སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི“ཕྱག་ན་དངུལ་ཁང་གྲོང་ཚོ”ཐོག་མ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ།
སྤེལ་དུས། 2017-06-19   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  སྤེན་ཚེས་བསྒྱུར།
          ཉེ་ཆར། གསར་འགོད་པར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ཀྱི“ཕྱག་ན་དངུལ་ཁང་གྲོང་ཚོ”ཐོག་མ་ནག་ཆུ་ས་ཁུལ་ནག་ཆུ་གྲོང་རྡལ་རྟ་སྒ་མདོ་གྲོང་ཚོར་བཙུགས་པ་རེད།
          “ཕྱག་ན་དངུལ་ཁང”བདེ་བླག་ངང་འཁོར་རྒྱུག་ཐུབ་པ་བྱེད་ཆེད། ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས་རྐང་འཛིན་མི་སྣ་25ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་པར་བཏང་ཞིང་། ཁོང་ཚོས་དུད་ཚང་ཚང་མར་བསྐྱོད་དེ་གྲོང་མིར་ཕྱག་ན་དངུལ་ཁང་དུ་ཐོ་འགོད་དང་། དུད་སྣེ་ཕབ་ལེན་སོགས་བྱེད་རོགས་བྱས་པ་མ་ཟད། ད་དུང་གྲོང་མིར་ཕྱག་ན་དངུལ་ཁང་བེད་སྤྱོད་བྱེད་སྟངས་ཀྱང་བསླབས་ཡོད། གཞན་ཡང་ཁོང་ཚོས་དྲིལ་བསྒྲགས་ཡིག་རིགས་སྤྲོད་པ་དང་། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ། ཕན་ཚུན་མཉམ་གླེང་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་མི་ཚོར་ཇི་ལྟར་བྱས་ནས་དངུལ་སྨར་མིན་པའི་གཏོང་སྤྲོད་ཡོ་བྱད་བདེ་འཇགས་ངང་བེད་སྤྱོད་བྱེད་སྟངས་ངོ་སྤྲོད་བྱས་པ་དང་འབྲེལ་དྲ་ཐོག་ཁ་བསླུས་སྣ་ཚོགས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་ནས་མང་ཚོགས་རང་ཉིད་ཀྱི་དོགས་ཟོན་འདུ་ཤེས་ཟབ་ཏུ་དང་གཞན་གྱི་མགོ་སྐོར་འོག་མ་ཚུད་པ་བྱེད་པའི་ནུས་པ་ཆེ་རུ་བཏང་བ་རེད།
          བོད་ལྗོངས་ནག་ཆུ་ས་ཁུལ་གྱི“ཕྱག་ན་དངུལ་ཁང་གྲོང་ཚོ”སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་ཕྱག་ན་དངུལ་ཁང་ཁྱབ་གདལ་བཏང་བ་བརྒྱུད་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཏོང་སྤྲོད་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་དངུལ་རྩའི་གྲུབ་ཆ་བཟང་སྒྲིག་བྱེད་པ། དངུལ་རྩས་ཞིང་འབྲོག་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཐད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716