སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆེ་དགྲ་ལྷས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
སྤེལ་དུས། 2017-05-09   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འཇིགས་མེད།
          ཚེས་3ནས་6ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གནད་དོན་ཕྱོགས་སྟོན་དུ་འཛིན་ནས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གཏིང་ཟབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་བཀོད་སྒྲིག་ནང་རང་འགུལ་ངང་ཞུགས་ནས་གཞིས་རྩེ་གྲོང་ཁྱེར་འདི་ཉིད་བོད་ཀྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་རྒྱལ་སྤྱིའི་བགྲོད་ལམ་ཆེ་མོའི་ཟམ་སྣེའི་བཙན་རྫོང་ལྟ་བུ་ཞིག་ཏུ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
          རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་བརྟག་ཞིབ་ནང་ལྷན་དུ་ཕེབས་ཡོད་པ་རེད།
          སྤྱི་ཟླ་ལྔ་པའི་གཙང་ཁུལ་གྱི་ས་གཞི་ཆེ་མོར་དཔྱིད་ཀྱི་དྲོད་རླུང་འུར་འུར་ལྡང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་དང་། ཞིང་ནང་དང་རི་ཁུལ་གང་སར་བྲེལ་བརྩོན་ཆེན་པོས་སོ་ནམ་ལས་ལ་གཞོལ་བའི་རྣམ་པ་མཐོང་རྒྱུ་ཡོད་པ་དང་གང་སར་གསོན་ཤུགས་ཀྱིས་ཁེངས་ནས་ཡོད་པ་རེད། ཉིན་4རིང་ཆེ་དགྲ་ལྷ་དང་བཅས་པ་རླངས་འཁོར་དུ་བཞུགས་ནས་སྤྱི་ལེ་3000ལྷག་ཙམ་བསྐྱོད་དེ་སྔ་རྗེས་སུ་ལྷ་རྩེ་དང་། སྐྱིད་གྲོང། གཉའ་ནང་། དིང་རི། གམ་པ། གྲོ་མོ། ཁང་དམར། རྒྱལ་རྩེ། པ་སྣམ། བསམ་གྲུབ་རྩེ་ཆུས་བཅས་རྫོང་དང་ཆུས་11ཏུ་ཕེབས་ནས་གཙོ་གནད་ཐོག་འགག་སྒོ་འཛུགས་སྐྲུན་དང་།
          གེགས་རྗེས་བསྐྱར་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་བརྟག་ཞིབ་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ཏེ་ཏང་སྲིད་དམག་ཉེན་དམངས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།
          ཚེས་3ཉིན་ཆེ་དགྲ་ལྷས་མདུན་ཕྱོགས་སུ་ཕེབས་ཀྱིན་གཞིས་རྩེ་ནས་སྐྱིད་གྲོང་བར་གྱི་ལྕགས་ལམ་འཆར་འགོད་ཀྱི་ལམ་ཐིག་ཁ་ཕྱོགས་དང་། འཆར་འགོད་གནས་འདེམས། བབས་ཚུགས་གསར་འཛུགས། ས་གཤིས་ཆགས་ཚུལ་བཅས་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཀྲུང་ནེའི་ས་མཚམས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་ཁྱབ་ཚུལ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་རེད། བརྟག་ཞིབ་གནང་བའི་བརྒྱུད་རིམ་ནང་ཆེ་དགྲ་ལྷས་མཐའ་སྲུང་དཔོན་དམག་དང་བྱམས་བརྩེའི་ངང་སྤེལ་རེས་དང་། ས་གནས་དེ་གའི་ལས་བྱེད་ལས་བཟོའི་ས་ནས་བསམ་འཆར་བསྡུ་ལེན། དུད་ཚང་དུ་ཕེབས་ནས་གྲོང་མི་དང་འཕེལ་རྒྱས་སྐོར་གླེང་བ། འགག་སྒོ་ནས་འོང་མཁན་ཁ་ལོ་བ་དང་གླེང་མོལ་བཅས་གནང་ནས་མང་ཚོགས་དང་ཉེ་བཅར་གྱིས་ངོ་ཐུག་གདོང་འཕྲད་ངང་སྲིད་དོན་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་དྲིས་