སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གངས་ལྗོངས་ས་མཐོས་བཏོད་པའི་མི་ཡུལ་གྱི་ངོ་མཚར་བྱས་རྗེས།
སྤེལ་དུས། 2017-05-24   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
—— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་66འཁོར་བའི་སྐབས་སུ་བྲིས་པ།
          དབྱར་སྟོད་དུ་གངས་ལྗོངས་ས་མཐོར་རྩི་ཤིང་ལོ་འདབ་རྒྱས་པ་དང་མུ་འབྲེལ་རི་རྒྱུད་དང་ལུང་གཞུང་གི་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་ཡོད། ཚེས་20ཉིན་གྱི་ཞོགས་པ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་སྟོད་ཤང་ཆོས་སྡེ་འོག་གྲོང་ཚོ་ནས་ཡིན་པའི་རྒན་མོ་ཚེ་རིང་གཡང་འཛོམས་ཀྱིས་བོད་སྐད་རླུང་འཕྲིན་ཉན་བཞིན་ཇ་སྲུབས་མ་འཐུང་བཞིན་ཡོད། གཅིག་བྱས་ན་ཁོང་ལ་དྲན་ཤེས་ཟབ་མོ་ཞིག་ཡོད་པས་རེད། ལོ་82ལ་སླེབས་ཀྱང་རྒན་མོས་དུས་རབས་ཕྱེད་ཀ་ཙམ་གོང་གི་གནས་ཚུལ་ཞིབ་ཕྲ་དུས་ད་ལྟའང་སེམས་ལ་བརྟན་པོར་ངེས་པ་སྟེ། “ཞི་བའི་བཅིངས་འགྲོལ་མ་བཏང་གོང་ང་ཚོ་ཞིང་བྲན་ཚོས་ལུས་ལ་གོས་ཧྲུལ་གྱོན་པ་དང་། དབྱར་ཁ་སྲན་མ་དང་ཟྭ་པོ་ཟ་བ་དང་། དགུན་ཁ་ཞིང་བྲན་བདག་པོའི་ཕྱུགས་རིགས་དང་ལྟོ་ཆས་ཧབ་ཐོབ་བརྒྱབ་ནས་ཟ་ཡི་ཡོད་པས་བཤུ་གཞོག་དང་སྡུག་བསྔལ་ཚད་མེད་མྱངས་པ”དེ་རེད། རྒན་མོས་ཀྲུང་གོ་གུང་ཁྲན་ཏང་གིས་རང་ཉིད་སྐྱབས་བྱུང་ལ། བོད་ཀྱི་མི་དམངས་ལ་བཅིངས་འགྲོལ་ཡང་བཏང་བྱུང་། ལོ་66གོང་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་ཟླ་དེ་རང་ཉིད་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད་ཅེས་བཤད།
          1951ལོའི་ཟླ་5ཚེས་23ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ་བོད་ལ་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི《གྲོས་མཐུན་དོན་ཚན་བཅུ་བདུན》བཞག་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དུས་རབས་འབྱེད་རྒྱུར་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ཤིག་འགོ་བཙུགས་ཡོད། ལོ་66གི་གོང་དུ་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་ཁྲོད་བོད་ཀྱིས་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་རྐྱང་ཞིག་བཏོད་དེ། ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་གངས་ལྗོངས་ས་མཐོར་འཕུར་ལྡིང་གི་ཤོག་ཟུང་བསྒར་ནས་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་ངོ་མཚར་བཏོད་ཡོད་པ་རེད།
          “རྩ་ཁྲིམས་ཀྱིས་ང་ཚོར་རང་ཁྱིམ་རང་བདག་གི་དབང་ཆ་སྤྲད་པ་དང་། ལྷོ་པ་མི་རིགས་མང་ཚོགས་ལ་སྔར་བས་ལེགས་པའི་འཕེལ་རྒྱས་ཀྱི་ཆ་རྐྱེན་བཏོད་པར་རང་ཉིད་སྤོབས་པ་ཧ་ཅང་ཆེན་པོ་སྐྱེ་ཡི་འདུག”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་ཁྲོད་ཀྱི་ལྷོ་པ་མི་རིགས་ཀྱི་འཐུས་མི་འབའ་ཞིག་དང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྡོ་ཡུལ་ལྷོ་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཤང་ཀྲང་བཅས་ཡིན་པའི་བཀྲ་ཤིས་དབྱངས་ཅན་གྱིས་མི་རིང་བའི་གོང་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
