སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ལོ་ངོ་30རིང་གི་གྲུབ་འབྲས།
སྤེལ་དུས། 2017-09-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཀླུ་མོ་སྒྲོལ་མ།

ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་༼   གཤམ་ནས་མཐོ་རིམ་ནང་བསྟན་སློབ་གླིང་ཞེས་བྲི་བར་བྱ ༽  ནི1987ལོའི་ཟླ9པའི་ཚེས1ཉིན་བཙུགས་ཤིང་། སྐབས་དེའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པའི་འགན་ཁུར་ཡོད་པའི་པཎ་ཆེན་རིན་པོ་མཆོག་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྔོན་མ་ཀྲའོ་ཕུའུ་ཁྲུའུ་གཉིས་ཀྱིས་རེ་ཞུ་བྱས་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་པ་བརྒྱུད། པེ་ཅིང་གི་དགོན་སེར་ནུབ་མ་རུ་ཚུགས་པ་ཡིན།

མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ཚུན་ནས། དུས་དང་རྣམ་པ་ཀུན་དུ་ཀྲུང་དབྱང་མགོ་ཁྲིད་ཀྱི་གཙིགས་མཐོང་དང་ཐུགས་ཁུར་རྒྱ་ཆེན་པོ་གནང་ཡོད་དེ། ཏིན་དབྱིན་ཁྲའོ་དང་ཞི་ཀྲུང་ཞོན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་རྣམས་སྐུ་དངོས་སུ་སློབ་གླིང་བཙུགས་པའི་མཛད་སྒོར་ཞུགས་ཤིང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་དངོས་སུ་སློབ་མ་རྣམས་ལ་སློབ་ཁྲིད་གནང་པ་དང་། གཞན་ཡང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་སློབ་གླིང་དང་མཐོ་རམས་པའི་བསླབ་གནས་གནངས་པའི་ལས་ཁུངས་ཉག་ཅིག་ཡིན།  ལོ་ངོ་30རིང་། མཐོ་རིམ་ནང་བསྟན་སློབ་གླིང་གིས་དཀའ་སྤྱད་འབད་འཐབ་ཁྲོད་གསར་གཏོད་དང་། བློ་བརྟན་སྡུག་རུས་ཁྲོད་འཕེལ་རྒྱས་ཡོང་བར་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་སྤུས་ཚད་མཐོ་བའི་གྲྭ་བཙུན་གསོ་སྐྱོང་དང་སློབ་གླིང་གི་ཕྱི་ནང་གཉིས་ཀྱི་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། གྲུབ་འབྲས་ཡང་མི་དམན་པ་ཐོབ་ཡོད།


ཟླ་9བའི་ཚེས་8ཉིན། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན།

གྲུབ་འབྲས་དང་པོ།  བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་གསོ་སྐྱོང་གི་རྣམ་པ་གསར་བ་གཏོད་པ།

མཐོ་རིམ་ནང་བསྟན་སློབ་གླིང་གིས་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཆེན་པོ་གཉིས་བརྒྱུད་ཡོད་དེ། གཅིག་ནི་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་པ་དེས། བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་གསོ་སྐྱོང་གི་ལམ་ལུགས་དེ་སྲོལ་རྒྱུན་གྱི་ཆོས་རའི་རྣམ་པ་ནས་དེང་རབས་སློབ་གླིང་གི་རྣམ་པའི་སློབ་གསོར་བསྒྱུར་བ་མཚོན་ཞིང་། དེས་བོད་བརྒྱུད་ནང་བསྟན་གྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད་པ་མ་ཟད།  དེང་རབས་སློབ་གསོའི་ཐབས་ལམ་གསར་བ་ཡང་བསྡུ་ལེན་བྱས་ཡོད།  གཉིས་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁྲོད་སྔར་བྱུང་མ་མྱོང་ལ། གྲུབ་མཐའ་ཁག་སོ་སོ་འདུས་པའི་མཐོ་རིམ་བསླབ་གནས་ཀྱི་ལམ་ལུགས་དེ་2004ལོར་བཙུགས་ཤིང་ལག་བསྟར་བྱས་པ་དེས།  བོད་བརྒྱུད་ནང་བསྟན་སློབ་གསོ་དེ་ཚད་ལྡན་དང་གཅིག་གྱུར་ཡིན་པའི་བསླབ་གནས་རྣམ་པའི་སློབ་གསོའི་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད།

