས་ཡོང་འབབ་ཇེ་མཐོར་བཏང་ཡོད། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་རིང་དང་སྡེ་སྡོད་ལས་དོན་རུ་ཁག་གི་རུ་གཙོ་སྐར་སྒྲོན་གྱིས་སེམས་ཀྱི་སྤྲོ་བ་འབུམ་གྱིས་བརྟས་ཏེ་འགྲོ་ཞོར་དུ་དེ་ལྟར་ལབ་གླེང་བྱས་སོ། །

          “རུ་གཙོ་ལགས། ཁམས་བཟང་། སང་ཉིན་ང་ཚོར་རྩིག་རྡོ་འབྱར་བར་བྱེད་པའི་ལག་བཟོ་སྐྱེས་པ་མི་8དང་། མི་སེར་བཟོ་པ་མི་15དང་། རྡོ་འདྲུད་བྱེད་ཀྱི་འདྲུད་འཐེན་འཁོར་ལོ་5བཅས་དགོས།”“ཡ་ལགས། ངས་ལམ་སེང་ཀྲི་པུའུ་ཧྲུའུ་ཅི་ལ་འབྲེལ་བ་བྱེད་ཡོང་།”འདི་ནི་གསར་བཙུགས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་གཞིའི་ལས་གཉེར་ལས་ཁུངས་ཀྱི་འགན་འཛིན་པ་དང་སྡེ་སྡོད་ལས་དོན་རུ་ཁག་གི་རུ་གཙོའི་གླེང་མོལ་རེད། ཉིན་མ་རྟག་པར་སྡེ་སྡོད་ལས་དོན་རུ་ཁག་གིས་ལས་གཉེར་ལས་ཁུངས་ཀྱིས་བཏང་བའི་སྐད་འཕྲིན་ཡི་གེ་སྦྱོར་ཡོང་གི་རེད། དེ་ཡང་སྡེ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ལ་འབྲེལ་བ་བྱེད་པ་དང་། ཀྲི་པུའུ་ཧྲུའུ་ཅི་ཡིས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལྟར། ཉིན་རེར་ལས་མི་ལ་ལས་ཀ་བཀོད་སྒྲིག་བྱེད་བཞིན་ཡོད་པ་རེད། དེས་ངལ་ལས་“ཕྱི་བསྐྱོད”བྱེད་པ་ནས་“ནང་བསྐྱོད”བྱེད་པར་བཏང་ཡོད་ལ། མང་ཚོགས་མང་པོའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཀའི་གནད་དོན་ཐག་གཅོད་བྱས་འདུག་པ་རེད།  

          ད་ལོར་ཤག་ལྷོ་གྲོང་གསེབ་ཀྱིས་“ཏང་ཙུང་ཀྲི + ”དཔེ་དབྱིབས་བྱ་ཐབས་ལག་བསྟར་བྱས་ཐོགལས་གཉེར་ལས་ཁུངས་ཁག་ལ་ལས་བཟོ་པ་བཀོལ་སྤྱོད་ཐད་ཀྱི་གན་རྒྱ་བཞག་སྟེ། ལས་བཟོ་པའི་བཀོལ་སྤྱོད་ཁྱབ་ཁོངས་དང་གླ་ཕོགས་སོགས་ཀྱི་ཐད་ལ་གསལ་བོར་གཏན་ཁེལ་གནང་སྟེ་ངལ་རྩོལ་མང་ཚོགས་ཀྱི་ཁེ་ཕན་འགན་སྲུང་བྱས་ཡོད། དེ་མཚུངས་སུ་ལས་གཉེར་ལས་ཁུངས་སོ་སོ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་དང་“གཉིས་ལྡན་དུད་སྦྲེལགྱི་དུད་སྦྲེལ་སྡེ་ཚན་གྱི་དུད་དཔོན་གྱིས་རུ་གཙོའི་འོས་འགན་ཁུར་པའི་ལས་དོན་རུ་ཁག་བཙུགས་ཏེ། ཕྱོགས་ཡོངས་ནས་སྣེ་ཁྲིད་དང་གཅིག་གྱུར་འཆར་འགོད་ལ་བརྟེན་ནས་མང་ཚོགས་ཀྱི་ལས་དོན་སོ་སོར་ཞབས་འདེགས་ཞུ་དགོས་པར་བྱས་ཡོད། འདིས་ཁྱོན་ཡོངས་ནས་ས་གནས་མང་ཚོགས་ཀྱི་“ཞིང་ལས་པའི”སྣང་བརྙན་མཐོར་འདེགས་བཏང་ཡོད་ལ། ལས་གཉེར་ལས་ཁུངས་སོ་སོས་གདེང་འཇོག་ཡག་པོའང་ཐོབ་ཡོད་པ་རེད།

          མིག་སྔའི་བར་སྡེ་སྡོད་ལས་དོན་རུ་ཁག་གིས་ས་གནས་མང་ཚོགས་ལ་རོགས་རམ་བྱས་ཏེ་ལས་ཞུགས་བཀོད་སྒྲིག་གནང་བའི་སྡེ་མི་60ལྷག་ཟིན་པ་དང་། སྔ་ཕྱི་སྡེབ་རྩིས་བྱས་པའི་ཡོང་འབབ་ལ་དམངས་སྒོར་ཁྲི་37.94ཟིན་འདུག རང་ཁྱིམ་སྒོ་འགྲམ་ནས་ལས་ཀ་བྱེད་པ་ནི་ཤག་ལྷོ་གྲོང་རྡལ་གྱི་ཞིང་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བའི་མངོན་གསལ་དོད་པོའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་པ་རེད།

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716