སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཛོད་དགེ་རྫོང་གིས་ས་ཡོམ་གྱི་གནོད་འཚེ་ཐེབས་པའི་གཟི་ཚ་སྡེ་དགུར་རོགས་སྐྱོར་བྱེད་པ།
སྤེལ་དུས། 2017-08-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  པད་མས་བསྒྱུར།
ཁྱིམ་གཅིག་ལ་དཀའ་ངལ་ཡོད་ཚེ་ཁྱིམ་མཚེས་བརྒྱས་རོགས་སྐྱོར་བྱེད་པ།
           ཀྲུང་གོ་བོད་ལྗོངས་དྲ་བ་འཕྲིན།  ཁ་དཔེར་“ ཕྱོགས་གཅིག་ལ་དཀའ་ངལ་ཡོད་ཚེ་ཕྱོགས་བཞི་མཚམས་བརྒྱད་ཀྱིས་རོགས་སྐྱོར་བྱེད། ཁྱིམ་ཚང་གཅིག་ལ་དཀའ་ངལ་ཡོད་ཚེ་ཁྱིམ་མཚེས་བརྒྱས་རོགས་རམ་བྱེད”ཅེས་པ་བཞིན།  སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རྫོང་དུ་ས་ཡོམ་ཚད་རིམ7.0བྱུང་ཞིང་།  ས་ཡོམ་བྱུང་བའི་ཁྲོད་དུ་བར་ཐག་སྤྱི་ལེ89ཙམ་ཡོད་པའི་ཁྱིམ་མཚེས་ཀྱི་མཛོད་དགེ་རྫོང་གི་རྫོང་ཨུད་དང་། སྲིད་གཞུང་གིས་འཕྲལ་མར་ས་ཡོམ་གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་བའིIརིམ་པའི་འཕྲལ་བསྟུན་སྔོན་ཇུས་ཀྱི་མགོ་བརྩམས་ཏེ། དུས་ཡུན་དང་པོའི་ནང་ཡོམ་འགོག་གེགས་སེལ་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་བཙུགས་པ་དང་། ཡོམ་འགོག་གེགས་སེལ་དང་། འཕྲལ་བསྟུན། འཕྲོད་བསྟེན། འགྲིམ་འགྲུལ། སྤྱི་བདེ་དང་། དམངས་སྲིད།  མི་དམངས་དྲག་ཆས།  མེ་འགོག་མེ་གསོད།  གློག་ཤུགས། བརྡ་གཏོང་འཕྲིན་གཏོང་། གཞུང་ལམ་སོགས་ཀྱི་སྡེ་ཁག་རྩ་འཛུགས་བྱས་ཏེ་སྔོན་ཇུས་ལྟར་འཕྲལ་བསྟུན་ཉེན་སེལ་གེགས་སེལ་གྱི་ལས་འགན་བཀོད་སྒྲིག་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་ཞུགས།
རྐོ་འདྲུའི་འཕྲུལ་འཁོར་གྱིས་མཛོད་གཟིའི་གཞུང་ལམ་གྱི་ཉེན་ཁ་སྐྱོབ་པ། 