ད་ལོའི་ཟླ་བརྒྱད་པ་བར་དུ། མཐོ་རིམ་ནང་བསྟན་སློབ་གླིང་གིས་བསྡོམས་པས་སློབ་མའི་ཐེངས་གྲངས་1000ལྷག་གསོ་སྐྱོང་བྱས་ཤིང་། དེའི་ཁྲོད་མཐོ་རམས་པ་148དང་། འབྲིང་རམས་པ་150ལྷག་ཡོད།


2017ལོའི་ཟླ་5པར། མཐོ་རམས་པ་དང་འབྲིང་རམས་པའི་བསླབ་གནས་བསྩོལ་བ་དང་། དགེ་རྒན་ཆེན་མོའི་དཔང་ཡིག་གནང་བའི་མཛད་སྒོའི་ཡུལ་དངོས། 

གྲུབ་འབྲས་གཉིས་པ། བོད་བརྒྱུད་ནང་བསྟན་གྱི་བསླབ་གནས་ལམ་ལུགས་གསར་བ་བཙུགས་པ།

2004ལོ་ནས་བཟུང་། མཐོ་རིམ་ནང་བསྟན་སློབ་གླིང་གིས་མཐོ་རིམ་བསླབ་གནས་ལམ་ལུགས་གསར་འཛུགས་དང་ལག་བསྟར་བྱེད་པ་གཙོ་གནད་དུ་བཟུང་ནས། ཐོག་མའི་སྐབས་ཀྱི་ལོ་རེ་ལ་སློབ་ཡུན་ལོ་གཅིག་དང་སློབ་མ་11ཡོད་པའི་འཛིན་གྲྭ་རེ་བསྡུ་བ་ནས། སློབ་ཡུན་ལོ་གཉིས་དང་སློབ་མ་26ཡོད་པའི་འཛིན་གྲྭ་རེ་བསྡུ་བར་བསྒྱུར་པ་དང་། མཐར་ད་སྐབས་ཀྱི་སློབ་ཡུན་ལོ་གསུམ་དང་སློབ་མ་39ཡོད་པའི་འཛིན་གྲྭ་རེ་བསྡུ་བའི་རྣམ་པ་གྲུབ་ཡོད།  ལོ་ངོ་14ཡི་འཚོལ་ཞིབ་དང་ལག་ལེན་བརྒྱུད། རིམ་བཞིན་མཐོ་རིམ་བསླབ་གནས་འཛིན་གྲྭའི་སློབ་མ་བསྡུ་བ་དང་། སློབ་ཁྲིད། བསླབ་གནས་བསྩོལ་བ་བཅས་ཀྱི་བྱ་བ་རྒྱུན་ལྡན་ཅན་དུ་གྲུབ་ཡོད།

