སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་2017ལོའི་གཞོན་ནུ་ལོ་ཆུང་གི་ཚན་རིག་སྒར་ས་གཉེར་འགོ་ཚུགས་པ།
སྤེལ་དུས། 2017-06-19   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།
          བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ལག་ལེན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས་ཚན་རིག་ཤེས་འདོད་ཀྱི་གཞོན་ནུ་ལོ་ཆུང་གི་སེམས་ཤུགས་འཕེལ་བར་བྱེད་པ་དང་གཞོན་ནུ་ལོ་ཆུང་ལ“ཚན་རིག་སློབ་སྦྱོང་དང་། ཚན་རིག་ལ་དགའ་ཞེན། ཚན་རིག་བེད་སྤྱོད”བཅས་ཀྱི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱེད་ཆེད། ཉིན་ཤས་གོང་། བོད་ལྗོངས་ཀྱི་2017ལོའི་གཞོན་ནུ་ལོ་ཆུང་གི་ཚན་རིག་སྒར་ས་དངོས་སུ་གཉེར་འགོ་ཚུགས་པ་རེད།
          ཐེངས་འདིའི་བྱེད་སྒོ་ནི་ལྗོངས་ཚན་རྩལ་མཐུན་ཚོགས་དང་ཞིང་ལས་ཚན་རིག་ཁང་གིས་གཙོ་གཉེར་བྱས་པ་དང་ལྗོངས་ལྡུམ་རའི་སྒྱུ་རྩལ་དང་། ཕྱུགས་ནད་སྨན་པ། ཞིང་སའི་ལུད་རྫས། སྐྱེ་དངོས་སྲུང་སྐྱོང་། ལོ་ཏོག་རིག་གཞུང་ལྷན་ཚོགས་བཅས་ཀྱིས་གཉེར་འགན་འཁུར་བ་དང་། ལྷ་ས་ལས་རིགས་སློབ་གྲྭ་གཉིས་པ་དང་། ལྷ་ས་པེ་ཅིང་སློབ་འབྲིང་། ནག་ཆུ་སློབ་འབྲིང་གཉིས་པ། མངའ་རིས་སློབ་འབྲིང་བཅས་ཀྱི་སློབ་མ་100ལྷག་ཙམ་ཞུགས་པ་རེད།
          “འདི་ལོའི་ཚན་རིག་སྒར་སའི་བརྗོད་དོན་གཙོ་བོ་ནི་ཞིང་འབྲོག་ལས་ཚན་རྩལ་སློབ་སྦྱོང་བྱ་རྒྱུ་དང་ཁྱབ་གདལ་གཏོང་རྒྱུ་དེ་ཡིན་ཞིང་། ཉེ་བའི་ལོ་ཤས་ནང་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཚན་རྩལ་ལས་དོན་པར་ཐོབ་པའི་ཚན་ཞིབ་གྲུབ་འབྲས་བསྟན་རྒྱུའི་གྲས་སུ་ནས་དང་། འབྲོག་ལས། སྔོ་ཚལ། བཟའ་བཅའི་ཤ་མོ། ཤིང་འབྲས་སྡོང་པོ་སོགས་ཐད་ཀྱི་ཚན་རྩལ་ཤེས་བྱ་ཚུད་ཡོད”ཅེས་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལི་ཤིའུ་ཀྲེན་གྱིས་བཤད་པ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716