           མཛོད་དགེ་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། བཀོད་འདོམས་པུའུ་ཡི་གནོད་འཚེའི་གནས་ཚུལ་ཞིབ་བཤེར་ལས་དོན་ཚོགས་ཆུང་གིས་ཟླ་8པའི་ཚེས8ཉིན་གྱི་ཆུ་ཚོད་22སྟེང་མཚན་བརྒལ་ཏེ་ས་ཡོམ་བྱུང་ཁུལ་དང་ཐག་ཅུང་ཉེ་བའི་ཤང་དང་གྲོང་བརྡལ། གྲོང་སྡེའི་ནང་དུ་བསྐྱོད་ནས་ཡོམ་འགོག་གེགས་སེལ་གྱི་བྱ་བར་མཛུབ་སྟོན་གནང་སྟེ་མང་ཚོགས་ཁ་འགྲེམ་པ་དང་། སེམས་གསོ་གཏོང་བའི་ལས་དོན་སྤེལ།  ཟླ་8པའི་ཚེས་8ཉིན་གྱི་ཆུ་ཚོད 21དང་སྐར་མ50སྟེང་།  བཀོད་འདོམས་པུའུ་ཡིས་རྫོང་མི་དམངས་མཁའ་ཟོན་སྒུལ་བདེའི་འཕྲལ་བསྟུན་ལྟ་ཞིབ་ཚད་ལེན་དཔུང་ཁག་དང་དམིགས་བསལ་ཉེན་རྟོག་པ་མི40སྟོབས་ཤུགས་དང་།  སྤྱི་བདེའི་ལས་བྱེད་ཉེན་རྟོག་པ( འགྲིམ་འགྲུལ་ཉེན་རྟོག་)མི30དང་། འཕྲལ་བསྟུན་དམངས་དམག་མི30ལྷག་ཡོམ་ལྟེའི་ཁུལ་དུ་ཡོམ་འགོག་གནོད་སེལ་བྱ་བར་རོགས་སྐྱོར་བྱེད་པར་མངགས།  མཛོད་དགེ་རྫོང་གིས་མཚན་བརྒྱབ་ནས་རས་གུར200དང་། གཏེར་ཆུ་ཤོག་སྒམ100  སྲིང་བལ་གྱི་ཉལ་ཆས2000 དང་། བར་འཚང་གོས200ལྷག་དང་དེ་བཞིན་ཆུ་ལྷམ་དང་། ཆར་གོས། ལག་ཁྱེར་གློག་སྒྲོན། ལྕགས་ཁེམ་སོགས་རོགས་སྐྱོབ་དངོས་རྫས་གཟི་ཚ་སྡེ་དགུའི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དང་མཛོད་དགེ་རྫོང་གི་གནོད་ཐེབས་གྲོང་ཚོའི་ནང་དུ་སྐྱེལ་བར་མ་ཟད། འབྲས་ཏུན་ལྔ་ལྷག་གསོག་འཇོག་བྱས། མིག་སྔར། དཔུང་སྡེ་ཁག་སོ་སོས་ས་ཡོམ་ཁུལ་དུ་རོགས་སྐྱོབ་ལས་དོན་སྤེལ་ཟིན་པ་རེད།

 

ལས་དོན་ཚོགས་ཆུང་གིས་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།
 
           རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རོགས་སྐྱོབ་སྨན་བཅོས་ཀྱི་ཐད་ནས། མཛོད་དགེ་རྫོང་གིས་སྨན་བཅོས་སྲོག་སྐྱོབ་ཀྱི་རླངས་འཁོར་གཉིས་དང་། སྨན་བཅོས་རོགས་སྐྱོབ་སྔོན་འགྲོའི་རུ་ཁག་གི་རུ་མི་10གེགས་ཁུལ་དུ་རོགས་སྐྱོབ་ལས་དོན་སྤེལ་བར་མངགས་ཤིང་། སྤྱི་བསྡོམས་པས་རྨས་མ41 ( རྨས་ལྗིད་མོ་ཕོག་པའི་མི3) བསྐྱབས་པ་དང་།  རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཕུང་པོ་གཅིག་རྙེད།
 