མཐོ་རིམ་ནང་བསྟན་སློབ་གླིང་གི་བསླབ་གནས་བསྩོལ་བའི་ཉམས་མྱོང་གཞི་བྱས་ཏེ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས་བོད་བརྒྱུད་ནང་བསྟན་བསླབ་གནས་བསྩོལ་བའི་བྱ་ཐབས ཚོད་ལྟ)》ཞེས་པ་གཏན་ཁེལ་དང་ཁྱབ་བསྒྲགས་བྱས་ཤིང་།  བོད་བརྒྱུད་ནང་བསྟན་སློབ་གླིང་སོ་སོའི་བསླབ་གནས་བསྩོལ་བའི་རྩ་བའི་གཞི་འཛིན་སར་གྱུར་ཡོད། དགོན་པའི་དཔེ་ཆ་བ་དང་། ཞིང་ཆེན་རིམ་པའི་ནང་བསྟན་སློབ་གླིང་། མཐོ་རིམ་ནང་བསྟན་སློབ་གླིང་བཅས་རིམ་འཕར་གྱི་རྣམ་པའི་གསོ་སྐྱོང་གི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད། མིག་སྔར་འབྲི་བཞིན་པའི་བོད་བརྒྱུད་ནང་བསྟན་གྱི་བསླབ་གནས་བསྩོལ་བའི་བྱ་ཐབས་གྱི་ཞིབ་ཕྲའི་ལག་ལེན

ཞེས་པ་དེས། རིམ་གསུམ་བསླབ་གནས་གསོ་སྐྱོང་མ་ལག་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་པ་ཡིན།


2017ལོའི་བསླབ་གནས་དཔྱད་འདེམས་རྒྱུགས་ལེན་གྱི་རྩོད་རྒྱུགས་ལེན་པའི་ཡུལ་དངོས།

གྲུབ་འབྲས་གསུམ་པ།  དགེ་རྒན་ཆེན་མོ་དཔྱད་འདེམས་བསྐོ་བཞག་གི་ལམ་ལུགས་གསར་འཛུགས་བྱས་པ།

མཐོ་རིམ་ནང་བསྟན་སློབ་གླིང་གིས་གསར་བཟོ་མཛད་པའི་དེང་རབས་བསླབ་གནས་སློབ་གསོའི་དགོས་མཁོ་དང་འཚམ་པའི་ཆོས་ལུགས་སློབ་ཁྲིད་ཀྱི་དགེ་རྒན་ཆེན་མོ་གདན་ཞུ་བྱེད་པའི་ལམ་ལུགས་ནི། བསླབ་གནས་ལམ་ལུགས་གསར་བའི་གྲུབ་ཆ་གལ་ཆེན་ཡིན་ཞིང་། བསླབ་གནས་མ་ལག་འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་བཏོན་ནས་རིམ་གསུམ་བསླབ་གནས་ལམ་ལུགས་ཀྱི་སློབ་ཁྲིད་དགོས་མཁོ་བསྐངས་ཡོད།

2011ལོར། སློབ་གླིང་གིས་མཐོ་རིམ་བསླབ་གནས་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱི་རྨང་གཞིའི་ཐོག་དགེ་རྒན་རྒན་ཆེན་མོའི་ཐོབ་ཐང་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་བཙུགས་ནས།  བོད་སྐད་ཚན་པའི་ནང་བསྟན་སློབ་གླིང་ནས་མགོ་བརྩམས་དེ་དགེ་རྒན་ཆེན་མོ་དཔྱད་འདེམས་བྱས་ཤིང་། ལོ་གཉིས་རེར་དགེ་རྒན་དཔྱད་འདེམས་ཐེངས་རེ་བྱེད་པའི་བྱ་བའི་ལས་གཞི་གྲུབ། དེ་སྔོན་དགེ་རྒན་དཔྱད་འདེམས་བྱ་བ་སྐབས་བཞི་སྤེལ་བ་དང་། འཇམ་དབྱངས་རྒྱ་མཚོ་དང་བཀའ་ཆེན་བློ་བཟང་ཕུན་ཚོགས་གཉིས་ཁྱད་རིམ་དགེ་རྒན་ཆེན་མོ་ལ་བསྐོས་ཞིང་། རིམ་པ་དང་པོ་དང་གཉིས་པའི་དགེ་རྒན་ཆེན་མོ་90བདམས་ནས། ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་ཞིག་བཙུགས་ཡོད། བཟོ་བཅོས་འཐུས་ཚང་བཏང་བའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་དཔྱད་འདེམས་དང་བསྐོ་བཞག་དཔྱད་ཞིབ་དོ་དམ་བྱ་ཐབསཚོད་ལྟ)》 ཞེས་པ་ཡིས་དགེ་རྒན་ཆེན་མོའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། དགེ་རྒན་ཆེན་མོའི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བར་ལམ་ལུགས་གྱི་རྒྱབ་རྩ་སྤྲད་ཡོད།

