སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲང་ཀའོ་ལིས་ཀྱིས་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོར་ཐུག་འཕྲད་བྱས་པར་མ་ཟད་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་ས་གནས་མཉམ་ལས་གླེང་སྟེགས་སུ་ཞུགས
སྤེལ་དུས། 2017-09-12   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  མཁའ་མཚོ་སྐྱིད།
          ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཀོང་ཞི་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་མཱ་མེན་ལ་ཐུག་འཕྲད་བྱས།

          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་གཅིག་ཉིན་ཀོང་ཞི་ནན་ཉིན་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འགྲེམ་སྟོན་ཚོགས་འདུ་སྐབས་བཅུ་བཞི་བ་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་ཚོང་དོན་དངུལ་གཏོང་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་མཱ་མེན་ལ་ཐུག་འཕྲད་བྱས།

          ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ཀྲུང་གོས་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཉེ་བའི་ལོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ན་ཀྲ་ཨར་པ་ཡེ་ཧྥུའུ་གཉིས་ཀྱིས་ལོ་རེའི་ནང་ཐུག་འཕྲད་ཐེངས་མང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཇུས་འགོད་བྱས་པར་མ་ཟད། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དངོས་གཉེར་མཉམ་ལས་ཁྲོད་ཀྱི་གནད་དོན་དུས་ཐོག་ཏུ་གྲོས་མོལ་དང་ཐག་གཅོད་བྱེད་དགོས་ལ། དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དངུལ་གཏོང་ཉོ་ཚོང་སྟབས་བདེ་ཅན་དུ་སྒྱུར་བའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

          མཱ་མེན་གྱིས་བཤད་རྒྱུར། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཧ་སག་སི་ཐན་གྱི་འོད་ཟེར་བགྲོད་ལམ་ཞེས་པའི་དཔལ་འབྱོར་སྲིད་ཇུས་དང་འཐབ་ཇུས་གསར་བ་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱིས་ས་གནས་དང་དཔལ་འབྱོར་ཉོ་ཚོང་། ཐོན་ནུས། འགྲིམ་འགྲུལ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
          ཐུག་འཕྲད་བྱས་རྗེས། ཀྲུང་ཀའོ་ལིས་དང་མཱ་མེན་གཉིས་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་ས་གནས་མཉམ་ལས་གླེང་སྟེགས་སྐབས་དང་པོར་ཞུགས་པར་མ་ཟད་ཞུགས་ཚིགས་ཕུལ།  །

 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716