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས“མཐའ་མཚམས་དུས་བདེ”དང“འགག་སྒོ་སྒྲོལ་བ་བདེ་བླག”མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གཞུང་ལམ་དང་། ལྕགས་ལམ། གྲོང་ཁྱེར་འཛུགས་སྐྲུན་བཅས་དམ་འཛིན་བྱེད་གཞིར་བྱེད་པ་དང་། རང་འགུལ་ངང་ལས་དོན་སྤེལ་བ་དང་། ལས་དོན་ལེགས་པར་སྒྲུབ་པ། ཧུར་ཐག་ཞུགས་པ། མིག་སྔའི་གྲ་སྒྲིག་ལས་དོན་ཁག་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་སྐྱིད་གྲོང་འགག་སྒོ་འགག་སྒོ་རྩེ་གྲ་ཞིག་དང་རང་རྒྱལ་ལྷོ་ནུབ་ས་ཁུལ་དུ་ཤུགས་རྐྱེན་ལྡན་པའི་འགག་སྒོ་ཞིག་ཏུ་སྐྲུན་དགོས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་དབང་གྲགས་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ས་ཁོངས་དང་མི་རིགས་ཀྱི་ཁྱད་ཆོས་ཏན་ཏིག་མངོན་པ་དང་རྒྱལ་ཁབ་ཀྱི་འགག་སྒོའི་གཟུགས་བརྙན་ཡག་པོ་གཏོད་དགོས་ཞེས་གསུངས།
          “4.25”ས་ཡོམ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཐད་ཆེ་དགྲ་ལྷས་སྔ་བར་ཕྱི་གསུམ་དུ་ཐུགས་ཁྲལ་ཆེན་པོ་གནང་ཞིང་། ས་ཆ་གང་དུ་ཕེབས་རིམ་བཞིན་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ནམ་ཡང་ན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས་རྫོང་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་བསྐྱར་སྐྲུན་ལྟེ་བར་མཐའ་འཁྱོངས་དང་། གྲོང་ཚོ་ཧྲིལ་པོར་སྐུལ་འདེད་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ། ཡུལ་སྐོར་ཐོན་ཁུངས་དང་། ཞིང་འབྲོག་ཐོན་ཁུངས། མི་རིགས་ལག་ཤེས་བཟོ་ལས་བཅས་ཁྱད་ལྡན་ཐོན་ལས་ཀྱི་འདེགས་སྐྱོར་ལ་བརྩི་བ། ཕྱོགས་ཁག་གི་སྟོབས་ཤུགས་ལ་ནུས་ཤུགས་ཡོད་རྒུས་སྤྱི་འདོམས་བྱེད་པ། སླར་གསོ་བསྐྱར་སྐྲུན་གྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་མངོན་གསལ་དོད་པོ་ཡོང་བ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་དང་འབྲེལ་དེའི་ཐད་ཁས་ལེན་གང་ལེགས་གནང་བ་རེད། ཚེས་6ཉིན་ཆེ་དགྲ་ལྷ་བསམ་གྲུབ་རྩེ་ཆུས་སུ་གནས་པའི་འགྲམ་སྡེ་ཁུལ་དུ་ཆེད་མངགས་ཕེབས་ནས་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
          བརྟག་ཞིབ་གནང་བའི་བརྒྱུད་རིམ་ནང་ཆེ་དགྲ་ལྷ་ད་དུང་རྣ་ཐོས་ལ་མདོར་ཕེབས་ནས་མཐའ་མཚམས་ཉོ་ཚོང་གནས་ཚུལ་ཤེས་རྟོགས་གནང་བ་དང་། བསམ་གྲུབ་རྩེ་ཆུས་སུ་ཇོ་མོ་གླང་མའི་གསར་སྤེལ་སྒོ་འབྱེད་ཚོད་ལྟ་ཁུལ་དང་། བསམ་གྲུབ་རྩེ་ཆུས་ཁུལ་གསར། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་སོགས་སུ་གཟིགས་ཞིབ་གནང་བ་དང་འབྲེལ་མཐའ་སྲུང་དཔོན་དམག་དང་། མང་ཚོགས། ཤང་གྲོང་ལས་བྱེད་པ་ཁག་གཅིག་བཅས་ལ་གཟིགས་པ་རེད།
          ཚེས་6ཉིན་གྱི་ཕྱི་དྲོ་ཆེ་དགྲ་ལྷ་དང་བཅས་པས་གཞིས་རྩེ་གྲོང་ཁྱེར་གྱི་ལས་བྱེད་པ་དང་བཞུགས་མོལ་གནང་ཞིང་། ཆེ་དགྲ་ལྷས་ཉེ་ལམ་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