           མཛོད་དགེ་ནས་གཟི་ཚ་སྡེ་དགུར་བསྐྱོད་པའི“ མཛོད་གཟིའི་ལམ་གྱི་ཚེ་སྲོག་བགྲོད་ལམ”ཤར་གཏོང་བྱ་རྒྱུ་ནི་ཡོམ་ལྟེར་རོགས་སྐྱོབ་བྱེད་པར་འགན་སྲུང་བྱེད་པའི་འགག་རྩ་ཡིན་ཞིང་།  བཀོད་འདོམས་པུའུ་ཡིས་ཆེད་ལས་ཅན་གྱི་བབ་བསྟུན་བཟོ་སྐྲུན་རླངས་འཁོར་གཅིག་དང་། རོགས་སྐྱོབ་འགྲུལ་སྐྱེལ་རླངས་འཁོར་གཉིས། རྐོ་འདྲུའི་འཕྲུལ་འཁོར་གཅིག་དང་།  འདོན་འཇུག་འཕྲུལ་འཁོར་གཉིས་བསྐོར་ནས་འགྲིམ་འགྲུལ་ཉེན་སེལ་ལས་དོན་ཚོགས་ཆུང་བཙུགས་ཏེ་ཉིན་མཚན་བསྟུད་མར་བརྒལ་ཏེ་ལམ་བར་དུ་འགོག་རྐྱེན་སེལ་བའི་ལས་ཀ་སྤེལ་བར་མ་ཟད། གཟི་ཚ་སྡེ་དགུའི་ཕྱོགས་ནས་བཟོ་སྐྲུན་རླངས་འཁོར་བཀོད་གཏོང་བྱས་ཏེ་ཕྱོགས་གཉིས་ཀའི་ཐད་ནས་འགོག་རྐྱེན་སེལ་བ་དང་། རི་ཉིལ་བ་དང་རྦབ་རྡོ་འགྲིལ་བ་སོགས་ཀྱི་གནོད་འཚེ་གནས120 ཙམ་ལ་གཙང་སེལ་བྱས་ཏེ། བསྡོམས་པས་ས་རྡོ་གྲུ་བཞི་མ2000 ལྷག་གཙང་བཤེར་བྱས་ཤིང་། ནུས་ཤུགས་ཡོད་རྒུས་མཛོད་གཟིའི་གཞུང་ལམ་གྱི་ཚེ་སྲོག་བགྲོད་ལམ་ཤར་བགྲོད་ཐུབ་པར་འགན་ལེན་བྱས། མིག་སྔར། རྩ་བའི་ཆ་ནས་མཛོད་གཟིའི་གཞུང་ལམ་ཤར་གཏོང་བྱས་ཟིན་ཤིང་། གཟི་ཚ་སྡེ་དགུའི་ནག་ཆུའི་རྒྱུད་ཀྱི་ལམ་དུ་ཉེན་སེལ་གྱི་བྱ་བ་སྤེལ་བཞིན་ཡོད།
 མཛོད་གཟིའི་གཞུང་ལམ་ཉེན་སེལ་བྱེད་པའི་ཡུལ་དངོས།
ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན།  མཛོད་དགེ་རྫོང་ཨུད་དང་སྲིད་གཞུང་གིས་ཆེད་ལས་སྣ་མང་གི་ཉེན་སྐྱོབ་རོགས་སྐྱོབ་དཔུང་ཁག་མང་པོ་མངགས་ཏེ་འབའ་ཤིས་ཁུལ་དང་། ཐེ་བོ་ཁུལ་དུ་བསྐྱོད་ནས་ཡོམ་འགོག་གནོད་སེལ་དང་གནོད་འཚེའི་གནས་ཚུལ་ཞིབ་བཤེར་བྱ་བའི་ལས་དོན་སྤེལ་ཅིང་།  གསར་འགོད་པས་གསར་འགྱུར་སྤེལ་བའི་བར་དུ་གནས་སྐབས་སུ་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད།  གནས་ཚུལ་གསར་ཤོས་ཀྱི་གནས་ཚུལ་སྤེལ་བར་གཞིགས་ན་། ཀྲུང་གོའི་བོད་ལྗོངས་དྲ་བས་གནས་ཚུལ་གསར་ཤོས་ཀྱི་རྒྱུན་མཐུད་ནས་གསར་འགྱུར་གནས་ཚུལ་སྤེལ་རྒྱུ་ཡིན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716