སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀན་ལྷོ་ཁུལ་གྱིས་ཐེངས་སོ་གསུམ་པའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་གཟེངས་བསྟོད་བྱེད་པའི་ཚོགས་འདུ་བསྡུས།
སྤེལ་དུས། 2017-09-11   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  ཀླུ་མོ་མཚོ་ཡིས་བསྒྱུར།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐེངས་སོ་གསུམ་པའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་གཟེངས་བསྟོད་བྱེད་པའི་ཚོགས་འདུ་ཀན་ལྷོ་ཟློས་གར་ཁང་དུ་འཚོགས་པ་དང་། ཁུལ་ཡོངས་ཀྱི་དགེ་རྒན་དང་སློབ་མའི་འཐུས་ཚབ་པ་རྣམས་མཉམ་དུ་འཛོམས་ནས་ཐེངས་སོ་གསུམ་པའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུས།
            ཀན་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཡུས་ཁྲུན་ཧུའེ་ཚོགས་ཆེན་དུ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀའོ་ལུན་ཡོན་གྱིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་། ཁུལ་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཝུའུ་ཏེ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བང་ཡ་ནན་སོགས་ཚོགས་འདུར་ཞུགས།
            ཚོགས་ཆེན་བརྗིད་རྔམ་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་བརྩམས་ཞིང་། ཧྥན་ཝུའུ་ཏེ་ཡིས་ཁུལ་ཏང་ཨུ་དང་། ཁུལ་སྲིད་གཞུང་གི《ཁུལ་ཡོངས་ཀྱི་སློབ་གསོའི་མ་ལག་གི་སྔོན་ཐོན་ཚོགས་ཁག་དང་།ཕུལ་བྱུང་དགེ་རྒན། ཕུལ་བྱུང་གི་སློབ་གསོའི་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཐག་གཅོད》དང་《ཀན་ལྷོ་ཁུལ་གྱི་སློབ་གསོར་རོགས་སྐྱོར་བྱེད་པའི་སྔོན་ཐོན་ཚོགས་ཁག་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་ཐག་གཅོད》སྒྲོག་འདོན་བྱས་པ་མ་ཟད། ད་དུང་གཟི་བརྗིད་གྱི་མཚན་སྙན་ཐོབ་པའི་སྔོན་ཐོན་ཚོགས་ཁག་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་དགའ་གནང་བ་དང་། སྔོན་ཐོན་ཚོགས་ཁག་དང་སྔོན་ཐོན་དགེ་རྒན་འཐུས་ཚབ་པ་ཡིས་བརྗེ་རེས་གཏམ་བཤད་གནང་བ་རེད།
            ཡུས་ཁྲུན་ཧུའེ་ཡིས་ཐོག་མར་ཁུལ་ཏང་ཨུ་དང་། ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་བྱས་པ་དང་། དེ་ནས་གཟེངས་བསྟོད་བྱས་པའི་སྔོན་ཐོན་ཚོགས་ཁག་དང་ཕུལ་བྱུང་མི་སྒེར་ལ་རྟེན་འབྲེལ་དང་ཀན་ལྷོ་ཁུལ་གྱི་སློབ་གསོའི་ལས་རིགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་བཞིན་པའི་རིགས་སོ་སོའི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།
            ཡུས་ཁྲུན་ཧུའེ་ཡིས་བསྟན་དོན། ལོ་ལྔའི་རིང་། ཁུལ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་འདོད་བློ་ཚིམ་པའི་སློབ་གསོ་སྒྲུབ་པར་དམིགས་ནས་སློབ་གསོ་དམིགས་སུ་བཀར་ནས་སྔོན་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་སྟེང་ཐོག་མར་སློབ་གསོ་བཅོས་སྒྱུར་སྔོན་དུ་སྤེལ་བར་སྐུལ་འདེད་བྱས་པ་དང་། འགན་སྲུང་གི་ཕྱོགས་ནས་ཐོག་མར་སློབ་གསོ་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ། མ་དངུལ་གཏོང་བའི་ནུས་ཚད་ཆེ་རུ་བཏང་ནས་ཐོན་ཁུངས་སྒྲིག་བཀོད་ལེགས་སྒྱུར་བྱས་ཞིང་། ཧུར་ཐག་སྒོས་སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་བཏང་ནས་སློབ་གསོའི་ལས་རིགས་རྒྱུན་མཐུད་དང་། སྐྱོན་བྲལ། མགྱོགས་མྱུར། མཐུན་འགྲིག་ངང་གོང་དུ་འཕེལ་བའི་རྣམ་པ་གསར་རྐྱང་ཞིག་སྐྲུན་ཡོད་ཅིང་། མ་འོངས་བར་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སློབ་གསོ་སྡེ་ཚན་གྱིས་སྤུས་ཚད་ལྟེ་བར་འཛིན་པའི་སློབ་གསོའི་འཕེལ་རྒྱས་ཀྱི་ལྟ་བ་བརྟན་པོ་ཞིག་བཙུགས་ནས་བློ་བརྟན་འགྱུར་མེད་གྱིས་སློབ་གསོའི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་དུ་བཏང་སྟེ་སློབ་གསོའི་གསར་གཏོད་དང་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད་བའི་ལམ་ལུགས་ཀྱི་བཀག་རྒྱ་གཙང་སེལ་བྱེད་པར་ནུས་ཤུགས་ཡོད་དགུ་བཏོན་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་སློབ་གསོའི་ཆོས་ཉིད་མཐུན་པ་དང་། ཤེས་ལྡན་པ་འཚར་ལོངས་ཡོང་བའི་ཆོས་ཉིད་དང་སྔར་བས་འཚམས་པ། དེ་ལྟར་བྱས་ནས་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་ཐུབ་པ།  མེས་རྒྱལ་གྱི་རྒྱུད་འཛིན་པ་དག་ལ་གཅེས་སྐྱོང་བྱས་ཏེ་འཚར་ལོངས་བྱུང་དུ་འཇིག་པ་ནི་མི་དམངས་སློབ་གསོའི་མཆོག་ཏུ་གྱུར་པའི་ལས་འགན་ཞིག་ཡིན་པས་ངེས་པར་དུ་ཉམས་སད་ཐེག་ཐུབ་པའི་དགེ་རྒན་གྱི་དཔུང་སྡེ་ཞིག་བསྐྲུན་དགོས།
            ཁུལ་སློབ་གསོ་ཅུའུ་དང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། རྫོང་དང་གྲོང་ཁྱེར་ཁག་གིས་ལས་བགོས་འགན་གཉེར་བ། སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་། གཟེངས་བསྟོད་ཐོབ་མཁན་གྱི་སྔོན་ཐོན་ཚོགས་ཁག་དང་སྔོན་ཐོན་མི་སྒེར་གྱི་འཐུས་ཚབ་པ། གཙོས་ས་ཁུལ་གྱི་དགེ་སློབ་ཀྱི་འཐུས་ཚབ་པ800ལྷག་ཙམ་ཚོགས་འདུར་ཞུགས་ཡོད། །
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716