སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འདི་ལོ་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་150བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་བསྐྲུན་རྒྱུ་ཡིན་པ།
སྤེལ་དུས། 2017-04-25   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  
  ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་འགྲིམ་འགྲུལ་དབུལ་སྐྱོར་དང་གྲོང་གསེབ་ཀྱི་གཞུང་ལམ་བསྐྲུན་རྒྱུའི་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་558གཏོང་རྒྱུ་ཡིན་ཞིང་། 2020ལོར་སླེབས་སྐབས་རྫོང་ཚང་མར་སྣུམ་ནག་ལམ་དང་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་བྱས་ཏེ་འབྱོར་འབྲིང་ལམ་བུའི་ཐོག་ས་ཁུལ་དབུལ་པོར་གཞུང་ལམ་མེད་པའི་རྐྱེན་གྱིས་རྗེས་སུ་ལུས་པའི་གནས་ཚུལ་མི་ཐོན་པ་བྱ་རྒྱུ་རེད།
འགྲིམ་འགྲུལ་དབུལ་སྐྱོར་གྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད། འདི་ལོ་ནས་བཟུང་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ“ཕྱུག་པོ་ཆགས་བསམ་ན་སྔོན་ལ་ལམ་བཟོ་བའི”འདུ་ཤེས་བརྟན་པོ་བཙུགས་ནས་འགྲིམ་འགྲུལ་ལ་བརྟེན་ནས་དབུལ་སྒྲོལ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད། 2017ལོར་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་150བཏང་ནས་དབུལ་ཞྭ་ཕུད་པའི་རྫོང་དང་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་གནས་སུ་གཞུང་ལམ་བསྐྲུན་རྒྱུ་ཡིན་པ་རེད།
  རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ད་དུང་གྲོང་གསེབ་ཀྱི་གཞུང་ལམ་ཐད་བདེ་འཇགས་འགན་ལེན་དང་ཚེ་སྲོག་སྲུང་སྐྱོང་དང་ཉེན་ཟམ་སྒྱུར་བཀོད་སོགས་ཀྱི་དམངས་འཚོའི་འདུ་འགོད་ལག་བསྟར་བྱས་པ་དང་རིམ་རྩིས་བྱས་ན་ལམ་དུམ་སྤྱི་ལེ་ཁྲི་1.3ཙམ་གྱི་མངོན་མེད་རྐྱེན་ངན་སེལ་བ་དང་ཉེན་ཟམ་251ཉམས་བཟོ་བྱས་ཡོད། སྒྲིག་གཞི་ཚང་བའི་གྲོང་ཚོ་83ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ནས་ཞིང་འབྲོག་ཁུལ་དུ་འགྲུལ་སྐྱེལ་གྱི་ཕན་པ་གང་སར་ཁྱབ་པ་དང་ཟོག་འདྲེན་དངོས་ཕན་ཐོབ་སྟེ“མ་གཅོག་ཕན་འཕར”ལ་སྐུལ་མ་ཐེབས་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716