གྲུབ་འབྲས་བཞི་བ།  བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་གྱི་ལམ་གསར་བ་འཚོལ་ཞིབ་དང་གསར་གཏོད་གནང་བ།

བོད་བརྒྱུད་ནང་བསྟན་་དང་སྤྱི་ཚོགས་སྟེང་གི་བྱ་བ་ཚ་ཤོས་ཟུང་འབྲེལ་བྱས་ནས། 2011ལོ་ནས་བཟུང་རྒྱལ་ཁའི་ངང་བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་བྱ་བའི་གྲོས་ཞིབ་ཚོགས་འདུ་ཐེངས་དྲུག་སྤེལ་ཞིང་། ཆོས་དོན་དགོངས་འགྲེལ་བྱ་བའི་ལས་གཞི་བཙུགས་པ་དང་། མཐོ་རམས་པ་དང་དགེ་རྒན་ཆེན་མོ་གཙོ་བོ་བྱས་པའི། དུས་རབས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཆོས་དོན་དགོངས་འགྲེལ་དང་དཔེ་ཆ་རྩོམ་ཐུབ་པའི་ཕུལ་དུ་བྱུང་བའི་གྲྭ་བཙུན་གྱི་དཔུང་སྡེ་ཞིག་བཙུགས་ཡོད།

2013ལོའི་གྲོས་ཞིབ་ཚོགས་འདུའི་སྐབས་ཚེ་སྲོག་ལ་གཅེས་སྤྲས་ཞེས་པའི་ཆེད་རྩོམ་བསྒྲིགས་གནང་མཛད་པ་དང་། 2015ལོའི་གྲོས་ཞིབ་ཚོགས་འདུའི་སྐབས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཕེབས་གནང་མཛད་ཅིང་། བོད་བརྒྱུད་ནང་བསྟན་གྱི་དགེ་སྒྲུབ་སྡིག་སྤོང་དང་འདྲ་མཉམ་བཟོད་སྒོམ། དབུལ་སྐྱོབ་དཀའ་སེལ་སོགས་བསམ་བློ་བཟང་པོ་རྣམས་དར་སྤེལ་གཏོང་དགོས་ཞེས་པའི་གཏམ་བཤད་གནང་བ་ལ་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་དགའ་བསུ་ཆེན་པོ་ཐོབ།

2013ལོར་དགོན་སེར་ནུབ་མའི་དཔྱད་གླེང་ཚོགས་འདུ་བསྡུས་ཤིང་། རྒྱལ་ཁའི་ངང་སྐབས་གསུམ་སྤེལ་བ་ཡིན། དཔྱད་གླེང་ཚོགས་འདུ་སྐབས་གཉིས་པའི་སྟེང་སྤྱི་ཚོགས་ཁྲོད་ཀྱི་སྤྲུལ་སྐུ་རྫུན་མའི་གནད་དོན་ལ་དམིགས་ནས། ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་གྱི་ནང་ལོག་ནས་ཆོས་སྤེལ་བའི་བྱ་འགུལ་ལ་དོ་དམ་བྱེད་པའི་གྲོས་གཞི་བཏོན་པ་ལ་མཐའ་གཅིག་ཏུ་མོས་མཐུན་བྱུང་ཞིང་གསར་འགྱུར་སྨྱན་བྱེད་སྡེ་ཁག་གི་དོ་སྣང་ཆེན་པོ་བྱས།

