སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་ཆེད་ལས་ཞིང་འབྲོག་པ་གསར་པར་བརྒྱུད་རིམ་ཧྲིལ་པོ་གསོ་སྐྱོང་བྱ་རྒྱུ་ཡིན་པ།
སྤེལ་དུས། 2017-06-16   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་ཁོས་བསྒྱུར།
2020ལོར་སླེབས་སྐབས་མི་ཁྲི་གཅིག་ཡན་གསོ་སྐྱོང་བྱ་རྩིས་ཡོད་པ།
          ཉེ་ཆར། གསར་འགོད་པར་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་ཞིང་འབྲོག་པ་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རིག་གནས་ལྡན་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་ཤེས་པ། དོ་དམ་ལ་མཁས་པ་བཅས་ཀྱི་ཆེད་ལས་ཞིང་འབྲོག་པ་གསར་པའི་དཔུང་ཁག་ཅིག་མགྱོགས་མྱུར་བཏོད་དེ་2020ལོར་སླེབས་སྐབས་རྫོང(ཆུས)74ཚང་མར་ཁྱབ་པ་དང་། ཆེད་ལས་ཞིང་འབྲོག་པ་གསར་པ་ཁྲི་གཅིག་ཡན་གསོ་སྐྱོང་བྱེད་པ་དང་འབྲེལ་ཁས་ལེན་བྱ་རྒྱུ་ཡིན་པ་རེད།
          ས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཞིང་འབྲོག་ཐིང་གིས“ཕྱོགས་གསུམ་གཞི་གཅིག(སློབ་གསོའི་གསོ་སྦྱོང་དང་། དོ་དམ་ཁས་ལེན། སྲིད་ཇུས་རོགས་སྐྱོར)དང་། རིགས་གསུམ་མཉམ་ལས(ཐོན་སྐྱེད་གཉེར་སྐྱོང་རྣམ་པ་དང་། ཆེད་ལས་རྩལ་ནུས་རྣམ་པ། ཆེད་ལས་ཞབས་ཞུའི་རྣམ་པ) རིམ་གསུམ་སྦྲེལ་མཐུད། (དམའ་རིམ་དང་། འབྲིང་རིམ། མཐོ་རིམ)བཅས་ཀྱི་ཆེད་ལས་ཞིང་འབྲོག་པ་གསར་པའི་གསོ་སྐྱོང་ལམ་ལུགས་ཀྱི་མ་ལག་འཚོལ་ཞིབ་བྱས་ཏེ་བཙུགས་ནས་ཆེད་ལས་དུད་ཆེན་དང་། ཁྱིམ་ཚང་ཞིང་རའི་བདག་པོ། ཞིང་འབྲོག་པའི་མཉམ་ལས་ཁང་གི་འགན་འཁུར་བ། ཞིང་འཕྲུལ་གྱི་ཁ་ལོ་བ་སོགས་གསོ་སྐྱོང་བྱ་ཡུལ་དུ་གཙོ་བོར་བརྩིས་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེགས་གསོ་སྐྱོང་བྱས་ཏེ་ཐོན་སྐྱེད་བྱེད་མཁས་པ་དང་གཉེར་སྐྱོང་ཤེས་པའི་ཆེད་ལས་ཞིང་འབྲོག་པ་གསར་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716