སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཝུའུ་དབྱིང་ཅེས“ལང་ཚོར་བརྟེན་ནས་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ། ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲངས”ཞེས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོར་རྟོག་ཞིབ་གནང་བ།
སྤེལ་དུས། 2017-05-04   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འཇིགས་མེད།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཞོན་ནུར་གནང་བའི་ལང་ཚོའི་ཐུགས་རེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་འབད་འཐབ་ཁྲོད་དུས་རབས་ལ་ངོ་གནོང་མི་དགོས་པའི་ངོ་མཚར་ལྡན་པའི་མི་ཚེ་གཏོད་དགོས་པའི་ནན་བཤད་གནང་བ།
          “ལྔ་བཞི”གཞོན་ནུའི་དུས་ཆེན་གྱི་སྔ་ནུབ་ཏུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་ཡན་ལག་དངུལ་ཁང་དྲུང་སྤྱི་ལམ་ཉིང་ལག་དངུལ་ཁང་དང་བོད་ལྗོངས་སློབ་ཆེན་དུ་ཕེབས་ནས“ལང་ཚོར་བརྟེན་ནས་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ། ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་རྗེས་སུ་འབྲངས”ཞེས་པའི་བརྗོད་དོན་གཙོ་བོའི་སྡེ་ཚོགས་ཉིན་མོའི་བྱེད་སྒོར་རྟོག་ཞིབ་གནང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུར་དུས་ཆེན་གྱི་འཚམས་འདྲི་གནང་ཞིང་། ཁོང་གིས་རྒྱ་ཆེའི་གཞོན་ནུ་ཚོས་ཟླ་5ཚེས་3ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་གཞོན་ནུར་གནང་བའི་ལང་ཚོའི་ཐུགས་རེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཕུགས་འདུན་བློ་ལ་འཆང་བ་དང་། ཕུགས་འདུན་ཆེན་པོ་ལྡན་པ། སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་རང་ཉིད་གོ་ཆོད་ཤེས་ལྡན་མི་སྣ་དང་རྐང་འཛིན་ཤེས་ལྡན་མི་སྣར་འགྱུར་བ་བྱས་ཏེ་ལང་ཚོའི་མེ་ཏོག་ལ་རེ་བའི་འབྲས་བུ་རབ་ཏུ་སྨིན་པ་བྱས་ཐོག་དུས་རབས་ལ་ངོ་གནོང་མི་དགོས་པའི་ངོ་མཚར་ལྡན་པའི་མི་ཚེ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
          ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་བཅས་རྟོག་ཞིབ་ནང་ལྷན་དུ་ཕེབས་ཡོད་པ་རེད།
          ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་ཡན་ལག་དངུལ་ཁང་དྲུང་སྤྱི་ལམ་ཉིང་ལག་དངུལ་ཁང་ལོ་མང་བསྟུད་མར“རང་སྐྱོང་ལྗོངས་ཀྱི་གཞོན་ནུ་ཤེས་དཔལ་ཅན”ལ་བདམས་ཡོད་པ་རེད།
          དངུལ་ཁང་གི་ཚོམས་ཆེན་གཙང་སྦྲ་དོད་ལ་སྒྲིག་ཆས་གྲལ་འགྲིག་པ་དང་སྒྲིག་ལམ་གོ་རིམ་ལྡན་པ་མ་ཟད། ལས་དོན་མི་སྣ་ཡ་རབས་གུས་ཞབས་ལྡན་ལ་ཞབས་ཞུ་སེམས་རྩ་འཁོལ་བས། ཝུའུ་དབྱིང་ཅེས་ཕེབས་ཀྱིན་གཟིགས་ཀྱིན་ངང་དྲུང་སྤྱི་ལམ་ཉིང་ལག་དངུལ་ཁང་གི“གཞོན་ནུའི་ཡ་རབས་རྟགས་ཅན”གཏོད་པ་དང་འཛུགས་པའི་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཚང་མར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