སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་སྔོན་ཞིང་ཆེན་མཚོ་ཤར་དང་། མགོ་ལོག རྨ་ལྷོ་བཅས་སུ་ཡོམ་ཚོར་ཆེན་པོ་བྱུང་བ།
སྤེལ་དུས། 2017-08-11   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  ལྷ་དབང་གིས་བསྒྱུར།
          ཚེས་8ཉིན་གྱི་དགོང་མོ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ནས་ཤེས་རྟོགས་བྱས་པར། སི་ཁྲོན་གཟི་ཚྭ་སྡེ་དགུ་རྫོང་དུ་ས་ཡོམ་བརྒྱབ་རྗེས་མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་འཕྲལ་སྡོམ་སྔོན་ཇུས་གཞིར་བཟུང་། འཕྲལ་དུ་Iརིམ་པའི་འཕྲལ་སྡོམ་བརྡ་ལན་ལག་བསྟར་བྱས་ཏེ། ཟི་ལིང་དུ་ཡོད་པའི་ཅུས་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་དེ་བཞིན་འབྲེལ་ཡོད་ལས་དོན་མི་སྣ་འཕྲལ་དུ་ལས་གནས་སུ་འབྱོར་བ་དང་འབྲེལ། ས་ཡོམ་གྱི་གནས་ཚུལ་ལ་འཕྲལ་དུ་གྲོས་བསྡུར་ཡང་བྱས་པ་རེད། ད་དུང་ཁ་པར་བརྒྱུད་མཚོ་ཤར་གྲོང་ཁྱེར་དང་། རྨ་ལྷོ་ཀྲོའུ། མགོ་ལོག་ཀྲོའུ་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད།
          ཤེས་རྟོགས་རགས་ཙམ་བྱས་པར་གཞིགས་ན། མཚོ་ཤར་གྲོང་ཁྱེར་གྱི་གྲོང་མི་དང་རྫོང་གྲོང་གི་གྲོང་མིར་ཡོམ་ཚོར་བྱུང་བ་དང་། མགོ་ལོག་ཀྲོའུ་གཅིག་སྒྲིལ་རྫོང་གྲོང་གི་གྲོང་མི་ཁག་གཅིག་ལ་ཡོམ་ཚོར་བྱུང་བ། རྨ་ལྷོ་ཀྲོའུ་རེབ་གོང་རྫོང་གྲོང་གི་མི་ཉུང་ཤས་ལ་ཡོམ་ཚོར་བྱུང་བ་རེད། གཞན་ཡང་མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་ཞིང་ཆེན་གྱི་གནོད་འཚེ་ཚབས་ཆེན་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་དང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག ཞིང་ཆེན་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་ལ་ས་ཡོམ་གྱི་གནས་ཚུལ་སྙན་སེང་ཞུས་པ་རེད། མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་ས་ཡོམ་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཚགས་བྱེད་བཞིན་ཡོད་ལ། ཡུལ་ཁག་གི་ལས་དོན་རུ་ཁག་ཀྱང་གྲ་སྒྲིག་ཨང་བསར་བྱས་ཡོད་པས་གནས་ཚུལ་ཐོན་ཚེ་འཕྲལ་དུ་གོང་རིམ་ལ་ཞུ་རྒྱུ་རེད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716