གྲུབ་འབྲས་ལྔ་བ།  བསླབ་གནས་རིམ་པ་གསུམ་གྱི་སློབ་དེབ་མ་ལག་བཙུགས་པ།

ཀྲུང་དབྱང་ལ་ཡར་ཞུ་བྱས་སྟེ་ཆོག་མཆན་བཀོད་རྗེས། བོད་བརྒྱུད་ནང་བསྟན་གྱི་བསླབ་གནས་རིམ་པ་གསུམ་གྱི་སློབ་དེབ་མ་ལག་གི་འཛུགས་བསྐྲུན་རྣམ་གྲངས་སྒྲིག་བཟོ་བྱས་པ་དེར། བོད་བརྒྱུད་ནང་བསྟན་གྱི་འབྲེལ་ཡོད་མི་སྣའི་དགའ་བསུ་ཐོབ་པ་དང་། རྒྱལ་ཁབ་ཀྱིས་གཅིག་གྱུར་ངང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོར་གཞུང་བཀའ་པོད་ལྔའི་སློབ་དེབ་བསྡུ་སྒྲིག་བྱས་པ་དེ་ནི་དགེ་སྦྱོར་གྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པར་བསྟན།

མིག་སྔར། མཐོ་རིམ་ནང་བསྟན་སློབ་གླིང་གིས་སྣེ་ཁྲིད་དེ་བཙུགས་པའི་བོད་བརྒྱུད་ནང་བསྟན་གྱི་བསླབ་གནས་རིམ་པ་གསུམ་གྱི་སློབ་དེབ་རྩོམ་སྒྲིག་ཨུ་ཡོན་ཚོགས་མིར་སློབ་གླིང་རང་ཁོ་ན་མ་ཟད། ལྗོངས་ཞིང་ལྔའི་ནང་བསྟན་སློབ་གླིང་གི་མི་སྣའང་ ཡོད་ལ། བསླབ་གནས་རིམ་པ་གསུམ་གྱི་སློབ་དེབ་རྩོམ་པའི་སྤྱིའི་ཇུས་གཞི་དང་བསླབ་གནས་རིམ་པ་གསུམ་གྱི་ཆེད་ལས་སློབ་ཚན་གྱི་སློབ་དེབ་སྒྲིག་ཐབས་གཉིས་སྒྲིག་བཟོ་དང་།

དེར་མཐུན་གྱི་གཞུང་ལས་ཁང་དང་ལས་ཀའི་ཚོ་ཆུང་བཙུགས་ནས། རྩ་འཛུགས་དང་འཆར་གཞི།     རིམ་པ་བཅས་ཡོད་པའི་སྒོ་ནས་མཐོ་སློབ་དང་ལས་ཁུངས་ཁག་དྲུག་གི་སློབ་དཔོན་ཆེན་མོ་20ལྷག་རྩ་འཛུགས་བྱས་ནས་སྤྱི་པའི་སློབ་ཚན་གྱི་སློབ་དེབ་སྒྲིག་བཟོ་དང་། ཆེད་མཁས་པ་60ལྷག་གདན་དྲངས་ནས་ཞིབ་དཔྱད་བྱེད་པ།    ཆོས་ལུགས་མི་སྣ་400ལྷག་གིས་ཆོས་ལུགས་སློབ་ཚན་གྱི་སློབ་དེབ་སྒྲིག་བཟོ་བྱས་པ་དང་། གྲུབ་མཐའ་སོ་སོའི་  དགེ་བཤེས་དང་མཁན་པོ་གྲགས་ཅན་40ལྷག་ཡང་འཕྲིན་ལས་འདིར་ཞུགས་པ་རེད།

 

