སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་མཐའ་མཚམས་འགག་སྒོའི་ཉོ་ཚོང་རྒྱུན་མཐུད་ངང་མྱུར་པོ་འཕར་བ།
སྤེལ་དུས། 2017-06-16   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  བློ་གྲོས་ཀྱིས་བསྒྱུར།
   འདི་ལོ་བོད་ཀྱི་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་མཐའ་མཚམས་ཉོ་ཚོང་རྒྱུན་མཐུད་ངང་མྱུར་པོ་འཕར་ནས་འགག་སྒོའི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཏུན་ཁྲི་3.71ཟིན་པ་དང་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་19.69ཟིན་ཡོད་པ་རེད། གནས་ཚུལ་དེ་ནི་གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན་པ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་གི་ཐུགས་ཁུར་རྒྱབ་སྐྱོར་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག བོད་རང་སྐྱོང་ལྗོངས་ཀྱི་འགག་སྒོ་སྒྲོལ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། མིག་སྔར《བོད་ཀྱི་དྲ་ཐོག་འགག་སྒོ་འཛུགས་སྐྱོང་གི་ཆོག་འཐུས་རང་བཞིན་གྱི་རིགས་སྒྲུབ》ལེགས་གྲུབ་ཟིན་ནས་རྒྱལ་སྤྱིའི་ཉོ་ཚོང་གི“རྐྱང་གཅིག་སྐར་ཁུང”འཛུགས་སྐྱོང་ལ་རྨང་གཞི་བཏིང་བ་དང་ད་དུང《བོད་རང་སྐྱོང་ལྗོངས་ཀྱི་འགག་སྒོ་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད》བཟོས་ཟིན་པ་དང་། 《འདྲེན་ཐང་དང་རི་འོག་འགག་སྒོའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད》དང《ལེགས་རྩེ་འགག་སྒོའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད》བཟོ་འགོ་ཚུགས་པ་རེད།
   《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་གྲོང་མིའི་ཚོང་འདུས་ཉོ་ཚོང་གི་གནད་སྨིན་དབུལ་སྐྱོར་ལས་ཀའི་ཚོད་ལྟའི་ཇུས་གཞི》བཏོན་པ་དང་སྦྲགས། བོད་རང་སྐྱོང་ལྗོངས་ཀྱིས་འགག་སྒོ་དང་མཐའ་མཚམས་ཉོ་ཚོང་གི་བགྲོད་ལམ་གཙོ་བོར་ལུགས་མཐུན་དང་། བབ་བསྟུན། སྟབས་བདེ་བཅས་ཀྱི་དམངས་ཕན་ཚོང་འདུས་ཉོ་ཚོང་གི་སྐུལ་འདེད་སྲིད་ཇུས་ཚོད་ལྟའི་ངང་ལག་ལེན་བསྟར་ཞིང་། ཆེད་དོན་མ་དངུལ་སྒོར་ཁྲི་5204.66སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སོགས་མཐའ་མཚམས་ཉོ་ཚོང་ཁྲོམ་ར་6གསར་སྐྲུན་ནམ་བསྐྱར་སྐྲུན་རྒྱས་སྐྲུན་དང་གཏིང་སྐྱེས་རྫོང་གི་མཐའ་མཚམས་ཉོ་ཚོང་གི་ཚོང་འདུས་ས་ཚིགས་4འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། སྐྱིད་གྲོང་འགག་སྒོའི་གེགས་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ། ཚན་རིག་དང་མཐུན་པའི་སྒོ་ནས་འགྲམ་འགག་སྒོའི་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་སླར་གསོ་ཐུབ་པའི་ཞིབ་འཇུག་ཧུར་ཐག་བྱས་ནས་འགྲམ་འགག་སྒོ་གང་མགྱོགས་སླར་གསོ་ཐུབ་པར་སྐུལ་འདེད་བཏང་ཡོད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716