། ཝུའུ་དབྱིང་ཅེས་ཉིང་ལག་དངུལ་ཁང་གི་འགན་འཁུར་བར་གཟི་བརྗིད་མཚན་སྙན་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ལ་རྒྱུན་འཁྱོངས་དེ་བས་ཁག་པོ་ཡོད། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་གཞོན་ནུར་གནང་བའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས“ལྔ་བཞིའི་སྙིང་སྟོབས”དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”“ལམ་གཉིས་ཀྱི་སྙིང་སྟོབས”བཅས་རྒྱུན་འཛིན་དར་སྤེལ་བཏང་སྟེ་བློ་ཁོག་ཆེན་པོས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་མདུན་སྐྱོད་མཁན་དང་། གསར་འབྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་བྱས་ཏེ་རང་འཁྲིའི་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས་པ་དང་། བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ནང་ལང་ཚོར་ངོ་གནོང་མི་དགོས་པ་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་རེ་བ་ཡོད་ཅེས་གསུངས། ལས་བཟོའི་དཔེ་དེབ་ཁང་དུ“རྒྱལ་ཡོངས་ཀྱི་དངུལ་རྩའི་ལྔ་གཅིག་བུད་མེད་དཔེ་དམག་ལས་གནས”དང“བུད་མེད་ལས་བཟོའི་ཡ་རབས་དཔེ་སྟོན་ལས་གནས”སོགས་ཀྱི་གཟི་བརྗིད་མཚན་སྙན་ལག་ཁྱེར་གྲལ་འགྲིག་པོས་བཞག་པ་དང་མངོན་གསལ་དོད། ཝུའུ་དབྱིང་ཅེས་ནན་ཏན་ངང་གཟིགས་པ་དང་འབྲེལ་སྐབས་སྐབས་སུ་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་ནས“གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཚོང་ལས་དངུལ་ཁང་རྩེ་གྲ་གཏོད་པའི”བྱ་ཐབས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ཏང་གི་ལས་དོན་ཐམས་ཅད་ཀྲི་པུའུ་ལ་སྙན་སེང་ཞུ་བའི་སྟོན་ཕྱོགས་མངོན་གསལ་དོད་པོ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས་པ་དང་ཆབས་ཅིག སྡེ་ཚོགས་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཉེ་ལམ་ལོ་ཤས་རིང་བོད་ལྗོངས་སློབ་ཆེན་སྡེ་ཚོགས་ཨུ་ལྷན་གྱིས་སྔ་བར་ཕྱི་གསུམ་དུ་མི་སྣ་གསོ་སྐྱོང་ལས་དོན་ལྟེ་བར་བཟུང་ནས་སློབ་གྲྭ་ཆེ་མོ་བའི་ལག་ལེན་གསར་གཏོད་ནུས་པའི་སློབ་ཚན་གཉིས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆེད་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སློབ་གྲྭའི་སྤུས་རྟགས་གཏོད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།
          བོད་ལྗོངས་སློབ་ཆེན་རང་བྱུང་རིག་པའི་སློབ་གླིང་གསར་གཏོད་ལས་གཏོད་སྦྱོང་བརྡར་ལྟེ་གནས་སུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་སློབ་མ་རྣམས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་བྱེད་སྒོར་ཞུགས་བཞིན་ཡོད། ཝུའུ་དབྱིང་ཅེ་སློབ་གྲྭ་ཆེ་མོ་བའི་ཁྲོད་དུ་ཕེབས་ནས་གསར་གཏོད་ལས་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་འབྲེལ་ལས་གཏོད་སློབ་གྲྭ་ཆེ་མོ་བ་དང་གཞོན་ནུའི་འཐུས་མི་དང་བྱམས་བརྩེའི་སྤེལ་རེས་གནང་ཞིང་། ཁོང་གིས་ལས་གཏོད་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། གཞོན་ནུ་སློབ་མར་བསམ་པའི་བཀོད་ཤུགས་དང་གསར་གཏོད་ཀྱི་འཇོན་ཐང་ལྡན་པས་ལས་གཏོད་གསར་གཏོད་ཀྱི་སྐྱེ་ལྡན་སྟོབས་ཤུགས་ཤིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞོན་ནུའི་བསམ་འདུན་ལ་དོ་ཁུར་དང་། གཞོན་ནུའི་འཕེལ་རྒྱས་ལ་རོགས་རམ། གཞོན་ནུའི་ལས་གཏོད་ལ་རྒྱབ་སྐྱོར་བཅས་བྱས་ནས་གཞོན་ནུ་གྲོགས་པོའི་སྙིང་ཉེ་བ་དང་། གཞོན་ནུའི་ལས་དོན་གྱི་སེམས་རྩ་འཁོལ་བའི་མི་ཞིག་བྱས་ཏེ་ལས་ཞུགས་ལས་གཏོད་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། གཟིགས་སྐྱོང་ཆེ་ཤོས་ཀྱི་སྲིད་ཇུས་བཟོ་བ། རྒྱ་ཆེ་ཤོས་ཀྱི་ལས་སྟེགས་སྐྲུན་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་རྒྱབ་སྐྱོར། ཁོང་ཚོ་སྤྱི་ཚོགས་ཐོག་སྐྱོད་པའི་གོམ་སྟོབས་དང་པོ་སྤོ་བར་རོགས་རམ་བཅས་བྱས་ཏེ་ཁོང་ཚོར་སྤྱི་ཚོགས་ཐོག་ལ་རྒྱ་ཡོད་པ་དང་འཚོ་བའི་ཐད་ཡོང་འབབ་ཡོད་པ་བྱེད་དགོས། རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་དད་སེམས་ཆེད་དུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་གནས་སྐབས་ཀྱི་རྒྱལ་ཕམ་དང་ཐོབ་ཤོར་ལ་ལྟ་སྟངས་ཡང་དག་བཟུང་ནས་གྲུབ་འབྲས་ཐོབ་སྐབས་སྤོབས་པ་མི་བྱེད་པ་དང་དཀའ་ངལ་འཕྲད་སྐབས་བློ་སྟོབས་མི་ཉམས་པ། གྲུབ་འབྲས་ཐོབ་དང་མི་ཐོབ་ཚང་མ་མི་ཚེའི་མཆོག་ནོར་ལ་བརྩི་བ་། ལས་སྒོ་གཅིག་སྦྱངས་ཚེ་དེ་བྱང་ཆུབ་པ་དང་གང་ཞིག་བྱེད་དུ་བཅུག་ཀྱང་དེ་ལ་དགའ་ཞེན་བྱེད་པ། སྦྱངས་པ་གོ་ཆོད་དང་སྦྱངས་པར་ཕན་འབྲས་ཐོན་པ་བཅས་བྱས་ཏེ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་ལས་གཏོད་བྱེད་པའི་བརྒྱུད་རིམ་ནང་དུས་རབས་ལ་ངོ་གནོང་མི་དགོས་པའི་མི་ཚེའི་རིན་ཐང་གཏོད་དགོས་ཞེས་གསུངས།
          བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ཐོག་སོ་གཉིས་པའི་ཏང་ཡོན་བྱེད་སྒོ་ཁང་དུ་ཝུའུ་དབྱིང་ཅེས་ཕུལ་བྱུང་གཞོན་ནུ་དང་སློབ་མའི་འཐུས་མི་དང་བྱམས་བརྩེའི་བཞུགས་མོལ་གནང་བ་རེད། སློབ་མའི་འཐུས་མི་པད་མ་བདེ་སྐྱིད་དང་། མ་ཅི་ཤིའུ། ཀྲང་ཡུས་ཧན་བཅས་དང་དེ་བཞིན་དགེ་རྒན་གྱི་འཐུས་མི་ཀྲའོ་ལེ་དང་ཝང་ཧུང་ཆོན་དང་སྐབས་བཅུ་གསུམ་པའི“བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཐོབ་མཁན་ལྷག་པ་ཕུན་ཚོགས་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་། ཝུའུ་དབྱིང་ཅེས་གསན་ཞོར་དུ་ཟིན་བྲིན་བསྐྱོན་པ་དང་འབྲེལ་དགེ་སློབ་ཚོ་དང་གྲོས་བསྡུར་འཁྲུག་པོ་གནང་བ་རེད།