གྲུབ་འབྲས་དྲུག་པ། ཐུན་མོང་མ་ཡིན་པའི་སློབ་ཁྲིད་བྱེད་སྟངས།

              ཆོས་ལུགས་སློབ་ཚན་ལ་བོད་བརྒྱུད་ནང་བསྟན་གྱི་གཞུང་བཀའ་པོད་ལྔ་གཙོར་འཛིན་པ་དང་། གྲུབ་མཐའ་སོ་སོའི་སྒྲུབ་སྦྱོང་བྱེད་ཐབས་འདྲ་མིན་ལ་དམིགས་ནས་གྲུབ་མཐའ་དགར་ནས་སློབ་ཁྲིད་བྱེད་ཐབས་དང་། སོ་སོའི་གྲུབ་མཐའི་བསྟན་བཅོས་ལ་བློ་སྦྱོང་བྱེད་རྒྱུར་གཏན་འཁེལ་བྱས་ཡོད་པ་རེད།

 

              སྤྱི་པའི་སློབ་ཚན་ལ་སློབ་གླིང་གི་སྐབས་དོན་ཆབ་སྲིད་གཙོ་གནད་དུ་བཟུང་ནས། དགེ་རྒན་གྱི་སློབ་ཁྲིད་དང་སློབ་མའི་གྲོས་བསྡུར། ཆེད་མཁས་པས་དོགས་གནད་སེལ་བ་བཅས་ཟུང་འབྲེལ་བྱས་པའི་གཅིག་ལན་གཅིག་འཇལ་གྱི་སློབ་ཁྲིད་བྱ་ཐབས་ལག་བསྟར་བྱས་ཡོད་པ་རེད། དེར་མ་ཟད་རང་མོས་སྒོས་གདམ་ཀ་དང་འཛིན་གྲྭ་བགོས་ནས་འཆད་ཁྲིད་གནང་བའི་འདེམས་སྦྱོང་སློབ་ཚན་དུ་མ་ཕྱེ་ནས། རིམ་པ་དང་རྨང་གཞི་མི་འདྲ་བའི་སློབ་མའི་དགོས་མཁོ་བསྐང་ཡོད་པ་རེད། ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་པའིམཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་ཁྲིད་བྱེད་སྟངསའདིར་ནང་བསྟན་སློབ་གླིང་གཞན་དག་གིས་ཀྱང་ཁ་མིག་ཡར་ལྟ་བྱེད་བཞིན་ཡོད་པ་རེད།

 

མཐོ་རིམ་ནང་བསྟན་སློབ་གླིང་གི་འཐུས་ཚབ་ཚོགས་པས་ཐེ་ལན་དང་ཀྲུང་གོའི་ ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པའི་སྤྱི་ཁྱབ་ལྷན་ཚོགས་ལ་འཚམས་འདྲིར་བསྐྱོད་པ།


ལོ་ངོ་30རིང་། མཐོ་རིམ་ནང་བསྟན་སློབ་གླིང་གིས་རྒྱུན་མཐུད་དུ་སློབ་གླིང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་བཞིན་ཡོད་དེ། སློབ་གླིང་གི་རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་ཆས། སློབ་སྦྱོང་གི་ཁོར་ཡུག་སོགས་དངོས་པོའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱས་ཡོད། ཉི་འོད་ཐོག་ཁང་ལས་གཞི་དང་ཤར་ལམ་སྒྲིག་བཀོད་ལས་གཞི་འཛུགས་སྐྲུན། དགེ་རྒན་ཆེན་མོའི་མལ་ཁང་22དང་། གཞན་ཡང་དགོན་སེར་ནུབ་མའི་ཞིག་གསོའི་ལས་གཞི་དང་བོད་བརྒྱུད་ནང་བསྟན་རིག་གནས་རྟེན་མཛོད་ཁང་བཅས་ཚང་མ་ལེགས་འགྲུབ་བྱུང་ཡོད་ལ། ཕལ་ཆེར་སློབ་ཁྲིད་ཁུལ་དང་གཞུང་ལས་ཁུལ། རྟེན་མཛོད་ཁང་ཁུལ་བཅས་སྒེ་ཚུགས་དང་མཉམ་འདྲེས་ལྷན་གཅིག་ཏུ་གནས་པའི་ལུགས་མཐུན་གྱི་རྣམ་པ་ཞིག་གྲུབ་ཡོད། 

Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716