          ཆེ་དགྲ་ལྷས་གཞིས་རྩེ་གྲོང་ཁྱེར་གྱི་མཐའ་མཚམས་ལམ་ཐིག་རིང་བ་དང་། རྒྱ་ཁྱོན་ཆེ་བ། མི་འབོར་མང་ལ། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་། ཐོན་ལས་ཉམས་ཞན་དང་། རྨང་གཞི་ཞན་པ། ཤེས་ལྡན་མི་སྣ་དཀོན་པ། ཚན་རྩལ་རྗེས་ལུས་བཅས་ཡིན་པས“མཐའ་མཚམས་དང་། ས་ཁྱོན། མི་འབོར། ཕྱུག་པོ། དབུལ་པོ”བཅས་ཀྱི་ཁྱད་ཆོས་མངོན་ཡོད་པས་གཞིས་རྩེ་གྲོང་ཁྱེར་གྱིས“འབྲེལ་བ་ཆ་བཅུ་གསུམ”ཡང་དག་པའི་ངང་ཁོང་དུ་ཆུད་པ་དང་ཐག་གཅོད་བྱས་ཏེ“6677”གྱི་འཕེལ་རྒྱས་འཐབ་ཇུས་མུ་མཐུད་ལག་ལེན་ཤུགས་ཆེན་བསྟར་ཏེ་གཞིས་རྩེ་གྲོང་ཁྱེར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། དེའང་གཅིག་ནས་མཐའ་སྲུང་སྲ་བརྟན་ནུས་ལྡན་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཞི་མཐུན་འགན་ལེན་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ཁྲོད་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི་གནས་བབ་དང་ནུས་པ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། གཉིས་ནས་སྒྱུར་བཅོས་ནུས་ལྡན་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱ་ཐབས་གསར་གཏོད་བྱས་ནས་དངུལ་རྩའི་ཡར་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མ་རྩའི་ཕན་འབྲས་ཆེ་རུ་གཏོང་དགོས། གསུམ་ནས་གསར་གཏོད་ནུས་ལྡན་དང་ཐོན་ལས་སྐྱེད་སྲིང་བྱེད་དགོས། ནས་མུའུ་རེའི་ཐོན་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་ཡུལ་སྐོར་རིག་གནས་ཀྱི་གཙོ་ཁྲིད་ཐོན་ལས་ལ་དམ་འཛིན་ཏན་ཏིག་བྱས་ཏེ་པའོ་ཀང་ངར་ལྕགས་ཚོགས་པ་སོགས་བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས་འཛུགས་སྐྲུན་རྒྱུ་ཆ་འཕེལ་རྒྱས་མགྱོགས་མྱུར་གཏོང་དགོས། བཞི་ནས་སློབ་གསོ་ཚན་རྩལ་གྱི་ཞན་ཆ་གསབ་དགོས། རིགས་ཁག་གི་སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་བཏང་ནས་མི་འབོར་གྱི་བྱང་ཚད་མཐོ་རུ་བཏང་སྟེ་མི་ཤུགས་ཐོན་ཁུངས་མཁོ་སྤྲོད་ནུས་ལྡན་བྱེད་རྒྱ་ཆེ་རུ་གཏོང་དགོས། ལྔ་ནས་སྣོད་བཅུད་ཁོར་ཡུག་འཐུས་ཚང་དང་སྲུང་སྐྱོང་ནུས་ལྡན་བྱས་ནས་འཕེལ་རྒྱས་དང་སྲུང་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་ཀུན་གྱིས་སྔོ་ཞིང་དྭངས་བའི་རི་ཆུ་མཐོང་བ་དང་ཕ་ཡུལ་གྱི་དྲན་འཆར་གནས་པ་བྱེད་དགོས། དྲུག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་ནུས་ལྡན་བསྐྱངས་ཏེ་སློབ་སྦྱོང་མངོན་གསལ་དོད་པོ་དང་དད་སེམས་བརྟན་དུ་གཏོང་དགོས། དངོས་སྒྲུབ་མངོན་གསལ་དོད་པོ་དང་སྲོག་ཤིང་ལ་ལྷག་བསམ་རྣམ་དག་བྱེད་པ། ལས་གནས་མངོན་གསལ་དོད་པོ་དང་སྤྱོད་ཚུལ་ལེགས་སུ་གཏོང་བ། རང་གཅུན་མངོན་གསལ་དོད་པོ་དང་གཟུགས་བརྙན་གཏོད་པ་བཅས་བྱས་ནས་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་ཞེས་པའི་སྙིང་སྟོབས་ལ་བརྟེན་ནས་འཕེལ་རྒྱས་བརྟན་ལྷིང་གི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716