          《གྲོས་མཐུན་དོན་ཚན་བཅུ་བདུན་པ》ནང་བསྟན་དོན། བོད་ཀྱི་མི་དམངས་ལ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་པའི་དབང་ཆ་ཡོད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བོད་དུ་ལག་བསྟར་བྱས་ཚུན། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་ནས་མང་ཆེ་བ་བཟུང་བ་དང་། ལས་བྱེད་པའི་དཔུང་ཁག་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་70.95%བཟུང་བ་དང་དེའི་ནང་རྫོང་དང་ཤང་རིམ་པ་གཉིས་ཀྱི་འགོ་ཁྲིད་ཚན་ཁག་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་70.5%བཟུང་ཡོད། རང་སྐྱོང་ལྗོངས་དབུ་བརྙེས་ཚུན། སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཚང་མ་བོད་རིགས་སྤྱི་དམངས་ཡིན་པ་རེད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། མིག་སྔའི་བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་རང་བཞིན་གྱི་གཏན་འབེབས་ཁག་300ལྷག་ཙམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའམ་ཡང་ན་ཆོག་མཆན་གནང་བས། བོད་ཀྱི་སྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལ་འགན་ལེན་ནུས་ལྡན་དང་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།
          “བོད་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་བོད་མི་རིགས་ཀྱི་སྐད་དང་། ཡི་གེ སློབ་གྲྭའི་སློབ་གསོ་བཅས་རིམ་བཞིན་འཕེལ་རྒྱས་ཕྱིན་ཡོད”《གྲོས་མཐུན་དོན་ཚན་བཅུ་བདུན་པ》བཞག་པ་དེས་བོད་ཀྱི་དེང་རབས་སློབ་གསོ་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཞིག་བྱིན་ཡོད།
ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་ཀྲུང་དབྱང་གིས་སློབ་གསོར་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། དེང་རབས་སློབ་གསོའི་ལམ་ལུགས་ལག་བསྟར་བྱས་པ། སློབ་གཉེར་གྱི་གཞི་ཁྱོན་དང་རིམ་པ་རྒྱ་ཆེར་བཏང་བ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོར་འདྲ་མཉམ་སློབ་གསོ་དང་དུ་ལེན་པའི་དབང་ཆའང་སྤྲད་ཡོད། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། བོད་ཀྱི་སློབ་གསོའི་མ་འཇོག་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་ནོར་སྲིད་ཀྱིས་སློབ་གསོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་785ལྷག་ཙམ་བཏང་ནས་ལོ་རྒྱུས་ཐོག་གི་མ་དངུལ་གཏོང་མང་ཤོས་ཀྱི་ཟིན་ཐོ་བཏོད་པས། བོད་ཀྱི་སློབ་གསོ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་མགྱོགས་སུ་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།
          སློབ་གསོའི་མ་དངུལ་གྱི་ཕན་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རང་ལྗོངས་ཀྱིས་2012ལོར་རྒྱལ་ཡོངས་ཀྱི་སྔོན་ལ་ཞིང་ཁོངས་ལ་རིན་མེད་ཀྱི་ལོ་15ཡི་སློབ་གསོ་ལག་བསྟར་བྱས་པའི་ཁར། 1985ལོ་ཚུན་དུ་རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ཚོར་ཟ་སྡོད་དང་སློབ་ཡོན་བཅས“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་པས། ཕྲུ་གུ་སློབ་གྲྭར་གཏོང་བའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་འཕེལ་གང་ཐུབ་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2016ལོར་ཞིང་འབྲོག་པའི་བུ་ཕྲུག་མཐོ་རྒྱུགས་ལ་བསྡུ་ཚད་75.4%ཟིན་ཡོད་པ་རེད།
བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། མི་འབོར་5%ཡང་མ་ཟིན་པའི་དཔོན་པོ་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་བླ་མ་སྐྱེས་ཆེན་སོགས་ཞིང་བྲན་བདག་པོས་ཧ་ལམ་བོད་ཀྱི་རྨོ་ཞིང་དང་འབྲོག་ར་ཚང་མ་དང་ཕྱུགས་རིགས་མང་ཆེ་བ་བཟུང་བས། མང་ཚོགས་དཀྱུས་མའི་གཞི་རྩའི་འཚོ་བ་འགན་ལེན་ཡོང་ཐབས་བྲལ།
          《གྲོས་མཐུན་དོན་ཚན་བཅུ་བདུན་པ》ནང་བསྟན་དོན། “བོད་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་། བོད་ཀྱི་ཞིང་འབྲོག་བཟོ་ཚོང་ལས་རིགས་རིམ་བཞིན་འཕེལ་རྒྱས་ཕྱིན་ནས་མི་དམངས་ཀྱི་འཚོ་བ་ལེགས་སུ་ཕྱིན་ཡོད”ཞི་བས་བཅིངས་འགྲོལ་བཏང་རྗེས་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གི་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རོགས་སྐྱོར་ཤུགས་ཆེན་གནང་བ་དང་བསྟུན་ནས། བོད་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་པ་ཞིང་འབྲོག་མང་ཚོགས་ཡོངས་ལ་ཐོབ་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། 2016ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1148ཟིན་པ་དང་11.5%འཕར་ནས་ལོ་24བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་2016ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་27875དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་9316ཟིན་ནས་འཕར་ཚད་གཉིས་ཀ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2016ལོར་ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་14.7དབུལ་སྒྲོལ་ཐུབ་པ་མ་ཟད་རྒྱལ་ཁབ་ཀྱིས་ཁས་ལེན་ཡང་བྱས་པ་དང་། གྲོང་ཚོ(གྲོང་ལྷན)དབུལ་པོ་1008དབུལ་པོའི་གནས་ལས་སྒྲོལ་བའི་ཚད་གཞིར་སླེབས་པ་དང་རྫོང་དབུལ་པོ་10དབུལ་པོའི་ཞྭ་མོ་འབུད་པའི་ཚད་གཞིར་སླེབས་ནས། གངས་ལྗོངས་ས་མཐོར་དབུལ་པོ་གཙང་སེལ་བྱེད་པ་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།
དེ་དང་ཆབས་ཅིག རང་ལྗོངས་ཀྱིས་དངུལ་སྨར་ཁ་གསབ་དང་སྲིད་ཇུས་ཕན་བདེ་སྣ་ཚོགས་80ལྷག་ཙམ་བཏོན་པ་དང་མཐའ་མཚམས་ས་ཁུལ་འགའ་ཤས་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་དེ་མི་རེའི་ཆ་སྙོམས་ལས་སྒོར་ཆིག་སྟོང་གིས་མཐོ་བ་ཡོད་པ་རེད། ཁ་གསབ་རྒྱུན་རྣམ་ཅན་དང་ཕྱོགས་ཡོངས་ལ་ཁྱབ་པ་དེ་ཐོག་ནས་བོད་ཀྱིས་འཐུས་སྒོ་ཅུང་ཚང་བའི་ཞིང་འབྲོག་མང་ཚོགས་ལ་ཕན་པ་བསྐྲུན་པའི་ཕན་བདེའི་མ་ལག་བཙུགས་པ་མཚོན་ཡོད་པ་རེད། 2016ལོའི་དབྱར་ཁར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་གདན་ས་བཀྲ་ཤིས་ལྷུན་པོར་དུས་འཁོར་དབང་ཆེན་ཐེངས་དང་པོ་ཕུན་སུམ་ཚོགས་པོའི་ངང་འཚོགས་པ་རེད། དུས་འཁོར་དབང་ཆེན་ཞུ་བར་ཡོང་མཁན་གྱི་ལྗོངས་ཕྱི་ནང་གི་གྲྭ་བཙུན་དང་དད་ལྡན་མང་ཚོགས་མི་ཐེངས་ཁྲི་40ལྷག་ཙམ་ལས་བརྒལ་བ་དེ《གྲོས་མཐུན་དོན་ཚན་བཅུ་བདུན་པ》དོན་འཁྱོལ་བྱེད་པའི་ཁྲོད“ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་གྱིས་གཏན་འཁེལ་བྱས་པའི་ཆོས་དད་རང་མོས་སྲིད་ཇུས་ལག་བསྟར་བྱས་པ་དང་བོད་ཀྱི་མི་དམངས་ཀྱི་ཆོས་ལུགས་ལ་དད་མོས་དང་ཡུལ་སྲོལ་གོམས་འདྲིས་ལ་བརྩི་འཇོག་བྱེད་པའི”གནས་ཚུལ་དངོས་ཤིག་ལ་གྱུར་ཡོད་པ་རེད།
          ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། ཏང་གི་ཆོས་དད་རང་མོས་སྲིད་ཇུས་བོད་དུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང་འགན་སྲུང་གང་ལེགས་ཐུབ་ཡོད་པ་རེད། 2015ལོའི་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤེལ་བའི《བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱེད་པ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བསྡོམས་རྩིས་བྱས་པ་གཞིར་བཟུང་། མིག་སྔར་བོད་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་1787དང་དགོན་སྡེའི་གྲྭ་བཙུན་ཁྲི་4.6ལྷག་ཙམ་ཡོད་པ་དང་། ཆོས་ལུགས་བྱེད་སྒོ་ཆེ་གྲས་དཔེར་ན་བླ་རི་བླ་མཚོ་སྐོར་བ་དང་། ས་ག་ཟླ་བ། གོས་སྐུ་བཀྲམ་པ་སོགས་དམངས་སྲོལ་རིགས་ཀྱི་ཆོས་ལུགས་བྱེད་སྒོ་40ལྷག་ཙམ་ལ་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་ཡོད་པ་རེད། དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་14ལྷག་ཙམ་བཏང་སྟེ་བོད་ཀྱི་རིག་དངོས་དང་གཙོ་གནད་དགོན་སྡེར་གཞི་ཁྱོན་ཆེ་བའི་ཉམས་གསོ་བྱས་པ་དང་སྒོར་ཁྲི་4000ལྷག་ཙམ་བཏང་སྟེ་བོད་རིག་པ་མཁས་ཅན་བརྒྱ་ལྷག་ཙམ་སྒྲིག་འཛུགས་བྱས་ནས་དུས་ཡུན་ལོ་20ལྷག་ཙམ་སྤྱད་དེ་བོད་ཡིག་བཀའ་བསྟན་འགྱུར་ཆེ་མོ《བཀའ་འགྱུར》དང《བསྟན་འགྱུར》ལ་ཞིབ་བསྡུར་དཔེ་སྐྲུན་བྱས་ཡོད་པ་རེད།
          གནད་དོན་དེའི་ཐད་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དྭགས་ལྷ་སྒམ་པོའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨོ་རྒྱན་ཚུལ་ཁྲིམས་ལ་མྱོང་ཚོར་ཟབ་མོ་ཡོད་པ་སྟེ། “ཐག་ཅུང་རིང་བའི་དགོན་སྡེ་ཆུང་ངུ་ཚང་མར་ད་ཆ་ཆུ་དང་། གློག ལམ་བཅས་ཤར་གཏོང་ཐུབ་ནས་གྲྭ་བཙུན་གྱི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་བྱུང་བ”དེ་རེད། ཁོང་གིས་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཐུབ་པས་དགོན་སྡེའི་གྲྭ་བཙུན་གྱི་སྒྲིག་བཀུར་ཁྲིམས་སྲུང་དང་། སེམས་རྣལ་དུ་ཕབ་ནས་སྒོམ་སྒྲུབ་པ། ཆོས་ཁྲིམས་དར་སྤེལ་གཏོང་བ་བཅས་ནས་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་བས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད།
          ལོ་ངོ་66གི་འགྱུར་ལྡོག་ཆེ་བའི་ལོ་ཟླ་ལས་བོད་མིའི་རིགས་ཀྱི་སྤྱི་ཚོགས་ལོ་ངོ་བརྒྱ་ཕྲག་དང་ཐ་ན་ལོ་ངོ་སྟོང་ཕྲག་བརྒྱུད་དགོས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་བསྐྱོད་པ་དང་རང་ཉིད་ཀྱི་འགྱུར་ལྡོག་ལེགས་སྒྲུབ་བྱུང་སྟེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཟི་བརྗིད་ལྡན་པའི་ལེའུ་ཞིག་བརྩམས་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716