སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཆབ་མདོ་ནས་ལོ་2000ཙམ་སོང་བའི་རྡོའི་པུར་སྒམ་གྱི་དུར་ས་རྙེད་པ།
སྤེལ་དུས། 2017-11-14   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་སྟོབས་ལགས།
          ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ(གཤམ་དུ་རིག་དངོས་ཞིབ་འཇུག་སུའོ་ཞེས་བསྡུ་རྒྱུ)ཡིས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ནས་ད་བར་ལོ་2000ཙམ་སོང་བའི་རྡོའི་པུར་སྒམ་གྱི་དུར་ས་ཞིག་རྙེད་པ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་པ་རེད།
          ཞིབ་འཇུག་སུའོ་དེས་ཡོངས་བསྒྲགས་བྱས་པར་གཞིགས་ན། རྡོའི་པུར་སྒམ་གྱི་དུར་ས་དེ་འཇོ་མདའ་རྫོང་སྲིབ་མདའ་ཤང་ཁོངས་གཏོགས་ཀྱི་ནའེ་རུའོ་རི་བོར་གནས་པ་དང་ས་བབ་མཐོ་ཚད་སྨི་3893ཟིན་པ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་དང་བར་ཐག་ཉེ་པོ་ཡོད། ས་གནས་དེ་གའི་མི་སེར་གྱིས་ས་བརྐོ་སྐབས་རྡོའི་པུར་སྒམ་གྱི་དུར་ས་5རྙེད་པ་རེད།
          ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པར་གཞིགས་ན། དུར་ས་5པོ་དེ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་རིམ་བཞིན་ཆགས་ཡོད་པ་དང་། ཁ་བྱང་དུ་གཏད་ཡོད་ཅིང་། ལྷག་རོར་ལུས་པའི་རྡོའི་པུར་སྒམ་2ཕྱིར་དོན་ཡོད་པ་དང་གཞན་3སས་བཀབ་སྟེ་ཆ་ཚང་མཐོང་རྒྱུ་མེད་པར་གྱུར་ཡོད།
          གནའ་རྫས་རྟོག་ཞིབ་མ་བྱས་གོང་ས་གནས་དེ་གའི་མང་ཚོགས་ཀྱིས་བརྗོད་པར་གཞིགས་ན། དུར་སའི་ནང་མིའི་ཀེང་རུས་ཆ་ཚང་བ་མཐོང་རྒྱུ་མེད་ལ་དུར་ས་4ཡི་ནང་མཉམ་དུ་སྦས་པའི་རྫ་ཆས་5ཡོད་པ་རེད། ཁྲེན་ཙུའུ་ཆུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དུར་ས་གནས་སའི་རི་འདེབས་ཀྱི་ས་དབྱིབས་ལ་བརྟག་དཔྱད་བྱས་པ་ལས་ད་དུང་དུར་ས་གཞན་ཡོད་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། མིག་སྔར་དུར་ས་5ས་གནས་དེ་གའི་གྲོང་མིས་ས་སྦས་བཏང་ཟིན་པ་དང་དུར་ས་གསར་པ་གཞན་རྙེད་མེད་པ་རེད།
          ཞིབ་འཇུག་མི་སྣས་ས་ཁོངས་དེའི་རྡོའི་པུར་སྒམ་གྱི་དུར་ས་ལྷག་འཕྲོ་ལུས་སར་འཆར་གཞི་དང་གོ་རིམ་ལྡན་པའི་ངང་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་སྔོག་འདོན་བྱས་པ་དང་ཆབས་ཅིག ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་ཡིན་པ་དེས་ས་ཁོངས་དེའི་སྔ་དུས་ཀྱི་རིག་གནས་ཀྱི་རྣམ་པ་ཕྱིར་མངོན་རྒྱུར་ཐད་ཀར་དང་ཞིབ་ཕྲའི་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་ཐུབ་ངེས་ཡིན་པའི་ངོས་འཛིན་བྱས་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716