          ཝུའུ་དབྱིང་ཅེས་གཞོན་ནུ་ནི་ཕུགས་བསམ་དང་། དད་སེམས། འདུན་པ་ཆེན་པོ་བཅས་ལྡན་པའི་མི་རབས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏམ་བཤད་དང་། བཞུགས་མོལ། འཕྲིན་ལན་སྤྲིངས་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་མི་རིགས་ཁག་གི་གཞོན་ནུར་སྐུལ་ལྕག་གནང་ཡོད། ཟླ་5ཚེས་3ཉིན་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས་སླར་ཡང་གཞོན་ནུ་ཚོར“གཞོན་ནུས་བྱ་བ་ཆེན་པོ་སྒྲུབ་པའི་ཕུགས་འདུན་འཆང་བ་ལས་དཔོན་པོ་ཆེན་པོ་བྱེད་པའི་བསམ་བློ་འཆང་མི་རུང་བའི”རེ་བ་ནན་པོ་བཅོལ་གནང་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུར་གནང་བའི་བཀའ་སློབ་ནན་པོ་དང་མངགས་བཅོལ་ཟབ་མོ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་འབད་འཐབ་ཁྲོད་ལང་ཚོར་དུས་རབས་ཡར་ཐོན་དང་མཐུན་པའི་བསམ་པའི་ཉམས་འགྱུར་ལྡན་པ་དང་ལང་ཚོའི་མེ་ཏོག་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་བཞད་པ་བྱས་ནས་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རླབས་ཆེན་ལག་ལེན་ནང་དེ་བས་ངོ་མཚར་ལྡན་པའི་མི་ཚེ་གཏོད་དགོས།
          གཅིག་ནས་ཕུགས་བསམ་དད་སེམས་ཀྱི་དཔེ་བཟང་བ་བརྩོན་ལེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྲོག་ཤིང་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་མཐའ་གཅིག་ཏུ་བྱས་ཏེ་སྔ་བར་ཕྱི་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས་མི་ཚེའི་གོམ་སྟབས་དང་པོ་ཡག་པོ་སྤོ་བ་དང་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་བརྩོན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཚད་ལོན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་ཞིག་བྱེད་དགོས།
          གཉིས་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་མཁན་གྱི་དཔེ་བཟང་བ་བརྩོན་ལེན་བྱེད་དགོས། ཤེས་བྱ་མི་འདང་བ་དང་འཇོན་ཐང་མི་འདང་བའི་སེམས་ཁྲལ་ཆེན་པོ་བྱས་ནས་སློབ་སྦྱོང་ལས་འགན་ཨང་དང་པོར་བརྩི་བ་དང་། འགན་འཁྲི་ཞིག་དང་། བསམ་པའི་དོན་གཉེར་ཞིག འཚོ་བ་སྐྱེལ་སྟངས་ཤིག་ཏུ་བརྩིས་ནས་དུས་རབས་ཀྱི་གོམ་སྟབས་ལ་དམ་པོར་སྙེག་པ་དང་འཚབ་འཚུབ་ཀྱི་བསམ་བློ་ཁྱད་བསད། དུས་ཚོད་གསེར་ལྟར་བརྩི་བ་དང་བློ་རྩེ་གཅིག་སྒྲིམ། ལས་ཀ་གཙོ་བོ་མངོན་གསལ་དོད་པ་དང་དེའི་སྙིང་བཅུད་ལེན་པ། ཏང་གི་ལོ་རྒྱུས་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་ཧུར་ཐག ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་། བོད་ཀྱི་ལོ་རྒྱུས་སློབ་སྦྱོང་། བོད་ཀྱི་དེ་སྔའི་དཀའ་སྡུག་ཤེས་རྟོགས། ཐོབ་པར་དཀའ་བའི་བདེ་སྐྱིད་འཚོ་བར་གཅེས་སྤྲས། འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་མདུན་ལམ་ལ་རྒྱང་ལྟ། སྤྱི་ཚོགས་ལག་ལེན་ལ་ཧུར་ཐག་ཞུགས་པ། གསར་གཏོད་བྱེད་སེམས་ཆེ་རུ་དང་ཚན་རིག་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས་རང་ངོས་ཀྱི་བྱང་ཚད་མཐོ་རུ་དང་ལས་ཀའི་འཇོན་ཐང་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།
