སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གློག་བརྙན《གནམ་མཚོའི་ལས་འབྲེལ》ཞེས་པ་ཚེས་16ཉིན་ལྷ་སར་ཐོག་མར་བསྟན་པ།
སྤེལ་དུས། 2017-06-19   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
          དུས་ཡུན་ཟླ་བཅུ་རིང་པར་ལེན་སྒྲིག་སྦྱོར་བྱས་པ་བརྒྱུད། གློག་བརྙན《གནམ་མཚོའི་ལས་འབྲེལ》ཞེས་པ་ཚེས་16ཉིན་གྱི་སྔ་དྲོ་ལྷ་ས་ཧྭ་མའེ་གློག་བརྙན་ཁང་དུ་ཐོག་མར་བསྟན་པ་དང་། ལྗོངས་ཕྱི་ནང་གི་ལྟད་མོ་བ་200ལྷག་ཙམ་གྱིས་གློག་བརྙན་དེར་བལྟས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། གློག་བརྙན་དེས“ཐེངས་དང་པོ”གསུམ་བཏོད་ཡོད་པ་སྟེ། འཛམ་གླིང་གི་ས་བབ་མཐོ་ཤོས་ཡིན་པའི་ཚྭ་ཆུའི་མཚེའུ་གནམ་མཚོར་གློག་བརྙན་པར་ལེན་བྱེད་ཐེངས་དང་པོ་དང་། བོད་བྱང་ཐང་གི་དམངས་སྲོལ་མཛེས་ལྗོངས་གཅིག་འདུས་ཐོག་མངོན་ཐེངས་དང་པོ། གློག་བརྙན་པར་ལེན་བརྒྱུད་ཡུལ་སྐོར་རིག་གནས་སྤུས་རྟགས་བཏོད་དེ་མྱོང་རོལ་བྱེད་ཐེངས་དང་པོ་བཅས་རེད། གློག་བརྙན་བསྟན་རྗེས་གནམ་མཚོའི་མཛེས་ལྗོངས་དང་ཐ་ན་བོད་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ངང་གོང་འཕེལ་ཡོང་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད། གཞན་ཡང་གློག་བརྙན་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གློག་བརྙན་འཕྲིན་ལམ་བརྒྱུད་དེ་རྒྱལ་ཡོངས་ཀྱི་ལྟད་མོ་བ་ཚོར་སྟོན་རྒྱུ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716