          གསུམ་ནས་ལས་སྒྲུབ་ལས་གཏོད་ཀྱི་དཔེ་བཟང་བ་བརྩོན་ལེན་བྱེད་དགོས། བྱ་བ་ཆེན་པོ་སྒྲུབ་པའི་བསམ་བློ་བཅངས་ནས་ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་ཧུར་ཐག་བཏང་སྟེ་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། གསར་གཏོད་ཀྱི་སྙིང་སྟོབས་འདོན་སྤེལ། ཡང་དག་པའི་ལངས་ཕྱོགས་དང་ལྟ་བ་སྤྱད་ནས་གནད་དོན་དབྱེ་ཞིབ་བྱེད་ཤེས་པ་བཅས་བྱས་ནས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལག་ལེན་ལ་ཧུར་ཐག་ཞུགས་དགོས་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་བྱ་བ་སྒྲུབ་པ་དང་ཏན་ཏན་ཏིག་ཏིག་གིས་མི་ཡག་པོ་ཞིག་བྱས་ཏེ་གོམ་སྟབས་བརྟན་པོ་སྤོ་བ་དང་། རྨང་གཞི་བརྟན་དུ་གཏོང་བ། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་དངོས་སྒྲུབ་དཀའ་སྤྱད་ལ་བརྟེན་ནས་རང་ཉིད་ཀྱི་ལང་ཚོའི་ཕུགས་འདུན་འགྲུབ་པ་དང་མི་ཚེའི་རིན་ཐང་དོན་གཉེར་བྱས་ནས་ཕུགས་བསམ་ལ་བརྟེན་ནས་ལང་ཚོར་སྐྱེ་སྟོབས་རྒྱས་པ་དང་། འབད་འཐབ་ལ་བརྟེན་ནས་ངོ་མཚར་གཏོད་པ། ལེགས་སྐྱེས་བརྟེན་ནས་བབ་བརླིང་ལྡན་པ་བྱེད་དགོས།
          བཞི་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་བརྩོན་ལེན་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་གཏོད་འཛུགས་བྱེད་སྒོར་རང་འགུལ་ངང་ཞུགས་ཏེ་བྱ་བ་ཆུང་ཙག་དང་ཉེ་འགྲམ་ནས་འགོ་བརྩམས་ནས་ས་སྲུང་རོགས་རེས་བྱེད་པའི་མི་རིགས་ཀྱི་འབྲེལ་བ་བརྟན་དུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
          ལྔ་ནས་གོམས་སྲོལ་སྒྱུར་བའི་དཔེ་བཟང་བ་བརྩོན་ལེན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་ནས་བདེན་ལེགས་མཛེས་གསུམ་གྱིས་རང་ཉིད་ཀྱི་སྤྱོད་ཚུལ་ལེགས་སུ་འགྲོ་བར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་ཁྱིམ་ཚང་གི་ཁོངས་མི་དང་ཉེ་འགྲམ་གྱི་མི་བཅས་ལ་སློབ་གསོ་སྣེ་ཁྲིད་བྱས་ཏེ་གོམས་སྲོལ་སྒྱུར་བ་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་རྒྱུན་ཆད་མེད་པར་བསལ་ཏེ་བདེ་ཐང་དང་། ཚན་རིག་དང་མཐུན་པ། ཤེས་དཔལ་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱས་ཏེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་ཞེས་གསུངས།
          ཧྲུའུ་ཅི་ཝུའུ་དབྱིང་ཅེའི་གསུང་ཚིག་ནན་ཞིང་ཐུགས་ཁུར་ཆེ་བའི་གསུང་བཤད་ལ་དགེ་སློབ་ཁྲོད་མཐུན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་ཏང་གི་འགོ་ཁྲིད་འོག་བློ་ཁོག་ཆེན་པོས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་མདུན་སྐྱོད་མཁན་དང་། གསར་འབྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་ཁུར་ཏེ་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བར“ལྔ་བཞིའི་སྙིང་སྟོབས”ལ་དེ་བས་ཡིད་དབང་འཕྲོག་པའི་དུས་རབས་ཀྱི་འོད་སྣང་འཕྲོ་བ་བྱ་རྒྱུ་ཡིན་ཞེས་བརྗོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716